མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་རིག་གིས་སྤྱི་ཚོཊ་ལ་ཤུགས་རྐྱེན་སྤྲོད་མི་ཐུབ་དོན་ཅི་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་རྒན་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱི་རྩོམ་རིག་ལ་འཇུག་ཚུལ་སྐོར་གྱི་དཔེ་དེབ་གཉིས་དབུ་འབྱེད་གནང་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་སྤྱི་ཟུར་རྩོམ་པ་པོ་བེ་རི་འཇིགས་མེད་དབང་རྒྱལ་ལགས་ ཀྱི་རྩོམ་རིག་དེབ་གསར་༼བོད་ཀྱི་རྩོམ་ཡིག་འཇུག་སྒོ༽དང་༼བོད་ཀྱི་རྩོམ་རིག་སྤྱི་བཤད༽ཅེས་པ་གཉིས་དབུ་འབྱེད་གནང་སོང་། དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་གཙོས་སྤྱི་འཐུས་ཁག་ཅིག་དང་། དེ་བཞིན་ཨ་མྱེ་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་སོགས་མཁས་པ་དང་རྩོམ་པ་པོ་སོགས་མི་ ༢༠ ཙམ་འདུ་འཛོམས་བྱུང་འདུག

བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་རྩོམ་རིག་དེབ་གསར་གཉིས་ཀྱི་དགོས་དམིགས་སོགས་གསུང་སྐབས། ལོ་རྒྱུས་ཁྲོད་སྒྱུ་རྩལ་རྩོམ་རིག་གི་ཐོག་ནས་མིའི་སེམས་ཁམས་ཁ་ལོ་བསྒྱུར་ཐུབ་པ་དང་། རྒྱལ་ཁབ་ཁ་ལོ་བསྒྱུར་ཐུབ་པ། སྤྱི་ཚོགས་ཁ་ལོ་བསྒྱུར་ཐུབ་པའི་ནུས་པ་མང་པོ་བྱུང་གི་ཡོད་པ་དང་། ནུས་པ་དེའི་རྒྱུན་མུ་མཐུད་ནས་ཡོང་དང་ཡོང་བཞིན་པ་རེད། སྤྱི་ཚོགས་ལ་ཞབས་ཞུའི་ནུས་པ་ཆེན་པོ་འདོན་ཐུབ་པའི་ཆ་རྐྱེན་ཡག་ཤོས་དེ་རྩོམ་རིག་ལ་ཡོད་པ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་རེད། ཡིན་ནའང་། བོད་པའི་སྤྱི་ཚོགས་དང་ལྷག་པར་དུ་བཙན་བྱོལ་ནང་རྩོམ་རིག་གི་ཐོག་ནས་དེབ་འབྲི་མཁན་ཡོད་པ་ཙམ་མ་གཏོགས། དེབ་དེ་བཀླགས་ནས་སྤྱི་ཚོགས་ནང་ཤུགས་རྐྱེན་ཐེབས་ཏེ་ཡར་རྒྱས་དང་བསམ་བློའི་ཁ་ཕྱོགས་བསྒྱུར་བ་ཞེ་དྲག་མེད་པའི་ཟོལ་འདྲ་ཞིག་ཚོར་གྱི་ཡོད། གལ་སྲིད་དེ་འདྲ་ཞིག་ཡོད་པར་ཆ་བཞག་ནའང་། ཚིག་ཁ་ཤས་ཤིག་གི་རྒྱབ་ལོགས་སུ་དོགས་འདྲོག་ཆེན་པོ་བྱས་ཏེ་ཟིང་ཆ་བསླངས་སོང་བ་ཞིག་མ་གཏོགས། རྩོམ་རིག་གི་ཡང་དག་པའི་ལམ་ལ་ཐོན་འགྲོ་བའི་ལོ་རྒྱུས་དང་བརྒྱུད་རིམ་མ་རག་པ་འདྲ་བོ་ཞིག་ཚོར་གྱི་ཡོད། རྩོམ་རིག་གི་ཐོག་ནས་མིའི་བསམ་བློའི་ཁ་ཕྱོགས་བསྒྱུར་ཐུབ་པ་དང་སྤྱི་ཚོགས་ཀྱི་ཁ་ལོ་བསྒྱུར་ཐུབ་པ། རྩོམ་རིག་གི་ནུས་པར་བརྟེན་ནས་སྤྱི་ཚོགས་འཕེལ་ཕྱོགས་ཐོག་ཕན་ནུས་ཐོན་དགོས་ཀྱི་ཡོད་ན། ཐོག་མར་རྩོམ་རིག་གི་ཐོག་ལ་བག་ཆགས་ངེས་ཅན་ཞིག་དགོས་ཀྱི་འདུག བག་ཆགས་དེ་སོ་སོར་མེད་པ་ཡིན་ནའང་རྩོམ་རིག་ཐོག་བག་ཆགས་ཡོད་མཁན་ཚོའི་རྩོམ་རིག་ལ་ནུས་པ་དང་ཕན་ཐོགས། དགེ་མཚན་ཞིག་ཡོད་པ་རེད་བསམ་པའི་ཚོར་སྣང་བསླེབ་ཐུབ་པ་ཞིག་གཏན་གཏན་དགོས་ཀྱི་འདུག དེ་འདྲ་ཞིག་དགོས་ན་རྩོམ་བྲིས་པ་ཙམ་གྱིས་མི་ཕན་པར་རྩོམ་རིག་གི་རྒྱབ་ལྗོངས་ དང་ལོ་རྒྱུས། ཕན་ཡོན། ནུས་པ་སོགས་ངོ་སྤྲོད་བྱེད་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། ཅེས་དང་། ཁོང་གིས་ད་ལྟའི་བར་དེབ་ ༢༢ བྲིས་ཡོད་ཀྱང་། སྒེར་ངོས་ནས་དེབ་དབུ་འབྱེད་བྱས་པ་ཐོག་མ་ཡིན་ལ།  དེབ་དབུ་འབྱེད་ཀྱི་མཛད་སྒོ་བསྡུས་པ་ཡིན་ན། མི་མང་པོ་ཞིག་གི་དོ་སྣང་བསླེབ་པར་ཕན་ཐོགས་དང་ཁྱད་པར་ཞིག་ཡོང་གི་རེད་བསམ་པ་མ་གཏོགས། དེབ་གཉིས་བྲིས་པ་དེས་སྤྱི་ཚོགས་ཁ་ལོ་བསྒྱུར་ཐུབ་པ་དང་རྒྱལ་ཁབ་བསྐྱར་གསོ་བྱེད་ཐུབ་པ་ལྟ་བུའི་བསམ་བློ་དང་རེ་བ་ཆེན་པོ་གང་ཡང་མེད་སྐོར་སོགས་གསུངས་སོང་།

ཡང་མ་འོངས་པར་རྩོམ་རིག་གི་ཕྱོགས་ལ་གོམ་པ་གཉིས་པ་དང་གསུམ་པ་སྤོ་འཆར་ཡོད་པའི་སྐོར་ལ་ཁོང་གིས། €œདེབ་འདི་གཉིས་ཀྱི་ནང་དེ་སྔོན་བགྲོ་གླེང་དང་ཟབ་སྦྱོང་སོགས་སུ་སོང་སྟེ་བྲིས་བའི་རྩོམ་ཡིག་རྣམས་ཕྱོགས་བསྡུས་བྱས་ནས་དཔར་བསྐྲུན་བྱས་པ་མ་གཏོགས། རྩོམ་རིག་གི་དེབ་ཅིག་འདོན་པའི་ཆེད་དུ་གསར་དུ་བརྩམས་པ་གང་ཡང་མ་རེད། མ་འོངས་པར་གོམ་པ་གཉིས་པ་གསུམ་པ་སྤོས་ཏེ་རྩོམ་རིག་གི་བྱུང་རིམ་ལོ་རྒྱུས་དང་ལྟ་གྲུབ། ཕན་ནུས། དེ་བཞིན་ལག་ལེན་སོགས་ཀྱི་ཐོག་ལ་མུ་མཐུད་དེབ་བཟོ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ལ། དེའང་གོ་སྐབས་དང་ཆ་རྐྱེན་ཡག་པོ་ཞིག་གི་ཐོག་ནས་རེ་བ་བྱེད་ཀྱི་ཡོད། €ཅེས་གསུངས་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་མཆོག་གིས། བེ་རི་འཇིགས་མེད་དབང་རྒྱལ་ལགས་ལྟ་བུ་ཡིན་ན། གཞུང་ལུགས་འཆད་ཁྲིད་གནང་སྟེ་སློབ་མ་སྐྱེད་སྲིང་བྱེད་ཐུབ་ཀྱི་ཡོད་ཅིང་། ཁོང་ལྟ་བུ་ང་ཚོའི་སྤྱི་ཚོགས་ནང་གྲངས་ཀ་བརྩི་དགོས་ན་ཉུང་ཉུང་ཆགས་ཡོད་པ་དང་། གཞུང་ལུགས་ཆ་ཚང་བ་ཞིག་འཆད་ཁྲིད་བྱེད་ཐུབ་པའི་རྒྱུན་དེ་གལ་ཆེན་ཏུ་རྩིས་ནས་སློབ་མ་སྐྱེད་སྲིང་བྱེད་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། བོད་པའི་སྤྱི་ཡོངས་ཀྱི་གཞུང་ལུགས་སྣང་མེད་དུ་བཞག་པ་ཡིན་ན། ནམ་ཞིག་གཞུང་ལུགས་ཆ་ཚང་ཞིག་འཆད་ཁྲིད་བྱེད་ཐུབ་མཁན་གྱི་གང་ཟག་ཅིག་འཚོལ་དགོས་ ནའང་མི་རྙེད་པའི་ཉེན་ཁ་ཡོད་སྟབས། དེ་རིགས་ལ་ཚང་མས་དོ་སྣང་བྱེད་གལ་ཆེ་བ་དང་། ལྷག་པར་དུ་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་ཝཱ་ཎཱ་མཐོ་སློབ་དང་འབྲས་སྤུངས་སོགས་སུ་རིག་གཞུང་འཆད་ཁྲིད་གནང་དང་གནང་བཞིན་པ་དེ་བོད་བསྟན་པ་ཆབ་སྲིད་དང་། བྱེ་བྲག་བོད་ཀྱི་རིག་གཞུང་ཉམས་པ་སླར་གསོ་ཡོང་བར་ནུས་པ་ཆེན་པོ་ཐོན་ངེས་པས། མུ་མཐུད་སེམས་ཤུགས་མ་ཆག་པའི་ཐོག་ནས་བོད་པའི་རིག་གཞུང་ལ་ཞབས་འདེགས་ཆེན་པོ་ཞུ་ཐུབ་པའི་རེ་བ་དང་སྨོན་ལམ་རྒྱག་གིན་ཡོད་སྐོར་སོགས་གསུངས་སོང་།

རྩོམ་རིག་དེབ་གསར་གཉིས་ཀྱི་སྔོན་གླེང་གི་མཇུག་ཏུ། རང་གི་རིགས་ལ་ཞེན་པ་དཀར་ཞིང་། རང་གི་སྐད་ཡིག་ལ་དམ་འཛིན་གནང་མཁན་དང་། ལྷག་དོན་བོད་ཀྱི་རྩོམ་རིག་ལ་དོ་སྣང་གནང་མཁན་ཞིག་ཡིན་ཕྱིན་དེབ་ཆུང་འདི་ཚོ་ལ་ངེས་པར་དུ་ཞིབ་གཟིགས་གནང་རོགས། འཛམ་གླིང་ཤར་ནུབ་ཀྱི་རྩོམ་རིག་རིགས་པའི་གཞུང་ལུགས་ནི། ཧ་ཅང་གཞི་རྒྱ་ཆེ་ལ་གཏིང་ཟབ་ལྡན་པའི་རང་བཞིན་ཅན་ཞིག་ཡིན་པ་ལྟར། རང་རེ་བོད་ཀྱི་རྩོམ་རིག་ཀྱང་ལོ་རྒྱུས་ཀྱི་རང་བཞིན་ལྡན་ལ། སྒྱུ་རྩལ་གྱི་ཁྱད་ཆོས་འབུར་བ། རྣམ་གྲངས་ཀྱི་སྤུ་རིས་བཀྲ་བ། མཛེས་རྟོག་གི་ཚོར་འདུ་སླ་བའི་ཁྱད་པར་དུ་མའི་རང་བཞིན་ལྡན་པས། ཞིབ་ཚའི་བཤད་པ་ནི་མི་རིགས་འདིར་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་རྒྱ་གར་དབུས་གཞུང་གིས་མཐུན་འགྱུར་ཆ་ཚང་གནང་བའི་འོག ད་ལྟ་འབྲི་བཞིན་པའི་༼བོད་ཀྱི་རྩོམ་ཡིག་ལོ་རྒྱུས༽ཞེས་པར་གང་ཤེས་ཀྱིས་གསལ་བར་འགོད་འཆར་ལགས་ཤིང་། འདི་ནི་དེ་དག་གི་ཁ་ཕྱོགས་མཛུབ་མོ་རི་སྟོན་ཙམ་ཡིན་པ་ཡང་མཁྱེན་དགོས། ཞེས་བྲིས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. བོད་དགའ། says:
    ལོ་ 12 སྔོན།

    གསརའགོད་པས་གསན་ཚུལ་རྒྱས་བཤད་གནང་བར་བཀའ་དྲིན་ཆེ། གསར་གནས་འདིའི་ནང་ ´´བི་རི“ཞེས་བྲིས་གནང་འདུག འོན་ཀྱང་ཕལ་ཆེར་ནོར་བ་རེད་དྲན། སྔོན་མ་ཡིན་ནའང་རྩོམ་པ་པོ་ཁོང་གིས་´´བེ་རི་“འབྲི་བཞིན་ཡོད། རྒྱུ་མཚན་ནི་ཁམས་བེ་རི་དང་འབྲེལ་བའི་ཆ་ནས་རེད།
    སྤྱིར་མིང་གྲགས་ཡོད་མཁན་ཚོའི་མིང་ནོར་ནས་འབྲི་བ་དེ་ཕྱི་རྒྱལ་བའི་སྤྱི་ཚོགས་ནང་མཚོན་ན་དཔེ་ཐབས་སྡུག་ལ་ལྟ་ཡི་རེད། བསམ་ཚུལ་ཙམ་ཡིན།

    Reply
  2. གནས་ཚང་། says:
    ལོ་ 12 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ་ཡ་རང་རེད། ཡིན་ནའི། རྗེ་བླ་མར་གསུང་པོད༡༨ལས་ཡོད་པ་མ་རེད་ད། སྐུ་རྩེད་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese