མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་འདུའི་ཐོག་ཞི་ཅིན་ཕིན་ལ་བོད་དོན་ཚ་འདྲི་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཚོགས་འདུའི་ཐོག་ཞི་ཅིན་ཕིན་ལ་བོད་དོན་ཚ་འདྲི་གཏོང་དགོས། མིག་དཔེར་འོས་པའི་རྒྱ་གར་གྱི་མགོ་ཁྲིད་ཅིག་ཆགས་རྒྱུར་རེ་བ་རྒྱག་གི་ཡོད།

དེ་རིང་ནས་བཟུང་ཉིན་གསུམ་རིང་བྷར་ཛིལ་ནང་རྒྱལ་སྤྱིའི་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔའི་ཚོགས་འདུ་ཞིག་ཚོགས་བཞིན་ཡོད་སྟབས། བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་དང་འབྲེལ་ཡོད་རྒྱལ་ཁབ་ཁག་གི་བོད་དོན་རྒྱབ་སྐྱོར་བ་ཐུན་མོང་གིས་གསར་འགོད་བསྒྲཊ་གཏམ་སྤེལ་ཏེ། རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོས་ཞི་ཅིན་ཕིན་ལ་བོད་དོན་སེལ་ཐབས་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་ཞུས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཚེས་ ༡༥ དང་ ༡༦། ༡༧ བཅས་ཉིན་གསུམ་རིང་བྷར་ཛིལ་གྱི་གྲོང་ཁྱེར་ཧྥོར་ཌ་ལེ་ཛ་ (Fortaleza) ནང་འཛམ་གླིང་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔ་ཏེ། བྷར་ཛིལ་དང་ཨུ་རུ་སུ། རྒྱ་གར། རྒྱ་ནག ལྷོ་ཨ་ཧྥི་རི་ཀ་བཅས་ཀྱི་མགོ་ཁྲིད་ལྷན་བཞུགས་ཀྱི་བཞུགས་མོལ་ཚོགས་འདུ་(6th BRICS summit )ཐེངས་ ༦ པ་དེ་འཚོགས་བཞིན་ཡོད་པ་དང་བསྟུན་ཏེ། ཚོགས་བཞུགས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་རྒྱ་ནག་གི་སྲིད་འཛིན་སྲིད་འཛིན་ཞི་ཅིན་ཕིན་ལ་བོད་དོན་དང་བོད་རྒྱ་ཞི་མོལ་ཡོང་དགོས་པའི་འབོད་སྐུལ་ཞུ་དགོས་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

གསར་འགོད་བསྒྲགས་གཏམ་ནང་བྷར་ཛིལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སན་ཌ་ར་(Sandra Erickson) ལགས་ཀྱིས། ཞི་ཅིན་ཕིན་གྱིས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དང་ཤུགས་རྐྱེན་མང་ཤོས་བཟོ་མཁན་གྱི་དབུ་ཁྲིད་དག་དང་དཔུང་པ་མཉམ་གཤིབ་ཐོག་ལྷན་འཛོམས་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་བོད་ནང་རྒྱ་གཞུང་གིས་རང་དབང་སྤྲོད་ཀྱི་མེད་སྟབས་བོད་མི་ཚོས་རང་སྲོག་བློས་གཏོང་བྱེད་བཞིན་ཡོད།€ ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤ་ཡའི་འགན་འཛིན་བློ་བཟང་ཚེ་བརྟན་ལགས་ཀྱིས། €œབྷར་ཛིལ་སྲིད་འཛིན་ལྕམ་རོས་སོ་ (Dilma Rousseff) མཆོག་དང་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ཛུ་མ་མཆོག་བཅས་ནི་རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཆེ་ཤོས་བཟོ་མཁན་གྱི་དབུ་ཁྲིད་ཆགས་ཡོད་སྟབས། ང་ཚོས་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་ད་རེབ་གོ་སྐབས་འདི་བཟུང་སྟེ་ཞི་ཅིན་ཕིན་ལ་བོད་ནང་གི་བོད་མི་ ༡༣༡ ལྷག་གིས་བོད་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲེག་གནང་བའི་འགན་ཆ་ཚང་ཁོ་རང་ལ་ཡོད་པ་གླེང་སློང་བྱ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།€ ཅེས་བརྗོད་འདུག

རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་རྒྱ་གར་བ་ཇོའོ་སེ་ནཱ་ (Jyotsna George) ལགས་ཀྱིས། སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་གིས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་གནང་སྐབས། ཁོང་ལ་བོད་དོན་སྐོར་ཐད་ཀར་གླེང་སློང་བྱ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་མི་ཙམ་མ་ཟད་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་ལ་འཇིགས་སྐུལ་བྱེད་བཞིན་ཡོད། ང་ཚོས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་སྐོར་གྱི་གནད་དོན་འདི་ནི་རྒྱལ་སྤྱིའི་ཐོག་གི་དཀའ་ཉོག་རྒྱུན་རིང་ཤོས་ཤིག་ཡིན་པར་ཤེས་རྟོགས་ཐུབ་ཀྱི་ཡོད། ཟླ་སྔོན་མའི་ནང་རྒྱ་གར་སྲིད་འཛིན་གཞོན་པ་ཨར་མི་ཌི་ཨན་ཛར་རི་མཆོག་རྒྱ་ནག་ནང་སྐོར་སྐྱོད་བྱེད་སྐབས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་ཨ་རུ་ན་ཅལ་རྒྱ་ནག་གི་ཁོངས་གཏོགས་ཡིན་པའི་ས་ཁྲ་ཞིག་བཏོན་ཡོད་པ་དང་། ཉེ་ལམ་ལ་དྭགས་ས་ཁུལ་ནང་བཙན་འཛུལ་བྱས་པ། ཨ་རུ་ན་ཅལ་དང་ཇ་མུ་ཀ་ཤི་མེར་གྱི་མི་མང་ཚོ་རྒྱ་ནག་ནང་འགྲོ་སྐྱོད་ཆོག་པའི་ལག་འཁྱེར་སྤྲད་པ་སོགས་ཀྱི་སྲིད་ཇུས་བཟུང་སྟེ་རྒྱ་གར་གྱི་བདག་དབང་ཐོག་ཐེ་ཇུས་བྱེད་བཞིན་ཡོད་སྟབས། ནཱ་རེན་ཌ་མུ་དྷེ་མཆོག་གིས་ཞི་ཅིན་ཕིན་ལ་བོད་དོན་གླེང་སློང་དང་འབྲེལ་རྒྱ་ནག་གི་འཇིགས་སྐུལ་ལ་མགོ་མི་བསྒུར་གྱི་མིག་དཔེར་འོས་པའི་མགོ་ཁྲིད་ཅིག་ཆགས་རྒྱུར་རེ་བ་རྒྱག་གི་ཡོད། €ཅེས་བརྗོད་འདུག

ལྷོ་ཨ་ཧྥི་རི་ཀའི་བོད་དོན་རྒྱབ་སྐྱོར་བ་ཨི་ལི་ཛི་བྷ་ཐཱ་ (Elizabeth Gaywood) ལགས་ཀྱིས། €ང་ཚོར་རྒྱལ་སྤྱིའི་རྒྱབ་སྐྱོར་འོག་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་དཀའ་ངལ་དེ་ལས་གྲོལ་ཐུབ་ཡོད་པ་ལྟར། ད་ལྟ་ང་ཚོས་བོད་ཐོག་ལས་འགུལ་དེ་བཞིན་སྤེལ་ཐུབ་པ་བྱས་ཏེ་བོད་མི་ཚོར་རང་དབང་སྤྲོད་ཐུབ་པ་བྱ་དགོས། €ཞེས་བརྗོད་འདུག

ཨུ་རུ་སུའི་བོད་དོན་རྒྱབ་སྐྱོར་བ་ནཱ་ཌ་ཤཱ་ (Nadasha Insemtseva) ལགས་ཀྱིས། €œད་ལྟ་བོད་ནང་གི་གནས་སྟངས་ཛ་དྲག་ཆགས་བཞིན་ཡོད་སྟབས། ཞི་ཅིན་ཕིན་གྱིས་ངེས་པར་དུ་བོད་དོན་ཐག་གཅོད་ཡོང་ཐབས་བྱེད་དགོས། གལ་ཏེ་ཐག་གཅོད་མ་བྱས་ཚེ་མ་འོངས་པར་རྒྱ་ནག་ལ་ཡུལ་བབ་སྲིད་ཇུས་ (geopolitical) ཐོག་དཀའ་ངལ་ཤུགས་ཆེ་འཕྲད་རྒྱུ་ཡིན། €ཞེས་བརྗོད་འདུག

བསྒྲགས་གཏམ་ནང་། €œད་ལན་ང་ཚོས་བྷེག་སི་( BRICS) ཚོགས་འདུའི་གོ་སྐབས་འདི་བརྒྱུད་ནས་རྣམ་པ་ལྷན་རྒྱས་ལ་བོད་ཀྱི་གནད་དོན་འདི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ལྷན་དུ་ངེས་པར་གླེང་སློང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ༢༠༠༩ ལོ་ནས་ད་བར་བོད་ནང་གི་བོད་མི་ ༡༣༡ ལྷག་གིས་རང་ལུས་མེར་བསྲེགས་བཏང་སྟེ་བོད་ཐོག་བཟུང་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་ཅིང་། དེའི་ཁྲོད་བོད་མི་ ༡༠༠ ལྷག་གིས་རང་སྲོག་ཤོར་ཡོད་སྟབས་ད་ལྟའི་བོད་ཀྱི་གནས་སྟངས་དེ་ཧ་ཅང་ཛ་དྲག་ཆགས་ཡོད།€ ཅེས་དང་།

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཐད། རྒྱ་གཞུང་གིས་བོད་ཀྱི་ཆོས་དད་རང་མོས་ལ་ཐེ་གཏོགས་བྱེད་པ་དང་། སྐད་ཡིག་བཀོལ་སྤྱོད་དང་སློབ་སྦྱོང་གི་རང་དབང་མེད་པ། བཙན་ཤེད་ཀྱི་འབྲོག་པ་གྲོང་ཁྱེར་དུ་གཞིས་སྤོ་བྱེད་བཅུག་པ། རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་། ༧གོང་ས་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། € ཅེས་འཁོད་འདུག

ཞི་ཅིན་ཕིན་གྱིས་བོད་ཐོག་འཛིན་པའི་སྲིད་ཇུས་སྐོར་ལ། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་རྗེས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་བཟང་ཕྱོགས་སུ་འགྱུར་བ་འགྲོ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཇེ་སྡུག་ཏུ་ཕྱིན་པར་བརྟེན། བོད་མིས་རྒྱ་ནག་ལ་ངོ་རྒོལ་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད། ༢༠༡༣ ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བསྐྱར་ཞིབ་བྱས་སྐབས་ཁོངས་གཏོགས་རྒྱལ་ཁབ་གཞན་དག་གིས་བོད་ནང་གི་གནས་སྟངས་སེམས་ཚོར་ཡོད་པའི་གླེང་སློང་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཡ་ལན་གང་ཡང་བྱས་མེད། དེ་ལྟའི་ཛ་དྲག་གི་གནས་སྟངས་ཐག་གཅོད་ཡོང་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་ཐབས་ལམ་ཞིག་འཚོལ་རྒྱུ་གལ་ཆེན་ཆགས་འདུག ད་ལན་ང་ཚོས་ཁོང་གཏོགས་རྒྱལ་ཁབ་ཚང་མས་མཉམ་རུབ་ཐོག་ནས་བོད་ཀྱི་གནད་དོན་འདི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་གླེང་སློང་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ ཡིན།€ ཞེས་སོགས་འཁོད་འདུག

བོད་དོན་ཞུ་འབོད་ཀྱི་བསྒྲགས་གཏམ་འདི། ཟླ་འདིའི་ཚེས་ ༡༡ ཉིན་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་རྒྱལ་སྤྱིའི་བོད་ དོན་རྒྱབ་སྐྱོར་ཚོགས་པ་ཁག་ཐུན་མོང་གིས་སོ་སོའི་རྒྱལ་ཁབ་ཀྱི་ཕྱི་སྲིད་ལྷན་ཁང་བརྒྱུད། ཨུ་རུ་སུ་དང་རྒྱ་གར། བྷར་ཛིལ། ལྷོ་ཨ་ཧྥི་རི་ཀ་བཅས་ཀྱི་སྲིད་འཛིན་དང་སྲིད་བློན་གྱི་མཚན་ཐོག་ཏུ་ཕུལ་ཡོད་འདུག

གསར་འགོད་པ། དོན་གྲུབ།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༢༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 13

  1. སེར་སྨད་བློ་དགའ། says:
    ལོ་ 11 སྔོན།

    བོད་ཀྱི་བུས། “སྔོན་མ་ཚོགས་པ་ལྔ་ཟེར་དུས་” ཞེས་པ་དེ་བོད་གཞུང་གི་ངོས་ལེན་ཡོད་པའི་ཚོགས་པ་ལ་ཟེར་གྱི་ཡོད་ན། དེའི་ནང་རང་དབང་སློབ་ཕྲུག་ཚོགས་པར་ཚུད་མེད་པ་རེད། དེ་ལྟར་ན་ཁྱོད་ལ་ལས་མངགས་བྱས་པ་དེ་དོན་གོ་མ་ཆོད་པ་དང་། སྤྱིར་རྡ་སའི་ཚོགས་པ་ཁག་ལ་ཟེར་གྱིན་ཡོད་ན་གྲངས་ཚད་ཉུང་དྲག་པའི་སྐྱོན་ཡོད་པ་རེད། ཕྱོགས་གསུམ་པས། མིང་རྫུན་གྱི་འོག་ཏུ་ཡིབ་ནས་སྨྲ་བ་མི་སྤོབས་པ་ནི་གོ་རྟོགས་དམན་པའི་དབང་གིས་རེད་ཟེར་ན། གོ་རྒྱུ་ཆེས་ཙམ་ཡོད་པ་རེད། ལན་འདི་གོ་བརྡ་འཕྲོད་པའི་ཆེད་དུ་མིན། སེར་སྨད་བློ་དགའ་ནས་་་་་

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 11 སྔོན།

    ་་་་་་་་(སྐྲན) བཀུར་འོས་རྒྱ་བོ་ལགས། ཝེ་་་་ཞེས་པ་དེ་ཁྱེད་ལ་གཏོགས་ཙམ་ཆུང་དྲག་པ་འདྲ། ངས་སྐད་དེ་ཕྱིར་འཐེན་ཞུ་ཆོག ཁྱེད་ནས་ “ད་ཐེངས་ཀྱི་བསམ་ཚུལ་འདི་ངེད་གཉིས་སྒེར་གྱི་བསམ་ཚུལ་ཙམ་ལས་ཚོགས་སྐྱིད་ཕན་ཚུལ་ལ་འབྲེལ་བ་མེད་པ་” ཞེས་པ་བཞིན་འདིའང་སྒེར་གྱི་ལན་འདེབས་ཁོ་ན་ཡིན། ལར་ནས་དགུ་བཅུ་གསུམ་དང་བོད་ཀྱི་དུས་བབ་ནས་གསལ་པོ་བཟོས་ཟིན་ཡང་། ཁྱེད་རང་སྒེར་གྱི་བཀའ་མོལ་དེ་ཚོགས་པའི་ལན་འདེབས་ཤིག་ལ་ངོས་འཛིན་མི་བྱ། འཁོར་ཡུག་དང་འབྲེལ་ལམ་གྱི་གནས་བབ་དང་བསྟུན་མིང་བེད་སྤྱོད་བྱེད་བཞིན་འདུག་སྙམ་པའི་བོད་རང་དབང་སློབ་ཕྲུག་ཚོགས་པའམ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བུད་མེད་ལྷན་ཚོགས་གཉིས་ནས་ད་དུང་དངོས་སུ་ལན་གང་ཡང་མི་འདུག དེའང་ལན་ཞིག་ཡིན་གྱི་རེད་བསམ་པའི་ཚོར་སྣང་ཡོད་མུས་ཡིན། དར་ཆའི་ངོས་སུ་གསལ་བ་བཞིན་ (student for a free tibet) བེད་སྤྱོད་བྱས་པ་ལྟར། ངས་འདི་ནས་ཀྱང་བོད་རང་དབང་སློབ་ཕྲུག་ཚོགས་པ་ཞེས་བེད་སྤྱོད་གཏོང་བ་མ་གཏོགས། ( independent ) སྦྱར་ཏེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཞེས་འབྲི་ཡི་མེད། དེ་འཕྲོས་བཤད་ཙམ་ཡིན། སྒེར་ཐོག་ནས་ལན་འདེབས་བྱས་པ་དེ་གོ་སྐབས་ཤིག་སྤྲད་བྱུང་སྙམ་སྟེ་འགྲེལ་བཤད་ཙམ་ཞུ་རྒྱུར་སྤྲོ་བ་ཆེ། ལས་འགུལ་དེ་བོད་གཞུང་གི་བཞེངས་ཕྱོགས་དང་མཐུན་མིན་གྱི་སྐད་ད་ཆ་དེ་ཕར་ཙམ་བཞག་ནས། དུས་ལ་བབ་ཡོད་མེད་ཀྱི་གནད་དོན་ཞིག་རེད། རྟ་རྒྱུག་པ་དེ་མི་འོས་པ་མེད་ཀྱང་གནས་དུས་དང་མ་འཚམས་ན་དཀའ་ངལ་ཡོང་གི་ཡོད་པ་སྤྱིར་བཏང་གི་གནས་ཚུལ་ཞིག་རེད། འདིའི་ཐོག་ནས་ར་འཕྲོད་གསལ་པོ་ཞིག་ཡོང་བའི་རེ་བ་ཡོད། དེ་ལས་གཞན་པའི་གོ་བ་སྟེར་རྒྱུར་ང་ལ་ཐབས་ལམ་གང་ཡང་མེད། འུད་ཤོབ་ཀྱི་སྐད་ཆ་ཐ་རེ་ཐོ་རེ་བྱུང་བའང་ཕྲན་གྱི་རྒྱུན་ལྡན་རྣམ་འགྱུར་ཞིག་ཡིན་པས། དེར་དགོངས་སེལ་ཡོད་ཡོད་པ་ཡིན། སེར་སྨད་བློ་དགའ་ནས་་་་་་་་་་་་

    Reply
  3. བོད་ཀྱི་བུ། says:
    ལོ་ 11 སྔོན།

    སྔོན་མ་ཚོགས་པ་ལྔ་ཟེར་དུས་རྒྱུགས་ན་མཉམ་རྒྱུགས་དང་མཆོངས་ན་མཉམ་རོགས་ལྟ་བུ་རེད། ད་ལྟའི་ཆར་སེར་སྨད་བློ་དགའ་ཟེར་བ་ལྟ་བུའི་གདན་སའི་གྲྭ་སྡོམ་ཆབ་སྲིད་རྐུབ་སྟེགས་ཧབ་མཐོ་རྒྱག་མཁན་ཞིག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་ཟེར་བའི་གོ་ས་བཟུང་ནས། བོད་དོན་ཐད་རྒྱ་དམར་གྱི་ཕྱོགས་བཟུང་ནས་འདིའི་འདྲའི་མགོ་འདོགས་ཀྱི་སྐད་ཆ་བཤད་པ་ལ་བློ་ཕམ་ཡོད། ཚོགས་པ་ཚོའི་ལས་འགུལ་འདི་ཧ་ཅང་ཡག་པོ་རེད།

    Reply
  4. སྐྲན། says:
    ལོ་ 11 སྔོན།

    སེར་སྨད་བློ་དགའ་ཞུ་བ་ལགས་ལ། སྤྱིར་བཏང་ཀྱེ་དང་ཀྭ་ཡེ། ཝ་ཡེ་སོགས་ལའང་དོན་དང་དབྱེ་བ་ཐ་དད་དུ་ཡོད་པ་ཉིད་ཀྱི་མཁྱེན་གསལ་ལོས་ཡིན་སྙམ། ཟིན་བྲིས་འདིའི་ཁོ་ར་ཁོར་ཡུག་ལ་བསམ་ནས་ཀྱང་སྐད་ཆ་གནས་ལུགས་ཡོད་པ། དྲང་བདེན་ཡིན་པ་གང་ཞིག་འདིར་ཚོགས་སྐྱིད་ཕན་ཚུན་དང་། ཡང་ན། མི་སྒེར་གང་ཡིན་ཡང་ཆེ་མཐོང་དང་གུས་བརྩི་ཡོད་པའི་ཐོག་ནས་རྩ་བ་གཅིག་ལ་གླེང་སློང་ངམ་གྲོས་བསྡུར་བྱས་པ་ཡིན་ན། ང་ཚོར་ཏན་ཏན་འཐོབ་རྒྱུ་ཞིག་ཡོད་པ་རེད་སྙམ། དེ་ཡང་ཁ་སང་སྔོན་གྱི་ངའི་སྐད་ཆ་དེ་ད་དུང་འདིར་ཧ་ཅང་ཁ་གསལ་བོའི་སྟེང་ནས་བཤད་ན། ཉེ་སྔོན་བསྐྱངས་པའི་གསར་འགོད་གསར་བསྒྲགས་དེ་༸གོང་ས་མཆོག་གི་ཐུགས་དགོངས་དང་མཐུན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་མཚུངས་སྟབས་སྐུ་ཉིད་ནས་“ལྡོག་ཕྱོགས་ནས་བོད་ཀྱི་ལས་དོན་ཐོག་གནོད་སྐྱོན་ཡོང་གི་ཡོད་པའང་ངོས་འཛིན་བྱེད་ཀྱིན་ཡོད”གསུངས་པ་དེ་ཏག་ཏག་བསྡད་ཡོད་པ་མ་རེད་ཟེར་བ་ཁོ་ནའོ།།
    དེ་མིན་ཉིད་ཀྱིས་ “བོད་ཀྱི་ཕྱོགས་ནས་སྦི་ར་སེལ་སྲིད་འཛིན་རོས་སོ་སྤུ་དང་ལྷོ་ཨ་ཕི་རི་གའི་སྲིད་འཛིན་ཛུ་མ་གཉིས་ལ་དེའི་སྔའི་/དེ་སྔ་འབྲེལ་ལམ་ཇི་/ཅི་ཙམ་ཡོད་མེད་གནད་དོན”གསུངས་བ་དེ་ཡང་དོན་དག་གཞན་ཞིག་ཡིན་པར་འདོད།
    ཡང་གཞན་ཞིག་ནི་ཉིད་ཀྱིས་ང་ལ “མིང་རྫུན་འོག་ནས་ཡིབ་”གསུངས་པ་བཞིན་ཁོ་བོ་ཡིབ་པ་དེ་འདྲའང་མིན་ལ། དེ་ལྟར་བྱ་དགོས་དོན་ཡང་མེད། གཉིས། སྤྱིར་ངས་རང་གི་སྙུག་མིང་འདི་སྦྱད་དེ་དུས་བབ་ཚང་ལ་ཟིན་བྲིས་ཉར་ནས་ལོ་ངོ་གསུམ་ཙམ་འགྲོ་བཞིན་འདུག་ལ་དེ་རུ་རང་ཉིད་ཀྱི་པར་དང་བཅས་པའང་གསལ་བོ་ཡོད། དེ་ཡང་ཁྱེད་རང་གིས་ང་དང་སྙུག་མིང་ཕན་ཚུན་ངོ་མ་འཕྲོད་པ་རེད། དེ་ཡང་མི་སྐྱོན་ནོ།། ངས་ཞིབ་མོར་བཤད་ན་ཁ་སང་ཞོགས་པར་ཉིད་དང་དྷ་སའི་སྲང་ལམ་ནང་ནས་འཁྱུག་ཙམ་ཐུག་པའི་ཁྱོད་ཀྱི་ངོ་ཤེས་པ་རྒྱ་བོ་དེ་ཡིན། ཡིན་ཡང་། ད་ཐེངས་ཀྱི་བསམ་ཚུལ་འདི་ངེད་གཉིས་སྒེར་གྱི་བསམ་ཚུལ་ཙམ་ལས་ཚོགས་སྐྱིད་ཕན་ཚུལ་ལ་འབྲེལ་བ་མེད་པ་མཁྱེན་པར་གྱིས་ལགས།

    Reply
  5. སེར་སྨད་བློ་དགའ། says:
    ལོ་ 11 སྔོན།

    ་་་ཝེ་་་་སྐྲན། བོད་གཞུང་གི་ལངས་ཕྱོགས་དང་མཐུན་མིན་གྱི་སྐད་ཆ་དེ་ཁ་ཁ་ཞིག་རེད་ལ། འདིར་བེད་སྤྱོད་བཏང་ནས་ཕན་ཐོགས་ཡོད་མེད་ནི་ཟུར་བལྟས་ལེབ་མཐོང་དང་ཁྱེད་རང་གི་འདོད་པ་ཙམ་རེད། སྦི་ར་སེལ་སྲིད་འཛིན་རོས་སོ་སྤུ། ཨུ་རུ་སིའི་སྲིད་འཛིན་པོས་ཊྲིན། རྒྱ་གར་སྲིད་བློན་མོ་དྷི་དང་། ལྷོ་ཨ་ཕི་རི་གའི་སྲིད་འཛིན་ཛུ་མ་བཅས་ལ། འབོད་སྐུལ་དེ་ལྟར་ཞུ་བ་ལ་གནས་བབ་ཅིག་དགོས་ཀྱི་རེད། གནས་བབ་ཅེས་པ་དེ་ཕྱོགས་གཉིས་ཀར་ཆ་ཤེས་རེ་དགོས་ངེས་དང་། དཔེར་ན། བོད་ཀྱི་ཕྱོགས་ནས་སྦི་ར་སེལ་སྲིད་འཛིན་རོས་སོ་སྤུ་དང་ལྷོ་ཨ་ཕི་རི་གའི་སྲིད་འཛིན་ཛུ་མ་གཉིས་ལ་དེའི་སྔའི་འབྲེལ་ལམ་ཇི་ཙམ་ཡོད་མེད་གནད་དོན་གཅིག་རེད། སྲིད་འཛིན་གཉིས་ནས་སྒེར་གྱི་བོད་ཐོག་གི་སེམས་ཚོར་ལ་ཐོག་མར་བལྟ་ཙམ་བྱེད་དགོས་པ་ནི་གནད་དོན་གཅིག་རེད། གླེང་ཙམ་ལས་འགྲེལ་བཤད་མང་པོ་བྱ་དགོས་པར་ཕན་འབྲས་གང་ཡང་མ་མཐོང་ཞིང་། གནས་ཚུལ་རྫུན་བཟོ་དང་འབྲེལ་བའི་གནས་ཚུལ་ལ་འོས་བབ་ཀྱི་ལན་འདེབས་དགོས་རིགས་ལ། འདི་ནས་མིང་རྫུན་འོག་ནས་ཡིབ་མི་དགོས་པའི་ཐོག་ནས་དུས་ཚོད་གཏོང་ངེས་ཡིན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་སེར་སྨད་བློ་དགའ་ནས་

    Reply
  6. སྐྲན། says:
    ལོ་ 11 སྔོན།

    ད་རེས་ཚོགས་པ་གསུམ་གྱི་ལས་འགུལ་གྱི་ངོ་བོ་དང་དམིགས་ཡུལ་ནི་གོང་གསལ་གསེར་ཕག་རྒྱལ་ཁབ་ལྔའི་དབུ་འཛིན་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་གླེང་སློང་གནང་རྒྱུ་དང་གཅིག བོད་རྒྱ་ཞི་མོལ་མུ་མཐུད་ནས་མཇུག་སྐྱོང་དགོས་པའི་འབོད་སྐུལ་གནང་རྒྱུ་དང་གཉིས་བཅས་རེད། ངོ་བོ་དང་དམིགས་ཡུལ་འདི་གཉིས་ནི་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཡོངས་སུ་མཐུན་ཡོད་ལ། ༸གོང་ས་མཆོག་གི་དགོངས་བཞེས་དང་ཡང་ཡོངས་སུ་མཐུན་གྱི་ཡོད། དེང་སྐབས་༸གོང་ས་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་སོགས་ཀྱིས་རྒྱལ་སྤྱིའི་ཐོག་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། བོད་རྒྱ་ཞི་མོལ་མུ་མཐུད་ནས་མཇུག་སྐྱོང་དགོས་པའི་གནད་དོན་གཉིས་ཀྱི་ཐད་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ལ་འབོད་སྐུལ་གནང་དང་གནང་མུས་རེད། གལ་ཏེ། ཚོགས་པ་གསུམ་གྱི་འབོད་སྐུལ་གྱི་གསར་འགོད་ལྷན་ཚོགས་བསྐྱངས་པ་ཙམ་གྱིས། སྐུ་ཉིད་ནས་“ལྡོག་ཕྱོགས་ནས་བོད་ཀྱི་ལས་དོན་ཐོག་གནོད་སྐྱོན་ཡོང་གི་ཡོད་པའང་ངོས་འཛིན་བྱེད་ཀྱིན་ཡོད”ན། ༸གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་འབོད་སྐུལ་གྱི་ལས་འགུལ་དེ་དང་དེ་ལྟབུ་སྤེལ་དང་སྤེལ་མུས་ཡིན་པས་དེ་ཚོས་ཀྱང་བོད་དོན་འཐབ་རྩོད་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བཟོ་མི་སྲིད་དམ། དེ་ལྟར་ཡིན་ན། བོད་དོན་འཐབ་རྩོད་ལ་གནོད་སྐྱོན་མེད་པ་དང། ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མེད་པ། ཕན་ཐོག་ཡོད་པའི་ལས་འགུལ་དེ་ཇི་འདྲ་ཞིག་རེད་དམ།

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 11 སྔོན།

    འཇམ་གཅེས་ལགས། “རྒྱུ་མ་ཕུ་དེད་བཟོ་དགོས་ངེས་རེད་མ་གཏོགས། འགོ་བཙུགས་ཙམ་བྱས་ནས་བཞག་ན་ཡག་པོ་མ་རེད།” གསུངས་པ་དེ་གནས་ལུགས་ཡོད་པའི་བཀའ་མོལ་རེད། ཁ་སང་དང་པོ་ནས། “མང་གཙོ་ཚོགས་པའི་ཚོགས་པའི་མིང་དེ་ཨུ་ཚུགས་བྱས་ཏེ་གསར་འགྱུར་དེའི་ནང་བཙན་གྱིས་བཅུག་པར་འབྲེལ་ཡོད་ནས་བརྡ་ལན་གསལ་པོ་དགོས་ཀྱིན་ཡོད།” ཅེས་གསལ་པོ་བྱས་པ་ཡིན། བོད་ཀྱི་དུས་བབ་གསར་ཁང་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཀྱིས་ཡིག་ངག་གཉིས་ཐོག་ནས་གསལ་པོ་བཟོས་སོང་། སྒྲིག་འཛུགས་འདི་གཉིས་ལ་ད་ཐེངས་ཀྱི་གནས་ཚུལ་རྫུན་བཟོའི་གནད་དོན་ཐོག་འབྲེལ་བ་གཏན་ནས་མི་འདུག མ་གཞི་ནས་བོད་ཡིག་དང་དབྱིན་ཡིག་གི་བསྒྲགས་གཏམ་གཉིས་དབར་ཧང་ཟོམ་ཆེན་པོ་འདུག་ཟེར། ལྷག་པར་འདི་གའི་མིང་རྫུན་འཇུག་བྱས་པའང་དབྱིན་ཡིག་གི་བསྒྲགས་གཏམ་ནང་རེད། དབྱིན་ཡིག་གི་བསྒྲགས་གཏམ་ཐད་ད་དུང་གསལ་པོ་ཆགས་རྒྱུ་བསྡད་ཡོད། གཞི་རྩའི་ཆ་ནས་ལས་འགུལ་འདི་ “ཁ་ཚ་དགོས་གཏུག་གི་ལས་འགུལ་” ཞིག་ཏུ་ངོས་འཛིན་མེད་ལ། དམིགས་ཡུལ་གཞན་པ་ཁུར་མཁན་ཚོས་ཅི་བཤད་ཀྱང་འདི་ནས་གསལ་བཤད་བྱ་དགོས་པ་གང་ཡང་མ་མཐོང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་སེར་སྨད་བློ་དགའ་ནས་

    Reply
  8. འཇམ་གཅེས ། says:
    ལོ་ 11 སྔོན།

    སུས་ནོར་ཡོད་ན་གཅིག་ནོར་ཡོད་པ་ནི་གཏན་ཁེལ་འདུག་རྒྱུ་མ་ཕུ་དེད་བཟོ་དགོས་ངེས་རེད་མ་གཏོགས། འགོ་བཙུགས་ཙམ་བྱས་ནས་བཞག་ན་ཡག་པོ་མ་རེད།

    Reply
  9. ཚེ་དབང་ཡེ་ཤེས། says:
    ལོ་ 11 སྔོན།

    རྡ་རམ་ས་ལའི་ཚོགས་པ་དེ་ཚོས་ནང་འཁྲུག་རྒྱག་གི་ཡོད་པ་བསྟན་འདུག སེར་སྨད་བློ་དགའ་ལགས། ཚོགས་པ་གཞན་པ་ཚོས་མང་གཙོ་ཚོགས་པ་རྩེད་མོ་རྩེད་སྤྱད་གཏོང་གི་ཡོད་ན་དེ་ཚོར་ལབ་དགོས་རེད། ཁྱོད་རང་ཡོང་བ་ནས་མང་གཙོ་ཚོགས་པ་ལྷོད་ལྷོད་ལྷུག་ལྷུག་ཅིག་ཆགས་སོང་། ཁ་ཚ་དགོས་གཏུག་གི་ལས་འགུལ་འདི་ལྟ་བུའི་ནང་ལ་མཉམ་ཞུགས་གནང་འདོད་མེད་ན་མང་གཙོ་ཚོགས་པ་སྒོ་རྒྱབ་ན་ཡག་གི་རེད་བསམ་གྱི་འདུག་་

    Reply
  10. སེར་སྨད་བློ་དགའ། says:
    ལོ་ 11 སྔོན།

    འདི་ནས་བསྐུར་བའི་ལན་དེ་ (དོན་གྲུབ་ལགས། གསར་འགྱུར་དེ་རྫུན་མ་ཡིན་པར་འདི་གའི་ལས་ཁུངས་ལ་ཁུངས་སྐྱེལ་ཡོད། རྫུན་མ་བཟོ་མཁན་དུས་བབ་གསར་ཁང་རེད། ཅེས་ཞུ་རྒྱུ་མ་བྱུང་ལགས། མཆན་དེ་ཡིད་གཟབ་ཀྱིས་ཀློག་རྒྱུར་ནན་བསྐུལ་ཞུ་དགོས་བྱུང་།) མུ་མཐུད་དེ་འདིར་གཏོང་གནང་ཡོང་བ་ཞུ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་སེར་སྨད་བློ་དགའ་ནས་་་་

    Reply
  11. དོན་གྲུབ། says:
    ལོ་ 11 སྔོན།

    དྲུང་ཆེ་སེར་སྨད་བློ་དགའ་ལགས། བསམ་ཚུལ་སྤེལ་སྐབས་ཡིད་གཟབ་གནང་རོགས། གོང་འཁོད་ཀྱི་གསར་འགྱུར་འདི་ཚོགས་པ་ཁག་གིས་བྷར་ཛིལ་ནང་ཚོགས་བཞིན་པའི་ཚོགས་ཞུགས་རྒྱལ་ཁབ་ཁག་གི་མགོ་ཁྲིད་ལ་བཏང་བའི་དབྱིན་ཡིག་བསྒྲགས་གཏམ་གཞིར་བཞག་བྲིས་པ་ཞིག་ཡིན་པ་ལས་ཁུངས་ལུང་མེད་པར་བྲིས་པ་ཞིག་མིན། གལ་ཏེ་ཁྱེད་ཀྱིས་ཐུགས་ཡིད་མ་ཆེས་ཚེ་ལས་ཁུངས་ནང་ཡིག་ཆ་ལེན་པར་ཕེབས་དང་། དེར་གཟིགས་ན་མཁྱེན་ངེས་རེད། རྒྱུ་མཚན་མེད་པར་རི་བོང་ཅལ་འདྲོགས་ཀྱི་བརྟུལ་བཞུགས་མ་འཛིན་རོགས། གསར་འགོད་པ། དོན་གྲུབ།

    Reply
  12. སེར་སྨད་བློ་དགའ། says:
    ལོ་ 11 སྔོན།

    ་་་་་་གསར་འགྱུར་དེ་རྫུན་མ་རེད། ལས་འགུལ་དེ་སྤེལ་གྱི་ཡོད་པ་སྔ་ས་ནས་གོང་བྱུང་ཡང་། མང་གཙོ་ཚོགས་པའི་ངོས་ནས་དེར་མཉམ་ཞུགས་བྱ་རྒྱུར་དགོས་པ་རྒྱུ་མཚན་གང་ཡང་མ་མཐོང་ལ། ལྡོག་ཕྱོགས་ནས་བོད་ཀྱི་ལས་དོན་ཐོག་གནོད་སྐྱོན་ཡོང་གི་ཡོད་པའང་ངོས་འཛིན་བྱེད་ཀྱིན་ཡོད། ལས་འགུལ་དེར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་མི་སྣ་གཅིག་ཀྱང་མཉམ་ཞུགས་བྱས་མེད་པ་མ་ཟད། ཁ་བྱང་གི་ངོས་སུ་བལྟས་ནའང་གནས་ཚུལ་གསལ་པོ་ཤེས་ངེས་ཡིན། རེ་བ་སྟོང་པ་དང་ནུས་པ་མེད་པའི་ལས་འགུལ་དེ་འདྲ་སྤེལ་བར་མཉམ་ཞུགས་བྱ་ངེས་མ་རག་ན་སོ་སོར་སྡུག་གྱོང་རེད། བབ་རླིངས་ཐིག་གསུམ་གྱི་ལས་འགུལ་མ་བྱུང་བའང་རང་ཉིད་ཀྱི་ནོར་འཁྲུལ་རེད། མང་གཙོ་ཚོགས་པའི་ཚོགས་པའི་མིང་དེ་ཨུ་ཚུགས་བྱས་ཏེ་གསར་འགྱུར་དེའི་ནང་བཙན་གྱིས་བཅུག་པར་འབྲེལ་ཡོད་ནས་བརྡ་ལན་གསལ་པོ་དགོས་ཀྱིན་ཡོད། ཅེས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེ་སེར་སྨད་བློ་དགའ་ནས་་་་་་་

    Reply
  13. གནས་ཚང་། says:
    ལོ་ 11 སྔོན།

    རེ་བ་དེ་སྟོང་པ་རེད། དེ་ལས་ལྡོག་ནས་ཞིས་ཅིན་ཕེན་མགྲོན་ལ་འབོད་ཀྱི་འདུག ད་རྨི་ལམ་མ་གཏོང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese