མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱུང་སོང་ལྷག་གསུམ་རྩིས་ཁྲ།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གསལ་བཤད་གནང་བར་ཐེངས་འདིའི་དུས་དབང་གི་མཇུག་ཏུ་ཧིན་སྒོར་ ༦༤༢༦༥༠༦ ཙམ་ལྷག་ཡོད་པ་དང་རྩིས་ཁྲ་རྗེས་སུ་ཁམས་གཙང་བཟོས་ཏེ་གསལ་བསྒྲཊ་སྤེལ་རྒྱུ་ཡིན་ཟེར།

ཕྱི་ཚེས་ ༡༣ ཉིན་ལ་དྭགས་རྒྱལ་ས་སླེའི་ཞི་བའི་ཚལ་གསུང་ཆོས་རྭ་བར་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ། ལ་དྭགས་དགོན་པའི་དགེ་བཤེས་དཀོན་མཆོག་དར་རྒྱས་ལགས་ཀྱིས་ཐེངས་འདིའི་དུས་འཁོར་དབང་ཆེན་ཐེངས་ ༣༣ པའི་སྟེང་གི་དངུལ་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ་མང་ཚོགས་ལ་སྙན་སེང་ཞུས་པ་ལྟར་ན། ཕྱི་ཟླ་ ༧ ཚེས་ ༡༢ བར་། བྱུང་གི་ཁོངས་སུ་སྐུ་འགྱེད་དང་མང་ཇ། བརྟེན་བཞུགས་བཅས་ཀྱི་ཆེད་དུ་བྱུང་ཁྱོན་བསྡོམས་ཧིན་སྒོར་ ༡༢༣༢༠༡༣༡༣ ཙམ་དང་། སོང་ཁྱོན་ཧིན་སྒོར་ ༡༡༦༦༧༤༨༧༠ ། ད་ལྟ་ཤུལ་དུ་ལྷག་ཡོད་པ་ཁྱོན་ཧིན་སྒོར་ ༦༤༢༦༥༠༦ ཆགས་ཡོད་འདུག

དེ་དག་ཁྲོད་དགེ་འདུན་པར་སྐུ་འགྱེད་ཆེད་ཧིན་སྒོར་ ༡༢༣༩༢༣༧༢ ཙམ་བྱུང་ཡོད་པ་ལས་ཕར་འགྲོ་སོང་བཏང་བ་ཧིན་སྒོར་ ༡༢༣༩༢༣༧༢ ཆགས་ཡོད་འདུག

བརྟེན་བཞུགས་ཆེད་ཧིན་སྒོར་ ༣༥༦༩༥༥༣ ཙམ་བྱུང་ཡོད་པ་ལས་ཕར་འགྲོ་སོང་བཏང་བ་ཧིན་སྒོར་ ༣༥༦༩༥༥༣ ཆགས་ཡོད་འདུག

ད་ལྟ་ལྷག་བསྡད་པ་ཧིན་སྒོར་ ༦༤༢༦༥༠༦ ཙམ་ཡོད་པ་དང་། ད་དུང་འགྲོ་སོང་ཙག་ཙིག་མང་པོ་ཞིག་སོང་གི་ཁོངས་སུ་ཚུད་མེད་ཅིང་། རྗེས་ལ་རྩིས་ཁྲ་ཁམས་གཙང་བཟོས་ཏེ་དགའ་ལྡན་ཕོ་བྲང་ལ་འབུལ་འཆར་ཡོད་འདུག

བྱུང་སོང་རྩིས་ཁྲ་སྙན་སྒྲོན་ཞུས་ཚར་རྗེས་༧གོང་ས་མཆོག་གིས་བཀའ་གནང་དོན། འདི་གའི་ནང་པའི་ཆོས་ཚོགས་ཀྱི་གཙོ་འཛིན་དང་དགོན་པའི་ཚོགས་པའི་གཙོ་འཛིན་ཁྱེད་རང་གཉིས་ཀྱི་ངོས་ནས་དགའ་བསུ་དང་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དངུལ་གྱི་འགྲོ་གྲོན་སྐོར་གྱི་རྩིས་ཁྲ་ཧ་ཅང་ཁ་གསལ་གསུངས་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ། ངོས་ཀྱིས་འབུལ་བ་རྩ་བ་ནས་ལེན་གྱི་མེད། འབུལ་བ་བླངས་ན་ཆོས་བཙོང་པ་དང་གཅིག་པ་རེད། སྔར་བོད་ཀྱི་རྫོགས་ཆེན་སྣ་ཚོགས་ རང་གྲོལ་གྱི་རྣམ་ཐར་ནང་ཁོང་གི་དམ་བཅའ་གཅིག་ལ་ཆོས་བཤད་ནས་འབུལ་བ་ལེན་གྱི་ མིན་ཞེས་དམ་བཅའ་བཞག་ཡོད། ངོས་རང་དེར་ཧ་ཅང་གི་ཡིད་འཕྲོག་སོང་། དངོས་གནས་དྲང་གནས་ཆོས་བཤད་ནས་འབུལ་བར་ཨང་ཉན་བརྒྱབ་ན། བོད་ཀྱི་བླ་མ་ཞིག་གིས་གསུངས་ཡོད། །དབང་བསྐུར་ཆོས་བཤད་བྱེད་དུས། །རྣམ་དཔྱོད་འདྲ་ཞིང་འདུག་སྟེ། །འབུལ་བ་ཨང་ཉན་བྱེད་དུས། །སེམས་པ་གཏིང་ནས་སྐྱོ་བྱུང་། ཞེས་པ་འདི་ཆགས་ན་རྩ་བ་ནས་ཡག་པོ་མེད། དེར་བརྟེན་ངོས་ནས་འབུལ་བ་ལེན་གྱི་མེད། ཚང་མ་རང་ལོག་ཕུལ་གྱི་ཡོད། ཅེས་གསུངས་འདུག

མཇུག་ཏུ་ཇོ་ནང་གི་སྐོར་ལ་གསུངས་དོན། ད་ལྟ་ཇོ་ནང་མཁན་པོ་ཁྱེད་རང་ཚོས་མཎྜལ་ཧ་ཅང་ཆེན་པོ་བཟོས་འདུག ངོས་ཀྱིས་ད་གིན་ཞུས་པ་བཞིན་ཁྱེད་རང་ཚོ་སིམ་ལའི་དགོན་པར་དྲན་རྟེན་ཆེད་སྒྲིག་ འཇོག་བྱོས། དྲན་རྟེན་བྱེད་སྐབས་ག་རེ་དྲན་དགོས་རེད་ཅེ་ན། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་ལག་ལེན་དམར་ཁྲིད་རྒྱུན་མ་ཆད་ པ་ཞིག་ཁྱེད་རང་ཚོ་ཇོ་ནང་པ་ཚོར་ཡོད། རང་སྟོང་དང་གཞན་སྟོང་། དོན་དམ་བདེན་པ། རྟག་པ་རང་དབང་པ་སོགས་ལ་ང་ཚོ་རྩོད་པ་ཡོད་པ་རེད། གང་ལྟར་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་སྐོར་བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པའི་ནང་ནས་སྦྱོར་བ་ཡན་ལག་དྲུག་གི་ལག་ལེན་རྒྱུན་མ་ཆད་པར་ ཡོད་པ་དེ་ཇོ་ནང་པ་རེད། བོད་ནང་དུ་ཆ་བཞག་ན། ཛམ་ཐང་ཁུལ་དུ་ཧ་ཅང་དར་སོ་ཆེན་པོ་ཡོད་པ་ཡག་པོ་འདུག གཞན་ཞུ་རྒྱུ་གང་ཡང་མི་འདུག ཁྱེད་རང་ཚོ་ཆང་མས་བློ་ཆོས་སུ་སོང་བ་དང་། བློ་དུལ་བའི་ཁས་ལེན་དམ་བཅའ་གནང་སོང་ལ། ཧུར་ཐག་གནང་ཤོག ངོས་ལ་ཆ་བཞག་ན་ལོ་ ༧༩ བསླེབས་ཡོད། ད་བར་ཧུར་ཐག་བྱས་པ་ཡིན། ད་དུང་ཡིན་ནའང་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འབྲང་དགེ་སློང་ཞིག་གིས་སྟོན་ པའི་ཞབས་འདེགས་བསྒྲུབ་མ་ཐུབ་ནའང་ཞབས་མ་འདྲེན་པ་ཞིག་བྱེད་དགོས་བསམ་པ་རྟག་ཏུ་དྲན་བཞིན་ཡོད། ཁྱེད་རང་ཚོས་ཀྱང་ཧུར་ཐག་བྱོས། ཞེས་སོགས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 1

  1. བློ་བཟང་། says:
    ལོ་ 12 སྔོན།

    ད་རེས་དུས་འཁོར་དབང་ཆེན་གོ་སྒྲིག་གནང་མཁན་དང་བསྟན་པའི་སྦྱིན་བདག་གནང་མཁན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡུལ་དུས་དང་ས་ཆའི་མཐུན་རྐྱེན་ཧ་ཅང་སྐྱོ་བོ་ཡིན་ནའང་གང་ཐུབ་ཅི་ཐུབ་གནང་བ་དང་། ལྷག་དོན་དུ་རྩིས་ཁྲ་གཙང་མ་བཟོས་གནང་བར་ཐུགས་རྗེ་ཆེ། གོ་སྒྲིག་ཞུ་ཕྱོགས་དང་ཆོས་ཞུ་བ་ཚོར་ཞབས་ཞུའི་ཐད་ནས་མང་ཚོགས་ལ་དེ་ཙམ་འདོད་པ་ཁེངས་པ་ཞིག་བྱུང་མེད་ནའང་དེ་ནི་ཕྱོགས་གཉིས་ཀར་ཐུགས་ཁག་མེད་པ་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese