མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་གྲོཊ་པོ་ཡག་ཤོས་ཨུ་རུ་སུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོར་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་རྣམ་གཉིས་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་དང་དམག་དོན་སོགས་ལ་གྲོས་མོལ་བྱས་འདུག

ཟླ་འདིའི་ཚེས་ ༡༥ ཉིན་ནས་བཟུང་ཉིན་གསུམ་རིང་བྷར་ཛལ་གྲོང་ཁྱེར་ཧྥོར་ཌ་ལེ་ཛ་ (Fortaleza) ནང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔ་སྟེ་བྷར་ཛལ་དང་རྒྱ་གར། ཨུ་རུ་སུ། རྒྱ་ནག ལྷོ་ཨ་ཧྥི་རི་ཀ་བཅས་ཀྱི་དབུ་ཁྲིད་བར་ཚོགས་འདུ་ (6th BRICS summit)ཞེས་པ་ཐེངས་ ༦ པ་དེ་འཚོགས་བཞིན་ཡོད་ཅིང་། ཁ་སང་ཕྱི་དྲོར་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་ (Vladimir Putin)རྣམ་གཉིས་དུས་ཡུན་སྐར་མ་ ༤༠ ཙམ་རིང་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་དམག་དོན་དང་ཚོང་དོན། མི་སྣ་འགྲོ་འོང་། རྡུལ་ཕྲན་གློག་ཤུགས་འཕེལ་རྒྱས་དང་མཁའ་སྐྱོད་ཚན་རྩལ་ (space Science ) འཕེལ་རྒྱས་གཏོང་ཕྱོགས་བཅས་ཀྱི་ཐོག་གྲོས་མོལ་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༤ ཉིན་ནཱ་རེན་ཌ་མུ་དྷེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཐུག་སྟེ། རྒྱ་དཀར་ནག་བར་གྱི་ས་མཚམས་སྐོར་དང་ཚོང་དོན། དམག་དོན་སོགས་ལ་གྲོས་མོལ་བྱས་ཡོད་འདུག

རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཡིས་རྒྱ་གར་སྐད་ཐོག་གསུངས་དོན། གལ་ཏེ་ངས་རྒྱ་གར་གྱི་ཕྲུ་གུ་ཞིག་ལ་རྒྱ་གར་གྱི་གྲོགས་པོ་ཡག་ཤོས་སུ་ཡིན་མིན་སྐད་ཆ་དྲིས་ན། རྒྱ་གར་གྱི་གྲོགས་པོ་ཡག་ཤོས་ཨུ་རུ་སུ་རེད་ཅེས་རྗོད་རྒྱུ་རེད། ཨུ་རུ་སུས་རྒྱ་གར་དཀའ་ངལ་ནང་ཡོད་པའི་སྐབས་ནས་བཟུང་ད་བར་རྒྱ་གར་དང་མཉམ་ལས་བྱས་ནས་ཏེ་ཡོང་བ་རེད། ཅེས་དང་། ད་དུང་ཁོང་གིས་མ་འོངས་པར་རྒྱ་གར་དང་ཨུ་རུ་སུ་གཉིས་བར་བདེ་སྲུང་དང་རྡུལ་ཕྲན་གློག་ཤུགས་བཀོལ་གཏོང་སོགས་ལ་མཉམ་ལས་བྱ་རྒྱུ་ཡིན་སྐོར་དང་། སྲིད་འཛིན་པུ་ཌིན་གྱིས་རྒྱལ་ཁབ་ལྔའི་ཚོགས་འདུའི་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་དང་རྒྱལ་སྤྱིའི་དངུལ་རྩའི་ཚོགས་པ་ཁག་ལ་བཅོས་བསྒྱུར་གཏོང་དགོས་སྐོར་གླེང་སློང་བྱས་བར་བསྔགས་བརྗོད་སོགས་བྱས་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས། ཨུ་རུ་སུས་རྒྱ་གར་དང་མཉམ་དུ་མཉམ་ལས་བྱེད་རྒྱུ་ནི་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། མ་འོངས་པར་རྒྱལ་ཁབ་གཉིས་བར་སྔར་ལྷག་མཉམ་ལས་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་རིག་གཞུང་བརྗེ་ལེན་གྱི་མཉམ་ལས་གང་ཐུབ་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་འདུག

འབྱུང་འགྱུར་ཕྱི་ཟླ་ ༡༢ པའི་ནང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་རྒྱ་གར་ནང་འཚམས་གཟིགས་མགྲོན་འབོད་དང་འབྲེལ་ཏེ། ཏ་མིལ་ཎ་ཌོ་ཌེ་རུ་ནཱལ་ཝེ་ལི་ (Tirunelveli) རྗོང་ཁོངས་ཀཱོ་ཌན་ཀུ་ལམ་ (Koodankulam) ནང་ཡོད་པའི་རྒྱ་གར་གྱི་རྡུལ་ཕྲན་གློག་ཤུགས་བརྒྱུད་གཏོང་ས་ཚིགས་ (Kudankulam Nuclear Power Plant) ཞེས་པར་གཟིགས་སྐོར་བྱེད་འཆར་ཡོད་འདུག

ཏ་མིལ་ཎ་ཌོ་ཌེ་རུ་ནཱལ་ཝེ་ལི་ (Tirunelveli) རྗོང་ཁོངས་ཀཱོ་ཌན་ཀུ་ལམ་ (Koodankulam) ནང་ཡོད་པའི་རྒྱ་གར་གྱི་རྡུལ་ཕྲན་གློག་ཤུགས་རྒྱུད་གཏོང་ས་ཚིགས་ (Kudankulam Nuclear Power Plant) ཞེས་པའི་ཚན་ཁག་དང་པོ་དང་གཉིས་པ་ ( unit 1 and 2) གཉིས་ཨུ་རུ་སུའི་རྒྱབ་སྐྱོར་འོག་རྒྱ་གར་གཞུང་གིས་ཧིན་སྒོར་ཀཱ་རོ་ ༡༧།༢༠༠ (crore) ཡིས་འགྲོ་གྲོན་བཏང་སྟེ་བཙུགས་པ་ཞིག་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྒྱལ་ཁབ་གཉིས་བར་རྒྱ་གར་གྱི་ཀཱོ་ཌན་ཀུ་ལམ་ནང་རྡུལ་ཕྲན་གློག་ཤུགས་བརྒྱུད་གཏོང་ས་ཚིགས་ཀྱི་ཚན་ཁག་ ༣ དང་ ༤ འཛུགས་ཕྱོགས་གྲོས་མཐུན་ (General Framework Agreement on unit 3 and 4) ཟེར་བ་ཞིག་བཞག་ཡོད་པའི་ཐོག་ད་ལྟ་མཉམ་ལས་བྱེད་བཞིན་ཡོད་འདུག

རྒྱ་གར་དང་ཨུ་རུ་སུའི་བར་དམག་དོན་དང་ཚོང་དོན་སོགས་ལ་གྲོས་མཐུན་དང་མཉམ་ལས་མང་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད།

༢༠༠༩ ལོར་རྒྱ་གར་དང་ཨུ་རུ་སུ་བར་ཨ་སྒོར་ཐེར་འབུམ་ ༧།༤༦ དང་།

༢༠༡༠ ལོར་ཨ་སྒོར་ཐེར་འབུམ་ ༨།༥༣།

༢༠༡༠ ལོར་ཨ་སྒོར་ཐེར་འབུམ་ ༨།༨༣།

༢༠༡༡ ལོར་ཨ་སྒོར་ཐེར་འབུམ་ ༨།༨༧།

༢༠༡༢ ལོར་ཨ་སྒོར་ཐེར་འབུམ་ ༡༡།༠༤།

༢༠༡༣ ལོར་ཨ་སྒོར་ཐེར་འབུམ་ ༡༥།༩༤ བཅས་བྱུང་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་གར་ལ་རང་བཙན་ཐོབ་པ་ནས་བཟུང་ཨུ་རུ་སུ་རྒྱ་གར་གྱི་མཐུན་གྲོགས་རྒྱལ་ཁབ་ཡག་ཤོས་ཤིག་ཡིན་སྟབས། ད་རེབ་གྲོས་མོལ་འདི་བརྒྱུད་མ་འོངས་པར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་སྔར་ལས་ཡག་ཏུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

ནཱ་རེན་ཌ་མུ་དྷེ་ ༢༠༠༡ ལོར་གྷུ་ཅུ་ར་ཌེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡིན་སྐབས་ཨུ་རུ་སུར་འཚམས་གཟིགས་དང་འབྲེལ་སྲིད་འཛིན་པུ་ཌིན་དང་ཐུག་འཕྲད་བྱས་ཡོད་པ་དང་། ད་རེབ་རྒྱ་གར་གྱི་སྲིད་བློན་མིང་ཐོག་ནས་ཁོང་མཇལ་བ་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese