མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུའི་གཞུང་གིས་ཡུག་རེན་གྱེན་ལོག་ཤོག་ཁག་ལ་རྒྱབ་རོགས་བྱེད་ཀྱི་ཡོད་སྟབས་ཁ་སང་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཚོང་འབྲེལ་ཐོག་ཉེས་ཆད་བཏང་འདུག

ཁ་སང་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུ་གཞུང་གིས་ཨུ་རུ་སུར་དགའ་མོས་བྱེད་མཁན་གྱི་ཡུག་རེན་གྱེན་ལོག་ཤོག་ཁག་ཚོར་རྒྱབ་སྐྱོར་བྱས་ཏེ། ཡུག་རེན་གྱི་བརྟན་བརླིང་སྲུང་སྐྱོབ་ལ་གཏོར་རྒོལ་གཏོང་གི་ཡོད་པའི་ཉེས་མིང་འོག ཨོ་བྷ་མས་ཨ་རིའི་ཁེ་ལས་དང་ཨུ་རུ་སུ་གཞུང་གི་སྟངས་འཛིན་འོག་ཡོད་པའི་རོ་སེ་ནཱེབ་རྡོ་སྣུམ་ཁེ་ལས་ (Rosneft oil company) དང་ཝུབ་དངུལ་རྩའི་ཁེ་ལས་ (VEB)། དེ་བཞིན། སྒེར་གཉེར་རྡོ་སྣུམ་ཁེ་ལས་ནཱོ་ཝ་ཌེག་ (Novatek) དང་སྒེར་གཉེར་དངུལ་ཁང་གྷ་ཛེ་པོར་རོམ་ (Gazprombank) བཅས་བར་གྱི་མཉམ་ལས་གྲོས་མཐུན་བཀག་སྡོམ་དང་། ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུའི་ནང་ཡུ་རོབ་མ་འཛུགས་དངུལ་ཁང་ (European Investment Bank) དང་། ཡུ་རོབ་དངུལ་ཁང་ (European Bank) གཉིས་ཀྱིས་མ་དངུལ་གཏོང་མཚམས་འཇོག་རྒྱུ་དང་། ད་དུང་ཨ་རིའི་གཞུང་གིས། ད་ལོའི་ལོ་མཇུག་ཏུ་ཡུག་རེན་མངའ་འོག་ནས་རང་བཙན་རྩོད་བཞིན་ཡོད་པའི་ (Donetsk People’s Republic) དང་ (Luhansk People’s Republic) ཞེས་པའི་སྒྲིག་འཛུགས་གཉིས་དང་། ཨུ་རུ་སུའི་མཚོན་ཆ་བཟོ་གྲྭ་བྷལ་ཛལ་ཌི་ (Bazalt) དང་ཁཱ་ལ་ཤི་ནི་ཁཱོ་ (Kalashnikov)། དེ་བཞིན་རོ་སི་ཡཱ་དངུལ་ཁང་ (Rossiya Bank) བཅས་ལ་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུ་ཡིན་ཚུལ་བརྗོད་འདུག

འདིའི་ཐད་ཨོ་བྷ་མས། ”དཔལ་འབྱོར་གྱི་ཉེས་ཆད་དེ་གལ་འགངས་ཆེན་པོ་ཞིག་ལ་བརྩིས་ཏེ་དམིགས་ཡུལ་གཞིར་ བཟུང་ཐག་གཅོད་བྱས་པ་ཞིག་ཡིན་སྟབས། ང་ཚོས་ཨུ་རུ་སུའི་དབུ་ཁྲིད་ཀྱིས་ཡུག་རེན་གྱི་གནད་དོན་ལ་ཐེ་ཇུས་བྱས་ན་ཨུ་རུ་སུར་དཔལ་འབྱོར་དང་ཆབ་སྲིད་གཉིས་ཐད་ནས་གྱོང་ཕོག་རྒྱུ་ཡིན་པ་ཤེས་རྟོགས་ཡོང་ཆེད་ཡིན།”€™ཞེས་བརྗོད་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས། “€œཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་བཏང་བ་དེས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཛུགས་སྐྲུན་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་མ་ཟད། དེ་དང་མཉམ་དུ་ཨ་རི་དང་ཨུ་རུ་སུའི་འབྲེལ་ལམ་ལའང་དོ་ཕོག་འགྲོ་སྲིད།”ཅེས་དང་། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་སར་གྷེ་ (Sergei Rybakov) ལགས་ཀྱིས། “ང་ཚོས་ཨ་རིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་བ་དེར་ཞིབ་མཇུག་བྱས་ཏེ། ཆད་པ་གཅོད་མཁན་གྱི་འབྲེལ་ཡོད་ལས་བྱེད་དང་ཆབ་སྲིད་པར་འགོག་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།”ཞེས་སོགས་བརྗོད་འདུག

ཟླ་འདིའི་ཚེས་ ༡༤ ཉིན་ཨ་རིའི་ཕོ་བྲང་དཀར་པོས་ཨ་རིར་ཡོད་པའི་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ ༢༨ ཀྱི་གཞུང་ཚབ་དང་གྲོས་མོལ་བྱས་ཏེ། ཨུ་རུ་སུའི་རྒྱལ་མང་དཔལ་འབྱོར་ལ་དོ་ཕོག་འགྲོ་རྒྱུ་ཡིན་པའི་དཔལ་འབྱོར་གྱི་ཉེས་ཆད་རིམ་པ་གསུམ་པ་ (level 3 sanctions) གཅོད་རྒྱུ་ཐག་གཅོད་བྱས་བ་ཡིན་འདུག

ཨུ་རུ་སུའི་རོ་སེ་ནཱེབ་རྡོ་སྣུམ་ཁེ་ལས་ཀྱི་སྤྱི་ཁྱབ་འགན་འཛིན་སཱེ་ཆིན་ (Igor Sechin) ལགས་ཀྱིས། “ཡུག་རེན་གྱི་དཀའ་རྙོག་དང་རོ་སེ་ནཱེབ་རྡོ་སྣུམ་ཁེ་ལས་བར་འབྲེལ་བ་གང་ཡང་མེད་སྟབས། ང་ཚོའི་ཁེ་ལས་ཀྱང་དཔལ་འབྱོར་ཉེས་ཆད་གཏོང་རྒྱུའི་མིང་ཁོངས་སུ་བཅུག་པ་དེ་ནི་ཁྲིམས་མཐུན་དང་དྲང་བདེན་ཆགས་མེད།” ཅེས་བརྗོད་འདུག

ཨ་རིའི་རྒྱལ་ཡོངས་བཟོ་སྐྲུན་ཚན་པའི་མགྲིན་ཚབ་པས། “ཨ་རིས་ཕྱོགས་གཅིག་རྐྱང་པའི་ཐོག་ནས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་ཡོད་སྟབས། མ་འོངས་པར་ཨུ་རུ་སུ་ཙམ་མིན་པར་ཨ་རིའི་ཚོང་འབྲེལ་ཐད་ལའང་དོ་ཕོག་ཤུགས་ཆེན་འགྲོ་ངེས་རེད།”ཅེས་བརྗོད་འདུག

ཨོ་བྷ་མའི་ཐག་གཅོད་འདིར་ཨ་རིའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་མང་ཆེ་བས་རྒྱབ་སྐྱོར་བྱས་ཡོད་ཀྱང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་ (Marco Rubio) ལགས་གཙོས་འཐུས་མི་ཁག་ཅིག་གིས་སྐྱོན་བརྗོད་བྱས་ཡོད་འདུག

ཕྱི་ཟླ་ ༤ པའི་ཟླ་དཀྱིལ་ནས་ད་བར་ཡུག་རེན་གྱེན་ལོག་ཤོག་ཁག་གིས་ཡུག་རེན་གྱི་མི་སེར་དང་དམག་མི་ ༡༠༠༠ ལྷག་རྐྱེན་ལམ་དུ་བཏང་ཡོད་ཅིང་། ཟླ་འདིའི་ཚེས་ ༡༥ ཉིན་ཡུག་རེན་གྱེན་ལོག་ཤོག་ཁག་གིས་ཨུ་རུ་སུའི་རྒྱབ་རོགས་ལ་བརྟེན་ཏེ། ཡུག་རེན་ཤར་ཕྱོགས་ས་ཁུལ་གྱི་དམག་འཐབ་གནམ་གྲུ་ཞིག་ལ་མེ་ཤུགས་འཕུར་མདེལ་འཕངས་ཏེ་དམག་མི་ ༡༡ བསད་ཡོད་སྟབས་ཨ་རིས་ད་ལྟ་ཡུག་རེན་གྱི་ས་མཚམས་ཁུལ་དུ་ཨུ་རུ་སུའི་དམག་མི་ ༡༠༠༠༠ ནས་ ༡༢༠༠༠ བར་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese