མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ཏུ་དངུལ་ཁང་འཛུཊ་རྒྱུའི་ཐག་གཅོད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

བྷར་ཛལ་དུ་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔས་ཚོགས་འདུ་ཚོགས་ཏེ་རྒྱ་ནག་ཧྲང་ཧེ་རུ་རྒྱལ་ཁབ་ལྔ་མཐུན་མོང་གི་དངུལ་ཁང་ཞིག་གསར་འཛུགས་བྱ་རྒྱུའི་ཐག་གཅོད་བྱས་འདུག

ཟླ་འདིའི་ཚེས་ ༡༥ ནས་བཟུང་ཉིན་གསུམ་རིང་བྷར་ཛལ་གྲོང་ཁྱེར་ཧྥོར་ཌ་ལེ་ཛ་(Fortaleza) ནང་སྐོང་ཚོགས་བྱས་པའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔ་སྟེ་བྷར་ཛལ་དང་ཨུ་རུ་སུ། རྒྱ་གར། རྒྱ་ནག ལྷོ་ཨ་ཧྥི་རི་ཀ་བཅས་ཀྱི་དབུ་ཁྲིད་ཚོགས་འདུ་ཐེངས་ ༦ པ་དེ་ཁ་སང་མཇུག་སྒྲིལ་ཡོད་ཅིང་། ཚོགས་འདུའི་སྐབས་ཚོགས་བཞུགས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་བྷེག་རི་སི་ (BRICS) རྒྱལ་ཁབ་བར་ཚོང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་ཐབས་དང་། དངུལ་ཁང་འཛུགས་ཕྱོགས། ཡུག་རེན་དང་སི་རི་ཡ། ཨི་རག དེ་བཞིན་པ་ལི་སི་ཐན་དང་ཨི་ཛ་རལ་བཅས་ཀྱི་རྒྱལ་སྤྱིའི་དཀའ་རྙོག་ཁག་སེལ་ཐབས། མཐུན་ཚོགས་རྒྱལ་ཁབ་ཀྱི་ཆེད་ལས་མི་སྣའི་བར་དཔལ་འབྱོར་གླེང་སྟེགས་སྐོང་ཚོགས་བྱ་རྒྱུ། རིག་གཞུང་བརྗེ་ལེན་བཅས་གནད་དོན་ཁག་ ༧༢ ཙམ་གྱི་ཐོག་གྲོས་མོལ་བྱས་ཡོད་ཅིང་། ཐེངས་འདིར་དངོས་སུ་གྲོས་མཐུན་བྱུང་བ་ནི་རྒྱ་ནག་ཧྲང་ཧྲེ་གྲོང་ཁྱེར་ནང་ ( New Development Bank ) ཞེས་པའི་དངུལ་ཁང་གི་སྤྱི་ཁྱབ་ལས་ཁུངས་གསར་འཛུགས་དང་འབྲེལ་མཐུན་ཚོགས་རྒྱལ་ཁབ་ཐུན་མོང་གིས་ཨ་སྒོར་ཐེར་འབུམ་ ༥༠ ཡི་དངུལ་འབོར་འཇོག་རྒྱུ་དང་། རྒྱལ་སྤྱིའི་དངུལ་རྩའི་དཔལ་འབྱོར་ཉམས་ཉེས་ལས་གྲོལ་ཆེད་ (Contingent Reserve Arrangement) ཞེས་པའི་འོག་ཨ་སྒོར་ཐེར་འབུམ་ ༡༠༠ ཡི་ཟུར་བཀོལ་མ་དངུལ་འཇོག་རྒྱུ་བཅས་ཀྱི་ཐག་གཅོད་བྱས་འདུག

འདིའི་ཐད་བྷར་ཛལ་སྲིད་འཛིན་ལྕམ་ཌེལ་མཱ་རུ་སོ་ (Dilma Rousseff) ལགས་ཀྱིས། ”ང་ཚོས་ཚོགས་འདུའི་སྐབས་མཐུན་ཚོགས་རྒྱལ་ཁབ་ཀྱི་དངུལ་ཁང་འཛུགས་རྒྱུ་དང་། མ་འོངས་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་ལས་སེལ་ཆེད་ཟུར་བཀོལ་མ་དངུལ་འཇོག་རྒྱུའི་ཐག་གཅོད་བྱས་པ་དེས། རྒྱལ་སྤྱིའི་དཔལ་འབྱོར་ལམ་ལུགས་ལ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད།”ཅེས་བརྗོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། “ང་ཚོས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་མཉམ་ལས་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་ལ་བཅོས་བསྒྱུར་གཏོང་ཐུབ་པ་བྱ་དགོས།”€ཞེས་དང་། རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་གིས། “ད་ལྟ་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་འཛམ་གླིང་ནང་ཞི་བདེ་དང་བརྟན་ལྷིང་ཡོང་བ་བྱ་དགོས།”ཞེས་སོགས་བརྗོད་འདུག

༢༠༡༣ ལོར་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔས་མཉམ་རུབ་ཐོག་དངུལ་ཁང་གསར་འཛུགས་ལ་གྲོས་མོལ་བྱས་ཡོད་ཀྱང་གྲུབ་འབྲས་བྱུང་མེད་། ད་རེབ་ཚོགས་ཐོག་ཏུ་རྒྱལ་ཁབ་རེ་རེས་ཨ་སྒོར་ཐེར་འབུམ་ ༡༠ རེ་བཏོན་ཏེ་དངུལ་ཁང་འཛུགས་རྒྱུ་དང་། དངུལ་ཁང་གི་སྤྱི་ཁྱབ་ལས་ཁུངས་ཧྲང་ཧྲེ་ནང་གསར་འཛུགས་དང་འབྲེལ་ལས་ཁུངས་ཀྱི་མགོ་འཛིན་རྒྱ་གར་དང་། འགན་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་གཙོ་འཛིན་ཨུ་རུ་སུ་དང་བྷར་ཛལ་ངེས་སྟོན་པར་བསྐོ་བཞག་བཅས་ཀྱི་ཐག་གཅོད་བྱས་ཡོད་པ་མ་ཟད། ལྷོ་ཨ་ཧྥི་རི་ཀའི་ནང་ཡན་ལག་དངུལ་ཁང་ཞིག་ཀྱང་འཛུགས་རྒྱུ་ཐག་གཅོད་བྱས་ཡོད་འདུག

རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེས་ཀྱི་དཀའ་ངལ་སེལ་ཆེད་ཟུར་བཀོལ་མ་འཇོག་ (Contingent Reserve Arrangement)ཞེས་པའི་ནང་རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་ ༤༡ དང་། ཨུ་རུ་སུ་དང་རྒྱ་གར། བྷར་ཛལ་བཅས་ཁག་སོ་སོས་ཨ་སྒོར་ཐེར་འབུམ་ ༡༨། ལྷོ་ཨ་ཧྥི་རི་ཀས་ཨ་སྒོར་ཐེར་འབུམ་ ༥ བཅས་བཞག་ཡོད་འདུག

རྒྱལ་སྤྱིའི་དཔལ་འབྱོར་དང་ཆབ་སྲིད་ཆེད་མཁས་པ་མཱག་ (Mark Weisbrot) ལགས་ཀྱིས། “€œརྒྱལ་སྤྱིའི་དངུལ་ཁང་དང་དངུལ་རྩའི་ཐེབས་རྩ་ (IMF and the World Bank) གཉིས་ཀྱི་ཐག་གཅོད་མང་ཆེ་བ་ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཀྱིས་བྱེད་བཞིན་ཡོད་པ་ལས་རྒྱལ་ཁབ་གཞན་ལ་གོ་སྐབས་སྤྲོད་ཀྱི་མེད་སྟབས། ད་རེབ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་དངུལ་ཁང་དང་དངུལ་རྩའི་ཐེབས་རྩ་གསར་འཛུགས་བྱ་རྒྱུ་བྱས་པ་དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད།”ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese