མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་གིས་རང་སྲོག་བཅད།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

བླ་བྲང་དགོན་པའི་གྲྭ་ཐབས་མཁས་ལགས་ཀྱིས་རང་སྲོག་བཅད་དེ། རྒྱ་གཞུང་གིས་གྲྭ་བ་ཚོད་འཛིན་བྱེད་བཞིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་འདུག

བློ་བཟང་དོན་ལྡན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་ ༩ ཉིན་བླ་བྲང་དགོན་པའི་གྲྭ་ཐབས་མཁས་ལགས་ཀྱིས། རྒྱ་གཞུང་གིས་ད་བར་བླ་བྲང་དགོན་པའི་ནང་གྲྭ་ ༩༩༩ ཡན་ཞུགས་མི་ཆོག་པར་བཟོས་ཏེ། གྲྭ་བའི་གྲངས་འབོར་ཚོད་འཛིན་བྱེད་བཞིན་པ་དང་། དགོན་པར་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་གྲྭ་བ་ཚོའི་སློབ་གཉེར་སོགས་ལ་སྟངས་འཛིན་ལྟ་རྟོག་བྱེད་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། གྲྭ་ཐབས་མཁས་ལགས་རང་ལོ་ ༥ སྟེང་བླ་བྲང་དགོན་པར་འཛུལ་ཞུགས་བྱས་ཏེ་ལོ་ ༢༤ བར་བསྡད་ཡོད་ཀྱང་། རྒྱ་གཞུང་གིས་དགོན་པར་གྲྭ་བའི་གྲངས་འབོར་ཚོད་འཛིན་དང་། ཆོས་དད་རང་དབང་མ་སྤྲད་པར་དམ་དྲག་ནན་མོ་བྱས་པ་སོགས་ལ་བརྟེན་ནས་གོ་སྐབས་མང་པོ་ཞིག་རག་མེད་པ་དང་། ཁོང་མ་ཡིན་པའི་བླ་བྲང་ས་ཁུལ་ནས་ཡོང་བའི་གྲྭ་བ་དང་། ས་གནས་གཞན་ནས་བསླབ་པ་སློབ་གཉེར་ཆེད་ཡོང་བའི་གྲྭ་བ་མང་པོ་དཀའ་ངལ་དེའི་འོག་གྲྭ་བ་ལོག་པ་དང་དོན་རྐྱེན་འདྲ་མིན་བྱུང་བཞིན་པའི་གནས་ཚུལ་བྱུང་གི་ཡོད་སྟབས། ཁོང་གིས་རང་སྲོག་བཅད་དེ་རྒྱ་གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་ངོ་རྒོལ་བྱས་ཡོད་འདུག

གྲྭ་ཐབས་མཁས་ལགས་ཀྱིས་རང་སྲོག་མ་བཅད་སྔོན་ལ་ཁོང་གི་གྲོགས་པོར། ང་རང་ལོ་ལྔ་ནས་ལོ་ཉེར་བཞི་བར་དགོན་པ་འདིར་ཞུགས་ནས་རང་ནུས་གང་ལྕོགས་ཀྱིས་ཞབས་འདེགས་དང་གཉོམ་ཆུང་ཚུལ་མཐུན་བྱས་ཀྱང་། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གྲྭ་གྲངས་ཚོད་འཛིན་སོགས་མང་པོ་ཞིག་ལ་ཁ་གཡར་ནས་གནོན་ཤུགས་རབ་དང་རིམ་པ་སྤྲད་སོང་། གནས་སྟངས་འདིས་གྲྭ་གཞོན་མང་པོ་ཞིག་གི་སེམས་ལ་ན་ཚ་བཟོ་གི་འདུག་སྟབས། ངས་རྒྱ་གཞུང་གི་གྲྭ་བའི་གྲངས་འབོར་ཚོད་འཛིན་དང་ཆོས་དད་རང་དབང་མེད་པའི་སྐོར་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གྱི་ཡིན། ཞེས་བརྗོད་ཡོད་འདུག

ཁོང་ནི་བླ་བྲང་བསང་ཆུ་རྫོང་སྔགས་པ་སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་འཇིགས་བྱེད་སྐྱབས་དང་མ་མིང་བདེ་སྐྱིད་སྒྲོལ་མ་ཞུ་བཞིན་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

སྐར་མ ༣༥ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་བརླག་ཏུ་གཏོང་ཐབས་ཀྱི་སྲིད་ཇུས་ལ་འགེབ་སྲུང་གི་ཚོགས་འདུ་བསྡུས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

ཀརྨ་པདྨ་རྡོ་རྗེ་ལགས་དང་ལྷན་དུ་བོད་ཡིག་བོད་སྐད་ག་འདྲ་སྦྱོང་བཞིན་ཡོད་པའི་སྐོར་ལ་གླེང་མོལ།

༢༠༢༥/༡༡/༠༢

མཆན། 1

  1. ཐོ་རེངས། says:
    ལོ་ 11 སྔོན།

    ལོ་ཁ་ཤས་ཀྱི་སྔོན་ལ་བོད་ནང་ནས་རང་ལུས་མེ་བསྲེགས་བཏང་ན་དེའི་ཆེད་དུ་བཙན་བཤོལ་བོད་གཞུང་ནས་གདུང་སེམས་མཉམ་ལེན་དང་བསྔོ་སྨོན་སོགས་བྱས་པ་རེད།
    དེང་སང་མདོ་ཁམས་ཞིག་ནས་བོད་རིགས་སྤུན་ཟླ་ཞིག་གི་རང་ལུས་མེ་ལ་བསྲེག་ན། དེ་ལ་བསྔོ་སྨོན་ཕར་ཞོག ཨོ་དེ་ད་རང་དོན་ཡིན་རྒྱུ་རེད། ཁྱིམ་ཚང་གི་རྙོག་ཁྲ་ཡིན་ན་ཐང་། ཆོ་མེད་པ་རེད་སོགས་ཟེར་བ་ལས། ཁོ་སྙིང་རྗེ་ཟེར་མཁན་ཡང་དཀོན་པོ་རེད། དེས་ན་དོན་བདག་འདི་གང་མགྱོག་གི་སྒོ་ནས་མཚམས་འཇོག་ཐུབ་ནས་ཤིན་ཏུ་ལེགས་སྙམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese