མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨི་རན་གྱི་རྡུལ་ཕྲན་གྲོས་མོལ་ཕྱིར་འགྱངས།

བོད་ཀྱི་དུས་བབ།
༢༠༡༤/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཚོས་ཨི་རན་གྱི་ཉིང་རྡུལ་གནད་དོན་ཐོག་ཚོགས་འདུ་བསྐོངས་པར་གྲུབ་འབྲས་མ་སོན་པར་གནད་དོན་ཐག་གཅོད་བྱེད་རྒྱུ་ཕྱི་ཟླ་ ༡༡ པའི་ནང་ལ་ཕྱིར་འགྱངས་བྱས་འདུག

ཁ་སང་ཕྱི་ཚེས་ ༡༨ ཉིན་ནས་ཉིན་གསུམ་རིང་ཨོ་སི་ཊོ་ཡའི་རྒྱལ་ས་བེ་ནམ་ (Vienna) དུ། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། རྒྱ་ནག ཨུ་རུ་སུ། འཇར་མན། ཨི་རན་བཅས་ཀྱི་ཕྱི་སྲིད་བློན་ཆེན་ཚོས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སྐོར་ལ་གྲོས་མོལ་བྱས་ཏེ། ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་བར་ཕྱིར་འགྱངས་བྱས་འདུག

ཐེངས་འདིར་ཨ་རིའི་གཞུང་གིས་དེ་སྔོན་ཨ་རིའི་ནང་ཡོད་པའི་ཨི་རན་གྱི་མ་དངུལ་ཨ་སྒོར་ཐེར་འབུམ ༢།༨ ལྷག་བཀག་འགོག་བྱས་པ་མཚམས་འཇོག་དང་ཨི་རན་གྱིས་མུ་མཐུད་དུ་གསོག་འཇོག་བྱས་ཡོད་པའི་ཉིང་རྡུལ་བརྒྱ་ཆ་ ༢༠ ཙམ་གློག་ཤུགས་ཆེད་བཀོལ་སྤྱོད་གཏོང་བར་འབོད་སྐུལ་བྱས་ཡོད་ཀྱང་། ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཇོན་ཁད་རེ་ཡིས་གསར་འགོད་པར། ཨ་རི་གཞུང་གིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གྲོས་མོལ་ལེགས་འགྲུབ་མ་བྱུང་བར་རྒྱལ་སྤྱིའི་ཐོག་ནས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་གང་ཡོད་པ་རང་སོར་འཇོག་རྒྱུ་ཡིན་ཚུལ་བརྗོད་འདུག

ཨི་རན་གྱི་ཉིང་རྡུལ་གནད་དོན་ཐད། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨི་རན་གྱིས་ཉིང་རྡུལ་དང་དེའི་བཟོ་གྲྭ་སོགས་རྩ་མེད་བཟོས་རྗེས། དེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་བཏང་བ་ཁག་མཚམས་འཇོག་བྱ་རྒྱུ་དང་། ཨི་རན་གྱིས་ཉིང་རྡུལ་རྒྱུ་ཆ་འཚོལ་བསྡུའི་ལས་གཞི་ནི་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་དམིགས་ཡུལ་མིན་པར་གློག་ཤུགས་དང་སྨན་བཅོས་ཆེད་ཡིན་སྟབས། གྲོས་མོལ་གྱི་སྔོན་ལ་དཔལ་འབྱོར་ཉེས་ཆད་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་འོག་ད་བར་ལྷག་ཡོད།

ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨི་རན་གྱིས་འབྱུང་འགྱུར་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་སྲིད་པའི་དོགས་གཞིའི་འོག ཨི་རན་ལ་དཔལ་འབྱོར་ཉེས་ཆད་མཚམས་འཇོག་བྱེད་པའི་གདེང་ཚོད་བསླེབས་མེད་པ་མ་ཟད། དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཨི་རག་དང་སེ་རི་ཡ། པ་ལི་སི་ཐན་དང་ཨི་སི་རེལ་སོགས་ཀྱི་དཀའ་རྙོག་ཐད་ལའང་ཨི་རན་གྱིས་ཤུགས་རྐྱེན་ཐེབས་སྲིད་པར་བློ་དོགས་བྱེད་བཞིན་ཡོད་འདུག

ཡུ་རོབ་མཐུན་ཚོགས་ཕྱི་སྲིད་ལས་ཁུངས་ཀྱི་འགན་འཛིན་ལྕམ་ཨད་ཤི་ཌོན་ (Catherine Ashton) ལགས་དང་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཇ་ཝ་རྫ་རེཧྥི་ (Javad Zarif ) གཉིས་ཀྱིས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་ “ ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སྐོར་གྱི་གྲོས་གཞི་ཁག་ཅིག་ལ་ཕྱོགས་གཉིས་བར་མོས་མཐུན་བྱེད་པར་ཁྱད་པར་ཆེན་པོ་ཡོད་སྟབས། ད་དུང་དུས་ཚོད་མང་ཙམ་དགོས་ཀྱི་ཡོད་ ” ཅེས་བརྗོད་ཀྱང་། དོན་དངོས་ཐོག་ཕྱོགས་གཉིས་མི་མཐུན་པའི་གནད་དོན་གང་ཡིན་སྐོར་ལ་ཁ་གསལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཨི་རན་གྱིས་ཡུའུ་ཁུ་རེན་དང་སེ་རི་ཡ། ཨེ་རག་ནང་སྲིད་དོན་དཀའ་རྙོག་བྱུང་བའི་གོ་སྐབས་དམ་འཛིན་བྱས་ཏེ། དེ་སྔོན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་བཏང་བ་མཚམས་འཇོག་བྱེད་རྒྱུར་འབད་བརྩོན་བྱེད་པ་ནོར་འཁྲུལ་ཡིན་ཚུལ་བརྗོད་པ་དང་། ཡང་ཁག་ཅིག་གིས། ཨི་རན་གཞུང་གིས་གང་མགྱོགས་ནུབ་ཕྱོགས་རྒྱལ་ཁབ་ཚོས་བཏོན་པའི་རྡུལ་ཕྲན་མཚོན་ཆའི་གྲོས་གཞི་ལ་མོས་མཐུན་བྱུང་ཚེ་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པར་ཕན་ཐོགས་ཡོད་ཚུལ་བརྗོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist