མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་ཡག་པོ་མེད་ན་ཁྱེད་ཅག་གི་འབོད་སྒྲ་གྲངས་ཉུང་མི་རིགས་ཀྱི་འབོད་སྒྲ་ཆཊ་འགྲོ།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་དྷ་སར་ཚོང་དོན་སྐོར་གྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་ཧི་མ་ཅལ་སྤྲོ་འཆམ་བློན་ཆེན་གྱིས་བོད་པ་སྐྱབས་བཅོལ་བ་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ན་ཐོག་མར་སོ་སོའི་དཔལ་འབྱོར་སྲ་བརྟན་བཟོ་དགོས་པ་དང་། མ་འོངས་པར་དྷ་ས་ཁུལ་གྱི་ལམ་ཁ་སོགས་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཐོག་དྷ་ས་མེག་གྷན་ཧི་མ་ཅལ་སྤྲོ་འཆམ་ཚོགས་ཁང་(Himachal Tourism Club House)དུ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གོ་སྒྲིག་འོག དྷ་ས་ཁུལ་གྱི་ཚོང་པ་དང་སློབ་ཕྲུག་ཚོར། ཚོང་ལས་དོན་གཉེར་སྐོར་༼Entrepreneurship༽ཅེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོར་ཧི་མ་ཅལ་སྤྲོ་འཆམ་བློན་ཆེན་ཝུ་ཇའེ་སིན་མོང་གྷོ་ཌེ་ལགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཟབ་སྦྱོང་སྤྲོད་མཁན་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་མཱ་ཌི་ཤར་མ་ ( Mrs.Madi Sharma)ལགས་དང་སཱེ་ཁཱོ་ལན་ཌི་དངུལ་ཁང་ལྷན་ཚོགས་ཀྱི་ཚོགས་མི་ཨཱ་ནཱ་རུ་ཛལ་( Mrs.Anna Ruzel) ལགས། ཧི་མ་ཅལ་ཚོང་དོན་ཁེ་ལས་ཀྱི་འགན་འཛིན་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། གཞན་ཚོགས་ཞུགས་པ་དྷ་ས་ཁུལ་གྱི་བོད་རིགས་ཚོང་པ་དང་རྒྱ་གར་གྱི་ཚོང་པ། དེ་བཞིན། དངུལ་ཁང་ཁག་གི་འགན་འཛིན་བཅས་ཁྱོན་མི་ ༣༠ ཡས་མས་ཤིག་འཛོམས་སོང་།

དབུ་འཛུགས་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་སྤྲོ་འཆམ་བློན་ཆེན་གྱིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་རྗེས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བློ་བཟང་བླ་མ་ལགས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་ངོ་སྤྲོད་གནང་དོན། ༢༠༠༥ ལོར་བོད་མིའི་ཚོང་ལས་བདེ་ཚོགས་འདི་གསར་འཛུགས་དང་འབྲེལ་ཚོགས་གཙོ་རིམ་པས་འབད་བརྩོན་བྱས་པར་བརྟེན། ད་ལྟ་སྒྲིག་འཛུགས་འདི་རྨང་གཞི་བརྟན་པོ་ཞིག་ཆགས་ཡོད་སྟབས། ང་ཚོས་གོམ་གང་མདུན་སྤོས་བྱས་ཏེ་རྒྱལ་སྤྱིའི་ཐོག་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ངོ་བོ་མཚོན་ཐབས་དང་། དོན་གཉེར་ཅན་ཚོར་སློབ་སྦྱོང་སྤྲད་དེ་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་ཐུབ་ཐབས་ལ་འབད་བརྩོན་བྱེད་དགོས་པ་མ་ཟད། རྒྱལ་སྤྱི་དང་རྒྱ་གར་གྱི་ཚོང་པ་ཚོ་དང་འབྲེལ་ལམ་བཟང་དུ་གཏོང་ཐབས་བྱ་དགོས། དེ་བཞིན། ཚོགས་པ་འདིས་བཟང་སྤྱོད་ལྡན་པའི་ཚོང་ལས་ཤིག་ཡོང་ཐབས་དང་ཚོང་ལས་ནང་བཟང་སྤྱོད་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད། བོད་པའི་སྤྱི་ཚོགས་འདི་ཚོང་ལས་དོན་གཉེར་བྱེད་མཁན་གྱི་སྤྱི་ཚོགས་ཆགས་ཏེ་ལོ་ངོ་ ༥༥ ལྷག་ཕྱིན་ཡོད་ཀྱང་ང་ཚོར་ཚོང་ལས་ཐོག་ཁ་ཕྱོགས་གསལ་པོ་མེད་པར་བརྟེན་ད་ལྟ་རྗེས་ལུས་ཐེབས་ཡོད་སྟབས། ང་ཚོས་རྒྱལ་སྤྱིའི་ཐོག་ཡིད་ཆེས་འཕེར་ངེས་ཀྱི་ཚོང་རོགས་བཙལ་རྒྱུ་དང་ཁེ་ལས་གང་མང་གསར་འཛུགས་བྱ་རྒྱུ་ཙམ་མིན་པར་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་དང་ལམ་སྟོན་ དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་བརྗོད་སོང་།

དེའི་རྗེས་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་སྤྲོ་འཆམ་བློན་ཆེན་གྱིས། ངས་༧གོང་ས་མཆོག་ལ་དད་གུས་བརྒྱ་ཆ་བརྒྱ་བྱེད་ཀྱི་ཡོད་པ་ཙམ་མ་ཟད། བོད་མི་ཚོས་དཀའ་སྡུག་གང་མྱངས་པ་དང་ཁོང་ཚོས་༧གོང་ས་མཆོག་ལ་དད་གུས་ག་ཚོད་ཡོད་ མེད་ཤེས་ཀྱི་ཡོད། ༡༩༥༩ ལོར་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་ཏེ་བོད་མི་ཚོར་དམག་ཆེན་གཉིས་པའི་སྐབས་ཀྱི་ཇེའུ་མི་རིགས་ལྟར་སྡུག་སྦྱོང་མནར་གཅོད་བཏང་སྟེ་དཀའ་སྡུག་མང་པོ་ཞིག་མྱངས་དགོས་བྱུང་ཡོད་པ་ནི་ཐབས་སྡུག་གི་རང་བཞིན་ཞིག་ཡིན་ཡང་། བོད་མི་ཚོས་ཚོང་ལས་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་སྟབས། ངེས་པར་དུ་ཚོང་ལས་ཐོག་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་སྤོབས་ཐོབ་པ་བྱ་དགོས། རྒྱ་གཞུང་གིས་དཔལ་འབྱོར་དང་ཚོང་ལས་བེད་སྤྱོད་བྱས་ཏེ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་བཟོ་བཞིན་ཡོད་སྟབས། གལ་ཏེ་དཔལ་འབྱོར་ཡག་པོ་མེད་ཚེ་ཁྱེད་ཚོའི་འབོད་སྒྲ་དེ་གྲངས་ཉུང་མི་རིགས་ཀྱི་འབོད་སྒྲ་ཞིག་ཏུ་འགྱུར་རྒྱུ་ཉག་ཅིག་ཡིན་སྟབས། ཚོང་ལས་དང་དཔལ་འབྱོར་ཐོག་ཤུགས་སྣོན་རྒྱག་ཐུབ་པ་བྱ་དགོས། ཁྱེད་ཚོས་ལས་འགུལ་གང་ཞིག་སྤེལ་ཡང་ངས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དེ་བཞིན་ཁོང་གིས་མེག་གྷན་གྱི་ལམ་ཀ་དང་། ཆུ་འགྲོ་སའི་ཡུར་པོ། གད་སྙིགས་བླུག་སྣོད། རླངས་འཁོར་འཇོག་ས། གཙང་སྦྲ་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་དག་མངའ་སྡེའི་གཞུང་གིས་འགྲོ་སོང་བཏང་སྟེ་མགྱོགས་མྱུར་སེལ་ཐུབ་པ་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། “ངས་ཁ་སང་ལྷོ་ཕྱོགས་ནས་ཕེབས་པའི་ངའི་གྲོགས་པོ་ཞིག་དང་སྐད་ཆ་བཤད་པ་ཡིན། ཁོང་གིས་བྷེང་ལོར་ནས་རྒྱ་གར་གྲོགས་པོ་ཞིག་༧གོང་ས་མཆོག་མཇལ་བར་མགྲོན་འབོད་བྱས་འདུག མི་དེས་ཁོ་རྒྱ་གར་ཞིག་ཡིན་པར་ངོ་ཚ་སྐྱེ་དགོས་པ་ཞིག་ཆགས་འདུག དྷ་རམ་ས་ལར་༧གོང་ས་མཆོག་བཞུགས་ཡོད་ཀྱང་། ལམ་ཁ་སྐྱོ་པོ་འདི་འདྲ་ཞིག་ཡོད་པ་ནི་དངོས་གནས་ངོ་ཚ་སྐྱེ་དགོས་པ་ཞིག་རེད་ཅེས་བརྗོད་པ་ལྟར། ཁོང་དང་ཁོང་འདྲ་བའི་རྒྱ་གར་དང་ཕྱི་རྒྱལ་མི་མང་པོ་ཞིག་གིས་དེ་རང་ཚོར་བཞིན་ཡོད་སྟབས། ཧི་མ་ཅལ་སྤྲོ་འཆམ་བློན་ཆེན་མཆོག་གིས་བཞུགས་སྒར་ཁུལ་གྱི་དཀའ་ངལ་དག་སེལ་རྒྱུ་ཡིན་སྐོར་ཁས་ལེན་གནང་བ་ལྟར། ང་ཚོས་ཁ་བཤད་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་ཐུབ་པ་བྱ་དགོས།”ཞེས་དང་།

ད་དུང་ཁོང་གིས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གོ་སྐབས་འདི་བསྐྲུན་ཏེ། སྔོན་ལ་བཀའ་མོལ་ཞུས་པ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཚོགས་མི་མཱ་ཌེ་ཤར་མས་སྣེ་འཁྲིད་དེ་ལྡི་ལིར་ཉིན་མ་གཉིས་དང་དྷ་རམ་ས་ལར་ཉིན་མ་གཉིས་བཅས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་གི་ཡོད་རེད། ཟབ་སྦྱོང་འདི་ཚོགས་འདུ་དང་ཟབ་སྦྱོང་གང་ཡིན་མགོ་མ་འཚོས་པ་ལྟ་བུ་ཞིག་འདུག ཡིན་ཡང་། གོ་སྒྲིག་ཞུ་མཁན་ཚོས་སྔོན་འགྲོར་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཏེ། བོད་པའི་ཚོང་པ་དང་རྒྱ་གར་གྱི་ཚོང་བའི་བར་ལ་འབྲེལ་བ་དམ་ཟབ་གཏོང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་འགན་འཛིན་ལྷན་ཚོགས་ཚོས་རྒྱ་གར་ལ་འབྲེལ་བ་གང་མང་བཟོ་ཐབས་བྱེད་བཞིན་ཡོད་པ་ལྟར། མངའ་སྡེའི་སྤྲོ་འཆམ་བློན་ཆེན་མཆོག་ཕེབས་ཏེ་དྷ་རམ་ས་ལའི་དཀའ་ངལ་སེལ་རྒྱུར་ཁས་ལེན་མང་པོ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཉེ་ལམ་ཨ་རིར་སྡོད་མཁན་བོད་མི་ཞིག་གིས་རྒྱ་གར་ཡུལ་མི་དང་བོད་མིའི་འབྲེལ་ལམ་མེད་པའི་སྐོར་བྲིས་ཡོད་པ་དེ་ད་ལྟ་རྒྱ་མིས་བེད་སྤྱོད་གཏོང་གི་ཡོད་པར་དགོངས་སེལ་ཞུ་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།

ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་མཱ་ཌི་ཤར་མ་ལགས་ཀྱིས། ༢༠༠༥ ལོར་བོད་མིའི་ཚོང་ལས་བདེ་ཚོགས་ཚོགས་མི་ཉུང་ཤས་ཤིག་གིས་མགོ་འཛུགས་བྱས་ཡོད་ཀྱང་། ༢༠༡༢ ལོར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་སྐུ་ཚབ་ཧྥ་རན་སི། ཧོ་ལན་ཌི། སི་པན་དང་། ༢༠༡༣ ལོར་ཨ་རིར་སྐོར་སྐྱོད་དང་འབྲེལ་ཚོགས་མི་མང་དུ་འགྲོ་བཞིན་ཡོད། ད་ལྟ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱིས་རྒྱ་གར་དང་བོད་མིའི་ཚོང་པ་བར་མཉམ་ལས་ བྱ་རྒྱུར་སྐུལ་འདེད་གཏོང་གི་ཡོད་པ་དེར་ངས་རྒྱབ་སྐྱོར་བྱེད་བཞིན་ཡོད། བོད་མིའི་ཚོང་ལས་བདེ་ཚོགས་འདི་བཟང་སྤྱོད་ལྡན་པའི་བདེ་ཚོགས་ཤིག་དང་བཟང་སྤྱོད་ལྡན་པའི་ཐོག་ཚོང་ལས་གོང་འཕེལ་གཏོང་མཁན་གྱི་ཚོགས་པ་ཞིག་ཆགས་ཡོད། ངས་༧གོང་ས་མཆོག་དང་ཐེངས་འགའ་མཇལ་སྐབས་ཁོང་གིས་ཚོང་ལས་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་མཁན་གྱི་རྨང་གཞི་གཙོ་བོ་ཞིག་རེད་ཅེས་གསུངས་པ་ལྟར། དཔལ་འབྱོར་ཡར་རྒྱས་གཏོང་མཁན་གཙོ་བོ་ནི་ཚོང་ལས་ཙག་ཙིག་རྒྱག་མཁན་ཚོ་ཆགས་ཡོད་སྟབས། ང་ཚོས་ལས་རིགས་དེ་དག་གཉེར་མཁན་ཚོར་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། ངའི་སེམས་དང་བླ་སྲོག་རྒྱ་གར་བ་ཞིག་ཆགས་ཡོད་ཀྱང་ངའི་མི་ཚེ་འདི་འཛམ་གླིང་ལ་ལེགས་སྐྱེས་འབུལ་རྒྱུ་དེ་ཡིན། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས་ཁྱེད་རང་གིས་སོ་སོས་སོ་སོར་འགྱུར་བ་གཏོང་ཐུབ་པ་ཞིག་བྱ་དགོས་ཞེས་གསུངས་ཡོད་པ་ལྟར། ངས་ཁྱེད་ཚོར་སོ་སོས་སོ་སོར་ཁག་འདོགས་མ་བྱས་པར་རང་ཉིད་ཀྱིས་རང་ཉིད་ལ་བཅོས་བསྒྱུར་གཏོང་ཐུབ་པ་ཞིག་བྱ་དགོས་ཞུ་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།

མེག་གྷན་པན་ཇབ་དངུལ་ཁང་གི་འགན་འཛིན་གྱིས། ཚོང་ལས་ཐོག་བྱས་རྗེས་ཅན་གྱི་སྐྱེས་བུ་ཞིག་ཆགས་དགོས་ན། དང་པོ། མི་དེར་རང་འགུལ་གྱི་བསམ་པ་ཞིག་དགོས་པ་དང་། གཉིས་པ། གོ་སྐབས་དམ་འཛིན་བྱེད་ཐུབ་པ། གསུམ་པ། རྒྱུན་འཁྱོངས་ཐུབ་པ། བཞི་པ། གནས་ཚུལ་རྒྱུས་ལོན་བྱེད་དགོས་པ། ལྔ་པ། ལས་ཀའི་སྤུས་ཚད་ལེགས་པོ་དགོས་པ། དྲུག་པ། མི་དང་མཉམ་དུ་འབྲེལ་བ་ཉར་དགོས་པ། དྲུག་པ། ནུས་པ་དང་ལྡན་པ་ཆགས་དགོས་པ། བདུན་པ། དཀའ་ངལ་སེལ་རྒྱུའི་ནུས་པ་ཡོད་པ། བརྒྱད་པ། གདེང་ཚོད་དགོས་པ། དགུ་པ། བརྩོན་སེམས་དགོས་པ། བཅུ་པ། མིར་སྐུལ་འདེད་གཏོང་ཐུབ་པ་བྱ་དགོས། བཅུ་གཅིག་པ། མི་གཞན་གྱི་བདེ་དོན་ལ་འགན་འཁུར་ལེན་ཐུབ་པ་བྱ་དགོས། ཞེས་སོགས་བརྗོད་སོང་།

མཇུག་ཏུ་ཀུན་བཟང་དཔལ་སྒྲོན་ལགས་ཀྱིས། སྐུ་མགྲོན་གཙོ་བོ་མཆོག་དང་ཟབ་སྦྱོང་ལ་མཐུན་འགྱུར་རོགས་རམ་གནང་མཁན་ཚོར་ཐུགས་རྗེ་ཆེའི་གཏམ་བཤད་དང་འབྲེལ་ཁོ་མོས་ཟབ་སྦྱོང་ཞེས་པ་འདི་ཕན་ཚུན་ཤེས་བྱ་གོང་འཕེལ་དང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཤིག་ཆགས་ཡོད་སྟབས། ད་རེབ་ཟབ་སྦྱོང་འདིས་བོད་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་རྒྱུར་རེ་བ་རྒྱག་གི་ཡོད། ཅེས་སོགས་བརྗོད་བྱུང་།

ཚེས་ ༢༤ དང་ ༢༥ ཉིན་གཉིས་ཟབ་སྦྱོང་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། ཟབ་སྦྱོང་ནང་འཛུལ་བཞུགས་བྱེད་མཁན་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ཚོང་རིགས་སྡེ་ཚན་གྱི་སློབ་ཕྲུག་དང་། དྷ་ས་ཁུལ་གྱི་ཚོང་པ་དག་ཡིན་འདུག ཟབ་སྦྱོང་སྤྲོད་མཁན་ནི་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་མཱ་ཌི་ཤར་མ་ ( Mrs.Madi Sharma) ལགས་ཀྱི་གཙོས་སཱེ་ཁཱོ་ལན་ཌི་དངུལ་ཁང་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་ཨཱ་ནཱ་རུ་ཛལ་( Mrs.Anna Ruzel) ལགས་དང་། པོ་ལན་ཌིའི་སྲིད་འཛིན་གྱི་ཡུ་རོབ་གྲོས་ཚོགས་ཀྱི་ཕྱག་རོགས་ལྕམ་ཀཱར་མན་ ( Mrs. Carmen Godeanu) ལགས་བཅས་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    སྤྲོ་འཆམ་བློན་ཆེན་མཆོག་ཐུགས་རྗེ་ཆེ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese