མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རི་དང་རྒྱ་གར་འབྲེལ་བ་སླར་གསོ་ཐུབ་བམ།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེས་དུས་རབས་ཉེར་གཅིག་ནང་རྒྱ་གར་དང་ཨ་རིའི་མཉམ་ལས་ནི་མེད་ཐབས་མེད་པའི་མཉམ་ལས་ཤིག་ཆགས་ཡོད་སྐོར་བརྗོད་འདུག

ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་རྒྱལ་ས་ཝ་ཤིན་ཌོན་དུ་རྟེན་གཞི་བྱས་པའི་ཨ་རིའི་ཤེས་ཡོན་འཕེལ་རྒྱས་བསྟི་གནས་ཁང་ (Centre for American Progress) གིས་གོ་སྒྲིག་བྱས་པའི་རྒྱ་གར་དང་ཨ་རིའི་བར་གྱི་ཐུན་མོང་མཉམ་ལས་བྱེད་ཕྱོགས་ཀྱི་མཁས་པའི་བགྲོ་གླེང་ (The United States and India: A Shared Vision for 2020 and Beyond) ཞེས་པའི་སྟེང་ཞུགས་ཏེ། དུས་རབས་ཉེར་གཅིག་ནང་ཨ་རི་དང་རྒྱ་གར་བར་གྱི་མཉམ་ལས་ནི་མེད་ཐབས་མེད་པའི་མཉམ་ལས་ཤིག་ཆགས་ཡོད་སྟབས། རྒྱལ་ཁབ་གཉིས་པོས་ཕྱོགས་གང་ཐད་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་དཀའ་རྙོག་སེལ་ཐབས་བྱ་དགོས། ཞེས་བརྗོད་འདུག་པ་མ་ཟད། ཨ་རིའི་འཛུགས་སྐྲུན་ཁེ་ལས་དང་བརྡ་འཕྲིན་ཚན་རྩལ་ཁག་རྒྱ་གར་ནང་བཙུགས་ཏེ། རྒྱ་གར་གཞུང་དམངས་གཉིས་ལ་ཕན་ཐོགས་བསྐྲུན་ཐབས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཨ་རིའི་རྒྱལ་དོན་དྲུང་ཆེ་ཡིས་རྒྱ་གར་དང་འབྲེལ་བའི་གནད་དོན་ཁག་ཅིག་ཐོག་གཏམ་བཤད་བྱས་ཡོད་པ་ལས། ཤེས་ཡོན་ཐོག་མཉམ་ལས་བྱེད་ཕྱོགས་སྐོར་ལ་ཁོང་གིས། རྒྱ་གར་ནང་ལས་ཀའི་འགྲན་རྩོད་ཤུགས་ཆེན་ཡོད་པ་མ་ཟད། ལོ་རེའི་ནང་རྒྱ་གར་གྱི་སློབ་ཕྲུག་ཆིག་འབུམ་ལྷག་ཨ་རིའི་སློབ་ཆེན་ཁག་ནང་ཡོང་གི་ཡོད་སྟབས། རྒྱལ་ཁབ་གཉིས་པོས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆེད་ལས་དང་གསར་གཏོད་ཀྱི་ཤེས་ཡོན་གྱིས་ཕྱུག་པའི་གཞོན་སྐྱེས་གང་མང་གསོ་སྐྱོང་དང་ཁོང་ཚོར་གོ་སྐབས་བསྐྲུན་ཏེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐུབ་པ་བྱ་དགོས། ང་ཚོ་རྒྱལ་ཁབ་གཉིས་ཀྱི་རིགས་རྒྱུན་ ( DNA) ནང་ཚོང་ལས་དང་གསར་གཏོད་ཀྱི་ཤེས་བྱའི་མཁོ་ལག་འཛོམས་ཡོད་སྟབས། རྒྱལ་སྤྱིའི་ཐོག་མཉམ་ལས་མདུན་སྐྱོད་བྱེད་དགོས་པའི་དུས་ལ་བབ་ཡོད། ཅེས་བརྗོད་འདུག

པ་ཀི་སི་ཐིན་དང་འབྲེལ་བའི་ཐོག་ལ་ཁོང་གིས། ནཱ་རེན་ཌ་མུ་དྷེ་ཡིས་སྲིད་བློན་དམ་འབུལ་མཛད་སྒོའི་སྐབས་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤི་རེབ་མགྲོན་འབོད་གནང་སྟེ། ཁྱིམ་མཚེས་རྒྱལ་ཁབ་བར་འཆམ་མཐུན་དང་ཞི་བདེ་ཡོང་ཐབས་ཀྱི་གོམ་པ་ཐོག་མ་སྤོས་པ་དེར་ཨ་རིས་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་བརྗོད་འདུག

གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཐོག་ལ་ཁོང་གིས། གནམ་གཤིས་འགྱུར་ལྡོན་རྐྱེན་པས་རྒྱལ་སྤྱི་གཙོས་རྒྱ་གར་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་མཁའ་རླུང་འབགས་བཙོག་ཆེ་ཤོས་ཀྱི་གྲོང་ཁྱེར་ཆེ་ཁག་དྲུག་དེ་རྒྱ་གར་ནང་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱས་ཏེ་དཀའ་ངལ་དེ་དག་སེལ་ཐབས་བྱ་དགོས་ཞེས་སོགས་བརྗོད་འདུག

ཕྱི་ཟླ་ ༩ པའི་ནང་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཨ་རིར་བསྐྱོད་འཆར་ཡོད་ཅིང་། སྐབས་དེར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ཚོང་དོན། དམག་དོན་སོགས་ལ་མཉམ་ལས་བྱེད་ཕྱོགས་ཐོག་གྲོས་མོལ་བྱ་རྒྱུ་ཡིན་པ་མ་ཟད། ཨ་རིར་ཡོད་པའི་རྒྱ་གར་མི་རིགས་འདུ་འཛོམས་ཀྱི་ཚོགས་འདུ་ཞིག་ལ་བཅར་ཏེ་གཏམ་བཤད་གནང་འཆར་ཡོད་འདུག

སང་ཉིན་ནས་བཟུང་ཉིན་གསུམ་རིང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་རྒྱ་གར་ནང་སྐོར་སྐྱོད་དང་འབྲེལ། རྒྱ་གར་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་ལྕམ་སུ་ཤི་མཱ་ (Sushma Swara) བཅས་ལ་ཐུག་འཕྲད་དང་། ཚེས་ ༣༡ ཉིན་ལྡི་ལིར་ཚོགས་གཏན་འཁེལ་བའི་ཨ་རི་དང་རྒྱ་གར་བར་གྱི་ཐབས་ཇུས་གྲོས་མོལ་ཐེངས་ལྔ་པ་ (The fifth India-US Strategic Dialogue) ཞེས་པར་མཉམ་ཞུགས་བྱས་ཏེ། རྒྱལ་ཁབ་གཉིས་བར་གློག་ཤུགས་དང་གནམ་གཤིས་འགྱུར་ལྡོག སོ་ནམ། འཕྲུལ་ལས། འཕྲོད་བསྟེན་སོགས་དོན་ཚན་ལྔའི་སྐོར་ལ་གྲོས་མོལ་བྱ་འཆར་ཡོད་འདུག

རྒྱ་གར་གྱི་ཆེད་མཁས་པ་མེ་ལན་ (Milan Vaishnav) ལགས་ཀྱིས། €œཉེ་ལམ་ལོ་ཤས་རིང་རྒྱལ་ཁབ་གཉིས་བར་དཀའ་རྙོག་བྱུང་སྟེ་འབྲེལ་ལམ་ལ་དོ་ཕོག་ཕྱིན་ཡོད་སྟབས། ད་རེབ་ཀྱི་འགྲོ་འོང་འདི་བརྒྱུད་ནས་རྒྱལ་ཁབ་ཀྱི་འབྲེལ་ལམ་སླར་གསོ་ཡོང་རྒྱུ་རེད། ཅེས་བརྗོད་འདུག་ཀྱང་། ཨ་རིའི་ཕོ་བྲང་དཀར་པོའི་གཞུང་ཞབས་ཟུར་པ་ཨ་ནེ་ཤི་ (Anish Goel) ལགས་ཀྱིས། སྤྱིར་བཏང་རྒྱ་གར་ནང་ཚོགས་གཏན་འཁེལ་བའི་རྒྱལ་ཁབ་གཉིས་ཀྱི་ཚོགས་འདུ་གལ་ཆེན་པོ་ཡིན་ཡང་། ཚོགས་འདུ་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུ་ཡིན་པ་མཐོང་གི་མེད། €ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༩ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist