མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ ༣ མུ་མཐུད་བཀག་ཉར།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་མཚོ་ལྷོ་ཁུལ་སྐ་གསར་སྡེ་བའི་བོད་མི་ ༢༧ འཛིན་བཟུང་བྱས་པ་ལས་ཁག་ཅིག་ཀློད་གྲོལ་བཏང་ཡོད་ཀྱང་། བོད་མི་གསུམ་མུ་མཐུད་བཀར་ཉར་བྱས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༧ ཉིན་རྒྱ་གཞུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་སྐ་གསར་སྡེ་བའི་སྡེ་མི་ཚོས་རྡོ་ཀ་མ་རུའི་གཏེར་ཁ་སྔོག་འདོན་བྱེད་བཞིན་པའི་ལས་གཞི་བཀག་འགོག་བྱས་པའི་ནག་ཉེས་འོག སྐ་གསར་སྡེ་བའི་སྡེ་དཔོན་ཁྲོ་མཐར་དང་པདྨ་གཙོས་པའི་བོད་མི་ ༢༧ འཛིན་བཟུང་བྱས་ཡོད་པ་ལྟར། ཉེ་ལམ་ཁོང་ཚོའི་ཁྲོད་ཀྱི་བོད་མི་ ༢༤ ཀློད་གྲོལ་བཏང་ཡོད་ཀྱང་། རང་ལོ་ ༣༤ ཙམ་ཡིན་པའི་འབྲུག་སྐྱིད་དང་། རང་ལོ་ ༥༠ ཙམ་ཡིན་པའི་དོན་ཁོ། རང་ལོ་ ༢༤ ཙམ་ཡིན་པའི་གཡང་མཚོ་སྐྱིད་བཅས་མི་གསུམ་ད་དུང་ཡང་མཚོ་ལྷོ་ཁུལ་གྱི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག

ས་གནས་བོད་མི་ཚོས་གཞུང་ཕྱོགས་ནས་བཀག་ཉར་འོག་ཡོད་པའི་བོད་མི་ཁོང་གསུམ་ལ་དྲང་བདེན་གྱི་ཐག་གཅོད་ཅིག་མ་བྱུང་ཚེ། ཁྲིམས་ཐག་གཅོད་རྒྱུའི་ཉེན་ཁ་ཡོད་ཚུལ་བརྗོད་ཀྱི་ཡོད་འདུག

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་སྐ་གསར་སྡེ་བའི་རྡོ་ཀ་མ་རུའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་ནི། ལོ་མང་པོའི་ཡར་སྔོན་ནས་བཟུང་རྒྱ་ནག་གཞུང་ཕྱོགས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་གནང་བཞིན་པའི་གཏེར་སྔོག་གི་ལས་གཞི་ཞིག་ཡིན་འདུག འདི་ལོའི་ཕྱི་ཟླ་ ༦ ཟླ་མགོར་དེ་སྔོན་གྱི་དུས་བཅད་ལྟར་གཏེར་སྔོག་གི་དུས་ཚོད་རྫོགས་ཡོད་ཀྱང་། གཞུང་ཕྱོགས་ནས་མི་མང་གི་རེ་སྐུལ་ལ་ཡ་ལན་མ་བྱས་པར་མུ་མཐུད་སྔོག་འདོན་བྱས་ཏེ། སྐ་གསར་སྡེ་བའི་གནས་རི་བཀྲ་ཤིས་ལྷ་རི་དང་དུར་ཁྲོད། རྒྱ་རགས་ས་གནས་ཀྱི་ཁོར་ཡུག་བཅས་ལ་གཏོར་སྐྱོན་ཚབས་ཆེན་བཟོས་སྟབས། ས་གནས་བོད་མི་ཚོས་ལས་གཞི་དེར་ངོ་རྒོལ་བྱས་ཡོད་ལ། སྐབས་དེར་རྒྱ་གཞུང་གིས་ས་གནས་ཀྱི་མི་སྐྱ་ཕོ་མོ་ ༢༧ འཛིན་བཟུང་བཀག་ཉར་བྱས་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist