མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ས་ཡོམ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཉི་མར་རྒྱ་ནག་ཡུན་ནན་ཞིང་ཆེན་དུ་ས་ཡོམ་བརྒྱབ་ཏེ་མི་ ༣༨༡ འདས་གྲོངས་དང་། མི་ ༡༨༠༡ ལ་རྨས་སྐྱོན་ཕོག་ཡོད་པ་དང་། ད་དུང་མི་ཤི་རྨས་ཀྱི་གྲངས་འབོར་འཕར་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཐོག རྒྱ་ནག་ཡུན་ནན་ཞིང་ཆེན་དུ་ས་ཡོམ་བརྒྱབ་ཏེ་མི་ ༣༨༡ འདས་གྲོངས་དང་། མི་ ༡༨༠༡ ལོ་རྨས་སྐྱོན། ས་གནས་མི་མང་གི་སྡོད་ཁང་ཁིྲ་ ༡།༢ དང་རྡིབ་ཡོད་པ་དང་། སྡོད་ཁང་ཁྲི་ ༣ ལ་གཏོར་སྐྱོན་བཅས་ཐེབས་ཏེ། མི་མང་ཁྲི་ཕྲག་མང་པོ་འགྲོ་ཡུལ་མེད་པར་ལྷག་ཡོད་པ་དང་། ས་གནས་ཀྱི་གཞུང་ལམ་སོགས་ལ་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་པར་མ་ཟད། ཉེ་བའི་ཆར་མི་ཤི་རྨས་ཀྱི་གྲངས་འབོར་འཕར་བཞིན་ཡོད་འདུག རྒྱ་ནག་གཞུང་འབྲེལ་ས་ཡོམ་བརྟག་དཔྱད་ཚན་པས་ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་ ༦།༥ ཡིན་ཚུལ་བརྗོད་ཡོད་པ་དང་། ཨ་རིའི་ས་ཡོན་བརྟག་དཔྱད་ཚན་པས་ས་ཡོམ་གྱི་ཚད་རིམ་ ༦།༡ ཡིན་ཚུལ་བརྗོད་འདུག

ཐེངས་འདིའི་གཏིང་ཟབ་ཚད་སྤྱི་ལེ་ ༡༢ ཡིན་པའི་རང་བྱུང་ས་ཡོམ་གྱི་གནོད་འཚེ་དེས་ཡུན་ནན་ཞིང་ཆེན་གྱི་རི་གྲོང་ས་ཁུལ་ཁག་ཡོངས་ལ་གནོད་སྐྱོན་ཚབས་ཆེན་བཟོས་འདུག་ལ། ཀོས་ཀྲིག་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་སོགས་ལའང་གཡོ་འགུལ་ཐེབས་ཡོད་འདུག ཉེ་བའི་ཆར་གནོད་ཐེབས་ས་ཁུལ་གྱི་གློག་དང་ལམ་ཁ་ཚང་མར་གཏོར་སྐྱོན་ཚབས་ཆེན་ཐེབས་ཏེ། གནོད་ཐེབས་མང་ཚོགས་ལ་བཟའ་ཆས་དང་། ས་གནས་སུ་མྱུར་སྐྱོབ་མི་སྣ་སོགས་འབྱོར་མ་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་ཁ་སང་གནོད་ཐེབས་ཀྱི་གནས་ཚུལ་ཐོས་རྗེས། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གི་སྣེ་འཁྲིད་པའི་ཚོགས་པ་ཞིག་པེ་ཅིན་ནས་ཡུན་ནན་དུ་འབྱོར་ཏེ་གནོད་ཐེབས་ས་ཁུལ་དུ་བཀོད་འདོམས་ཀྱི་ལས་དོན་བསྒྲུབ་བཞིན་ཡོད་ཚུལ་དང་། ཀྲོ་ཡང་ས་ཁུལ་ནས་དམག་མི་དང་མྱུར་སྐྱོབ་མི་སྣ་ ༦༠༠ དང་། སྦྱོང་བརྡར་ཡོད་པའི་ཁྱི་ ༡༢ བཅས་མངགས་གཏོང་གིས་འཚོལ་ཞིབ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པར་ཡུན་ནན་ཞིང་ཆེན་དམངས་སྲིད་ལས་ཁུངས་ཀྱིས་གནས་ཚུལ་ཞིག་སྤེལ་ཏེ། ཉེ་བའི་ཆར་འདས་གྲོངས་སུ་ཕྱིན་པའི་རིགས་ཚང་མ་ལོའུ་ཏིན་རྫོང་དུ་བསྐྱལ་གྱི་ཡོད་པ་དང་། དེ་མིན་གྱི་རྨས་སྐྱོན་ཐེབས་པའི་རིགས་ཆོ་ཅྰ་རྫོང་དང་ཀྲོ་ཡང་ས་ཁུལ། ལི་ཅིན་ས་ཁུལ་ཧེ་ཙིག་རྫོང་བཅས་སུ་བསྐྱལ་བཞིན་ཡོད་སྐོར་བཀོད་འདུག

རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་ས་ཡོམ་ཤུགས་ཆེ་བ་དང་གཏིང་ཚད་ཟབ་པ། གནོད་ཐེབས་ས་ཁུལ་གྱི་སྡོད་ཁང་འཚང་ཁ་ཆེ་བ། ས་གནས་ཀྱི་ཕྱོགས་གང་སར་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་སྟབས། རྒྱུ་དངོས་ཀྱི་འགྲོ་སོང་ཕོན་ཆེན་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

ཐེངས་འདིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་ལོའུ་ཏིན་རྫོང་ནི། ཡུན་ནན་ཞིང་ཆེན་གྱི་རི་གྲོང་ཞིག་ཡིན་འདུག དེར་མེའོ་རིགས་དང་ཀྲོང་རིགས། པེ་རིགས་བཅས་གཙོས་པའི་མི་མང་ཁྲི་ ༤༣ གནས་སྡོད་བྱས་ཡོད་པ་དང་། རྒྱ་ནག་ནང་ཁུལ་དབུལ་སྐྱོར་ས་ཁུལ་ཆེ་ཤོས་ཤིག་ཡིན་འདུག ༢༠༡༢ ལོའི་ཟླ་ ༩ བར་ས་ཁུལ་དེར་ཚད་རིམ་ ༥།༦ ཅན་གྱི་ས་ཡོམ་བྱུང་སྟེ། མི་ ༨༡ འདས་གྲོངས་དང་། མི་ ༨༢༡ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese