མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁྲིམས་ཐོག་ན་བུད་མེད་ལ་སྲུང་སྐྱོབ་དང་ཐོབ་ཐང་ག་རེ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་ཉིན་བཞིའི་རིང་ངྷ་སར་བོད་པའི་བུད་མེད་ཚོར་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་ཅིང་། མཛད་སྒོ་དབུ་འཛུགས་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་པའི་སྤྱི་ཚོགས་ནང་བུད་མེད་ཚོར་ཐོབ་ཐང་སྤྲོད་ཀྱི་མེད་པའི་གནས་ཚུལ་དང་བུད་མེད་ཚོ་རང་ངོས་ནས་ཐོང་ཐང་ལེན་ཐུབ་ཀྱི་མེད་པ་བཅས་ཡོང་གི་ཡོད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ སྟེང་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༼བཙན་བྱོལ་བོད་ཀྱི་བུད་མེད་ལ་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ།༽ ཞེས་པའི་ཉིན་བཞིའི་རིང་གི་ཟབ་སྦྱོང་ཞིག་དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕེབས་འདུག ཟབ་སྦྱོང་གནང་མཁན་རྒྱ་གར་བ་ལྕམ་ཀམ་ལཱ་བྷ་སིན་ (Kamla Bhasin ) ལགས་དང་ལས་འགུལ་བ་ལྕམ་ཇ་སི་མེན་ (Jasmeen Patheja) ལགས། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་བཅས་ཡིན་པ་དང་། གཞན་ཚོགས་ཞུགས་མི་སྣ་དྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་ཁག་ ༡༣ གྱི་བུད་མེད་དང་ལྡི་ལི་མཐོ་སློབ་ཀྱི་སློབ་མ་བཅས་ཁྱོན་མི་ ༧༠ ལྷག་འཛོམས་སོང་།

མཛད་སྒོའི་ཐོག་མར་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་ངོ་སྤྲོད་གནང་བར། ཟབ་སྦྱོང་འདི་བརྒྱུད་ནས་ཕོ་མོ་དབྱེ་འབྱེད་དང་ཕ་རྒྱུད་དུས་རབས་ཀྱི་ལོ་རྒྱུས། བུད་མེད་རྣམས་བག་འཁུམས་ལས་གྲོལ་ནས་ནུས་སྟོབས་མཐོ་འདེགས་ཡོང་ཐབས་དང་། བུད་མེད་ཚོར་སྤྱི་ཚོགས་ཁོར་ཡུག་ནས་ཆགས་སྲེད་གནོད་འཚེ་ཐེབས་སྟངས་དང་། ཆགས་སྲེད་གནོད་འཚེ་ཐེབས་པའི་བག་ཆགས་དང་བསམ་བློའི་གནོན་ཤུགས་གང་ཡོད་ལ་ངོས་འཛིན། བུད་མེད་རྣམས་ལ་བདེ་འཇགས་ཀྱི་ཁོར་ཡུག་དང་འདྲ་མཉམ་གྱི་གོ་སྐབས་ལོངས་སྤྱོད་རག་ཐབས། རྒྱ་གར་གྱི་རྩ་ཁྲིམས་ནང་བུད་མེད་དང་བྱིས་པ་སྲུང་སྐྱོབ་ཀྱི་ཁྲིམས་གང་ཡོད་ངོ་སྤྲོད་དང་། དེ་དག་བེད་སྤྱོད་དང་ལག་ལེན་གཏོང་སྟངས་སོགས་ཡིན་པ་དང་། ཟབ་སྦྱོང་གི་ལས་གཞི་འདིས་ཟབ་སྦྱོང་སྤྲོད་མཁན་གང་མང་སྐྱེད་སྲིང་དང་། བུད་མེད་ལ་ཆབ་སྲིད་དང་རིག་གནས་ཀྱི་རྒྱབ་རྟེན་ཡོང་བར་ང་ཚོས་རེ་བ་བྱེད་ཀྱི་ཡོད་པ་དང་། བུད་མེད་ཀྱི་ཡར་རྒྱས་ནི་སྤྱི་ཚོགས་ཀྱི་ཡར་རྒྱས་ཤིག་དང་སྤྱི་ཚོགས་ཀྱི་ཡར་རྒྱས་ནི་རྒྱལ་ཁབ་ཀྱི་ཡར་རྒྱས་ལ་ངོས་འཛིན་ཞུས་ཏེ། ཟབ་སྦྱོང་འདི་སྤྲོད་བཞིན་ཡོད་ཅེས་སོགས་བརྗོད་སོང་།

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། སྤྱི་ཡོངས་ནས་ང་ཚོ་ཕོ་དང་མོ་དབྱེ་བ་ཕྱེས་པ་དེ། ཕྱོགས་ཡོངས་ནས་མིའི་བྱུང་རབས་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་བསམ་བློ་འཁྱེར་སྟངས་སོགས་མང་པོ་ལ་འབྲེལ་བ་ཆགས་ཡོད། གཙོ་བོ་སྤྱི་ཚོགས་ཀྱི་བསམ་བློ་འཁྱེར་སྟངས་ལ་འགྱུར་བ་ཐེབས་དགོས་བ་གལ་ཆེན་པོ་ཆགས་ཡོད། དུས་ཀྱི་འགྱུར་བ་ཤུགས་ཆེན་པོ་འགྲོ་བ་ལྟར་སྤྱི་ཚོགས་ཀྱི་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད་སྟབས། སྤྱི་ཚོགས་ནང་ཕོ་དང་མོ་ལ་ལྟ་སྟངས་ཀྱི་གནས་བབ་དེ་དངོས་ཡོད་གནས་སྟངས་དང་མཐུན་པར་འགྲོ་རྒྱུ་གལ་ཆེན་ཡིན། ང་ཚོའི་བོད་མིའི་སྒྲིག་འཛུགས་ལྟ་བུའི་ནང་གནས་བབ་འདྲ་མིན་མང་པོ་ཞིག་ཡོད་སྟབས། གནས་བབ་སོ་སོ་དང་ལྷག་པར་དུ་གཞི་རིམ་ནས་བཟུང་ཕོ་དང་མོ་དབྱེ་འབྱེད་མི་བྱེད་པ་དང་ཐོབ་ཐང་འདྲ་མཉམ་སྤྲོད་དགོས་པ་གནད་འགག་ཆེན་པོ་ཡིན། དེའི་གོ་རྟོགས་གཙོ་བོ་ཕ་ལ་དགོས་པ་ཞིག་ཆགས་ཡོད། མ་ལ་ནམ་རྒྱུན་ནས་བསམ་བློའི་ནང་དེ་ཡོད་པ་ཞིག་རེད། ཡིན་ནའང་། མ་ལ་བསམ་བློ་ཡོད་བཞིན་དུ་ཕ་ལ་དབང་ཆེ་དྲགས་ནས་བསམ་ཚུལ་བཤད་མ་ཐུབ་པའི་གནས་སྟངས་མང་པོ་ཞིག་ཡོང་གི་ཡོད། གཙོ་བོ་ཕ་ལ་བསམ་བློ་རྒྱ་ཆེན་པོ་ཡོད་ན་མའི་ངོས་ནས་ཡོད་ཡོད་པ་རེད། ཐོག་མ་ཁྱིམ་ཚང་སོ་སོའི་ནང་ནས་འདྲ་མཉམ་དང་གོ་སྐབས་བསྐྲུན་ཐུབ་ན། རིམ་པས་སྤྱི་ཚོགས་ཁྱོན་ཡོངས་དང་རྒྱལ་ཁབ་ཧྲིལ་བོར་ཡོང་གི་ཡོད། ཅེས་དང་།

ཁོང་གིས་མུ་མཐུད་དུ། གནད་དོན་གཞན་ཞིག་ནི། བུད་མེད་ཚོའི་ངོས་ནས་གོ་སྐབས་ལེན་ཐུབ་དགོས་པ་དེ་རེད། ཐོབ་ཐང་ཡོད་མེད་ཀྱི་སྐད་ཆ་གཅིག་པུ་མ་རེད། བཙན་བྱོལ་སྤྱི་ཚོགས་ནང་སྔོན་མ་དང་འདྲ་བོ་མེད་པར་དེང་སང་གང་འཚམ་འགྱུར་བ་ཕྱིན་ཡོད། ཐོབ་ཐང་ཟེར་བ་བཅའ་ཁྲིམས་གཙོས་ཁྲིམས་དང་སྒྲིག་གཞིའི་ནང་གསལ་ཡོད་པ་རེད། གོ་སྐབས་འཛིན་ཐུབ་མིན་བུད་མེད་ཚོ་རང་ལ་རག་ལས་ཡོད། སྐབས་རེར་ང་རང་ཚོ་བོད་པ་ཙམ་མིན་པར་སྤྱི་ཚོགས་གཞན་མང་པོའི་ནང་ཡོང་གི་ཡོད་པ་རེད། དཔེར་ན། བུད་མེད་ཅིག་ཡར་འཛེགས་དུས་འཇོན་གྱི་མ་རེད་མདོག་མདོག་བཤད་ནས་མར་འཐེན་པ་ལྟ་བུ་རེད། དེང་སང་རྒྱ་གར་གྱི་བརྙན་འཕྲིན་ཐུང་ཐུང་ནང་བུད་མེད་ཀྱིས་ག་དུས་ཡིན་ན་སྡུག་པོ་དང་ཇུས་ངན་རྐྱང་རྐྱང་འཐེན་པ་སྟོན་གྱི་འདུག འདི་སྤྱི་ཚོགས་ཀྱི་བསམ་བློ་འཁྱེར་ཕྱོགས་ལ་འབྲེལ་བ་ཆགས་ཡོད་སྟབས། དེ་འདྲར་ལྟ་བར་དགའ་བོ་དང་ལྟ་མཁན་ཚོའང་དེ་འདྲ་ལ་དགའ་བོ་མེད་འགྲོ་བསམ་བསམ་འདུག ཅེས་གསུངས་སོང་།

ཚོགས་གཙོ་མཆོག་གིས་བོད་པའི་བུད་མེད་ཚོར་ཐོབ་ཐང་མ་སྤྲད་པ་མིན་པར་ཐོབ་ཐང་མ་བླངས་པའི་གནས་ཚུལ་ཡང་ཡོང་གི་ཡོད་སྐོར་གསུངས་དོན། སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་མི་འདུག་ཟེར་དུས་འདྲ་མཉམ་མི་སྤྲོད་མཁན་ཕོ་ཡིན་པ་དང་། ཐོབ་ཐང་རག་གི་མེད་མཁན་དེ་མོ་ཡིན་པ་འདྲ་བོ་ཞིག་རང་བཞིན་གྱིས་གོ་བཞིན་ཡོད་ཀྱང་། ཚང་མ་ཕོ་ལན་པས་ཁྱབ་པ་ཞིག་མ་རེད། ང་རང་སྔོན་མ་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཡིན་སྐབས་མཐོ་སློབ་ཀྱི་སློབ་མ་དང་འཛིན་རིམ་བཅུ་གཅིག་གི་སློབ་མ་ཚོར་ཟབ་སྦྱོང་སྤྲོད་སྐབས། ག་དུས་ཡིན་ནའང་བུད་མེད་ཉུང་ཉུང་ཡོང་གི་འདུག གོ་སྐབས་ཡོད་དུས་གོ་སྐབས་ལེན་མ་ཐུབ་ན་གཞན་ལ་བཤད་རྒྱུ་གང་ཡང་ཡོད་པ་མ་རེད། སོ་སོའི་ལག་པར་ཡོད་པ་འཛིན་མ་ཐུབ་པར་གཞན་ཀྱིས་སྤྲོད་ཀྱི་མི་འདུག་ཟེར་ནས་རྩད་བརྒྱབ་ན་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། ཅེས་གསུངས་སོང་།

ཟབ་ཁྲིད་པ་ཀམ་ལཱ་བྷ་སིན་ (Kamla Bhasin ) ལགས་ཀྱིས། ང་རང་ཧིན་རྡུའི་ཁྱིམ་ཚང་ཞིག་ནས་སྐྱེས་ཀྱང་ཧིན་རྡུ་རིང་ལུགས་ལ་འབྲེལ་བ་མེད། ང་ལ་དཀའ་ངལ་ཆེ་ཤོས་དེ་ཧིན་རྡུ་རིང་ལུགས་ནང་གི་རིགས་རུས་དབྱེ་འབྱེད་དང་བུད་མེད་ལ་ལྟ་སྐྱོང་བྱེད་སྟངས་ཡག་པོ་མེད་པ་དེ་རེད། སྤྱིར་བཏང་ནང་པ་ཚུད་པའི་ཆོས་ལུགས་ཚང་མས་བུད་མེད་ལ་འདྲ་མཉམ་གྱི་ལྟ་སྐྱོང་བྱེད་ཀྱི་མི་འདུག འོན་ཀྱང་ང་ཆོས་ལུགས་གང་ལ་གུས་བརྩི་ཡོད་ཟེར་ན་ནང་ཆོས་ལ་དད་གུས་ཆེ་ཤོས་ཡིན། ངས་༧གོང་ཏཱ་ལའི་བླ་མ་མཆོག་གི་གསུང་ཆོས་ཐེངས་མང་པོར་ཞུ་མྱོང་ཡོད། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཐའེ་ལན་ཌི་དང་སིང་གྷ་ལ། ཝེ་ཐི་ནམ། ཀམ་བྷོ་ཌི་ཡ་སོགས་ནང་པའི་རྒྱལ་ཁབ་ཆགས་སྟབས། ཧིན་རྡུ་རིང་ལུགས་པ་ཚོས་ནང་ཆོས་རྒྱ་གར་ནས་ཕྱིར་འདྲེན་བྱས་ཡོད་ཀྱང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ནང་ཆོས་ཕྱིར་རྒྱ་གར་ནང་འཁྱེར་ཡོང་ཡོད། རྒྱ་གར་ལ་ནང་ཆོས་དགོས་མཁོ་ཆེན་པོ་ཡོད། རྒྱ་གར་གྱི་མཁས་དབང་ཨམ་བྷེ་ཊི་ཀར་ (B. R Ambedkar)ལགས་ཀྱིས་མགོ་ཁྲིད་དེ་རིགས་རུས་དམན་པ་ (Shudra) ཚོས་ཧིན་རྡུ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་ནང་པར་བསྒྱུར་བ་རེད། ནང་ཆོས་ཀྱིས་མི་སྒེར་ཡར་རྒྱས་གཏོང་བའི་ཐད་ལ་ནན་པོ་བྱེད་ཀྱི་ཡོད་སྟབས་གུས་བཀུར་བྱེད་ཀྱི་ཡོད། ཅེས་སོགས་བརྗོད་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་མཆོག་གིས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་དབྱིན་གཉིས་ནང་ཡོད་པའི་རྒྱ་གར་གྱི་རྩི་ཁྲིམས་ནང་བུད་མེད་སྲུང་སྐྱོབ་སྐོར་གྱི་ཁྲིམས་ལུགས་ལག་དེབ་ཅིག་དང་། ༢༠༡༣ ལོའི་བཙན་བྱོལ་ནང་གི་བོད་རིགས་བུད་མེད་ཚོའི་སྐོར་གྱི་སྙན་ཐོ་དེབ་ཅིག་བཅས་དབུ་འབྱེད་གནང་སོང་།

ཐེངས་འདིའི་ཟབ་སྦྱོང་དེ་ཟླ་འདིའི་ཚེས་ ༤ ནས་ ༧ བར་གནང་རྒྱུ་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

མཆན། 1

  1. གཅན་བཟོད་རྒྱམ། says:
    ལོ་ 9 སྔོན།

    Shudra or Sudra ཟེར་བ་འདུ་གདོལ་རིགས་སམ་གདོལ་བའི་རིགས་ཟེར་བ་དེ་རེད། རྒྱ་གར་གྱི་རིགས་བཞི་ལས་ཐ་མ་དེ་རེད།
    ལྕམ་སྐུ་ Kamla Bhasin མཆོག་ལ་བཀའ་དྲིན་ཆེ་ཞུ།
    བོད་པའི་བུད་མེད་ཚོའི་གྲས་ནས་འདི་ལྟ་བུའི་གཟེངས་སུ་ཐོན་པ་འགའ་རེ་བུད་ཡོང་ན་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist