མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ས་གནས་མགོ་འཛིན་ཚོར་བསྔགས་བརྗོད་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཟབ་སྦྱོང་གི་ཉིན་གཉིས་པའི་ཐོག་སྲིད་སྐྱོང་མཆོག་གིས་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཀྱི་ཁོངས་དང་། མཐོ་སློབ་སོགས་སུ་བུད་མེད་ཚོས་ཆ་ཤས་ལེན་སྟངས་སྔོན་མ་ལས་གང་འཚམ་ཡར་རྒྱས་ཕྱིན་ཡོད་སྐོར་གསུངས་སོང་།

ཁ་སང་ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་། གངས་སྐྱིད་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་༼བཙན་བྱོལ་བོད་ཀྱི་བུད་མེད་ལ་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ་༽ཞེས་པའི་ཟབ་སྦྱོང་གི་ཉིན་གཉིས་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བུད་མེད་ཀྱི་ཐོབ་ཐང་དང་ཤེས་ཡོན། ནུས་སྟོབས་གོང་འཕེལ་སྐོར་ལ་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཁག་ ༡༣ དང་ལྡི་ལི་མཐོ་སློབ་གཙོས་མཐོ་སློབ་ཁག་ཅིག་ནས་ཕེབས་པའི་སློབ་མ་བཅས་ཁྱོན་མི་ ༦༠ ལྷག་འཛོམས་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས། བཀའ་ཤག་གི་ལྟ་གྲུབ་གསུམ་སྟེ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་ཞེས་ཞུ་བཞིན་ཡོད། ཆིག་སྒྲིལ་ཟེར་དུས་ཆོལ་ཁ་དབྱེ་མེད། ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ་ཞེས་པར་ང་རང་གིས་ངོས་འཛིན་བྱེད་སྟངས་དེ་འདྲ་ཡིན། སྔོན་མ་འོས་བསྡུའི་སྐབས་ནས་ཞུས་ཏེ་བཀའ་ཤག་གི་ལྟ་གྲུབ་ཆགས་པ་རེད། ང་རང་ལ་འགན་དབང་ཡོད་པ་བཀའ་བློན་བསྐོ་བཞག་དེ་རེད། བཀའ་བློན་སྐོ་སྐབས་བུད་མེད་བཀའ་བློན་གཉིས་ཆགས་པ་ལོ་རྒྱུས་ནང་གཟིགས་ན་མང་ཤོས་མིན་ན་མང་བའི་གྲས་རེད། དེ་ཡང་ནང་སྲིད་དང་ཕྱི་དྲིལ་བཀའ་བློན་ཡིན་དུས་ནང་གི་ཨ་མ་བུད་མེད་དང་ཕྱིའི་ཞལ་ཡང་བུད་མེད་ཆགས་ཡོད་པ་མ་ཟད། ལས་བྱེད་དང་འགྲོ་སོང་གཉིས་ཐོག་ནས་ལྷན་ཁང་ཆེ་ཤོས་གཉིས་རེད། ད་ལྟའི་བར་དུ་ཁོང་རྣམ་པ་གཉིས་ཀྱིས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་གནང་གི་ཡོད། ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་གནས་རིམ་འཕར་སྟངས་སྐོར་གསུངས་དོན། མཚམས་རེར་རྩོམ་དེ་འདྲའི་ནང་བུད་མེད་དྲུང་ཆེ་ག་རེ་བྱས་ནས་ཡོད་པ་མ་རེད་ཅེས་ཡོང་གི་འདུག སྒྲིག་འཛུགས་འགྲོ་སྟངས་ག་རེ་རེད་ཟེར་ན། ལས་བྱེད་ནང་འཛུལ་ནས་ཉུང་མཐར་ཡང་ལོ་ ༢༠ ཙམ་བསྡད་ན་མ་གཏོགས་དྲུང་ཆེ་ཆགས་རྒྱུ་ཁག་པོ་ཞེ་དྲག་རེད། ད་ལྟའི་འཆར་ཟུང་དྲུང་གི་གནས་རིམ་ནང་ཕལ་ཆེར་བུད་མེད་བརྒྱ་ཆ་ ༢༤ འདུག ང་ཚོར་བུད་མེད་དྲུང་ཆེ་གཅིག་ཡོད། ཁོ་མོ་རྒས་ཡོལ་དུ་ཕེབས་ཁར་བཀའ་ཤག་གིས་དོན་གཅོད་ནང་བུད་མེད་དགོས་ཀྱི་འདུག་ཟེར་ནས་ཁོང་ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ལ་བཏང་བ་རེད། དྲུང་འཕར་གཉིས་ཡོད་པའི་ཁྲོད་གཅིག་བོད་ཀྱི་ཟློས་གར་འགན་འཛིན་དང་གཅིག་ཕྱི་འདྲིལ་དྲུང་འཕར་རེད། ཟུང་དྲུང་ནང་ནས་དྲུང་འཕར་ཆགས་པ་རིམ་བཞིན་ཡོང་གི་ཡོད། འདི་ཞུ་དགོས་དོན་ང་རང་ལ་སྒྲིག་འཛུགས་ཀྱི་འགན་ཞིག་ཡོད་སྟབས་རྣམ་པ་ཚོའི་ནང་སྒྲིག་འཛུགས་ནང་འགན་འཁུར་རྒྱུའི་འདོད་པ་ཡོད་ན་ཕེབས་རོགས་ཞུ་རྒྱུ་ཡིན། ཞེས་དང་། ཁོང་གིས་མུ་མཐད་དུ་ས་གནས་མགོ་འཛིན་སྐོར་ལ་ཁོང་གིས། ས་གནས་མགོ་འཛིན་དེ་ཁག་པོ་ཞེ་དྲག་རེད། ས་གནས་ལ་གནས་སྤོར་གཏོང་རྒྱུ་ཟེར་དུས་ཕེབས་མཁན་ཁག་པོ་རེད། དེ་བུད་མེད་གཅིག་པུ་མ་མིན་པར་སྤྱི་ཡོངས་ནས་ཁག་པོ་འདྲ་བོ་ཞིག་ཡོད་པ་རེད། དེའི་ནང་ནས་ང་དང་པོ་དྷ་རམ་ས་ལར་ཡོང་དུས་བུད་མེད་བཞི་ལྔ་ཡོད་པ་ལས་ད་ལྟ་གཅིག་ཆགས་ཡོད། བུད་མེད་ས་གནས་མགོ་འཛིན་ཚོར་ངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་བཙན་བྱོལ་ནང་གི་བུད་མེད་ཚོའི་ཤེས་ཡོན་གནས་སྟངས་སྐོར་གསུངས་དོན། ང་རང་ལ་ཤེས་རིག་བཀའ་བློན་གྱི་འགན་ཡོད་སྟབས། ཤེས་རིག་ཐོག་ནས་བུད་མེད་ཀྱི་ནུས་སྟོབས་སྤེལ་བར་སྔོན་མ་ནས་གང་ལ་གང་འཚམ་ཡར་རྒྱས་ཕྱིན་ཡོད་པ་དང་། ད་ལྟའང་ཡར་རྒྱས་འགྲོ་བཞིན་པ་རེད། དཔེར་ན། ཕལ་ཆེར་ལོ་བཅུ་དང་བཅོ་ལྔའི་སྔོན་འཛིན་རིམ་བཅུ་གཉིས་འཐོན་མཁན་བུ་མོ་ཉུང་བ་དང་ཕྱིས་སུ་མང་བ་ཆགས་འདུག ཡིན་ནའང་མཐོ་སློབ་ཏུ་སྐྱོད་མཁན་ཉུང་ཉུང་ཡིན་ཡང་ད་ལྟ་མང་བ་ཆགས་ཡོང་གི་ཡོད་པ་མ་ཟད། གཙུག་ལག་རབ་འབྱམས་པ་དང་འབུམ་རམས་པ་སློབ་སྦྱོང་བྱེད་མཁན་བུད་མེད་མང་བ་འདུག ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ལེན་མཁན་བུ་དང་བུ་མོ་བསྡུར་ན། ན་ནིང་ལོར་བུ་མོ་བརྒྱ་ཆ་ ༥༤ དང་བུ་བརྒྱ་ཆ་ ༤༦ རེད་འདུག དེ་ནི་ང་ཚོའི་སྤྱི་ཚོགས་དང་ཕ་མ་ཚོས་འགན་འཁུར་བའི་ཐོག་ནས་སྔོན་མ་བུད་མེད་ཟེར་དུས་ནང་ལ་བསྡད་ནས་ལས་ཀ་བྱེད་དགོས་ཟེར་བའི་བསམ་བློ་ལ་འགྱུར་བ་ཕྱིན་པ་ཞིག་རེད། སྐབས་འདིའི་བཀའ་ཤག་གིས་ཤེས་ཡོན་གལ་ཆེ་ཤོས་སུ་རྩི་བཞིན་ཡོད། ཤེས་ཡོན་ལག་འཁྱེར་ག་ཚོད་ཡག་པོ་ཡོད་ན་དེའི་ཚོད་ཀྱིས་ལས་ཀ་དང་གླ་ཕོགས་ཡག་པོ་རག་རྒྱུ་ཡིན་པ་རྩོད་མེད་རེད། དཔེར་ན། ཇེའུ་མི་རིགས་ལ་མི་འབོར་ས་ཡ་བཅུ་གཅིག་བཅུ་གཉིས་ཙམ་ཡོད། འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་རྩིས་ན་ཀླད་ཀོར་ཚེག་གཉིས་རེད། ཡིན་ནའང་ནོ་བྷེལ་གཟེངས་རྟགས་བཞེས་མཁན་ན་ནིང་བར་ ༨༥༠ ལྷག་བྱུང་བའི་ཁྲོད། ཇེའུ་མི་རིགས་ ༡༦༠ ལྷག་ཡོད། དེས་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། ཇེའུ་མི་རིགས་ཀྱི་སྤྱི་ཚོགས་ནང་ཤེས་ཡོན་གལ་ཆེན་ཡིན་ཟེར་བ་ལྟར་སྤྱི་ཚོགས་དང་ཕ་མ་ གཉིས་ཀྱིས་འགན་འཁུར་གནང་བར་བརྟེན་ཏེ་ནོ་བྷེལ་གཟེངས་རྟགས་བཞེས་མཁན་འདི་འདྲ་བྱུང་བ་རེད། དེས་སྤྱི་ཚོགས་ནང་ནུས་པ་དང་འབད་བརྩོན་བྱས་ན་གྲུབ་འབྲས་སྨིན་ཐུབ་པ་ཞིག་སྟོན་གྱི་ཡོད། ཅེས་གསུངས་སོང་།

སྐབས་བཅུ་བཞི་པའི་བཀའ་ཤག་གི་ལོ་གསུམ་ལྷིང་འཇགས་ཡིན་པའི་སྐོར་ལ། ད་ལྟའི་བཀའ་ཤག་གི་ལོ་གསུམ་རིང་སྤྱི་ཚོགས་ཁྱོན་ཡོངས་ལྷིང་འཇགས་པོ་བྱུང་སོང་། གང་ཡིན་ཟེར་ན། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གནང་ཚར་རྗེས་སྤྱི་ཚོགས་ཁྱོན་ཡོངས་ག་འདྲ་ཆགས་ན་སྙམ་པའི་སེམས་འཚབ་ཅིག་བོད་ཕྱི་ནང་ཚང་མར་ཡོད་པ་རེད། ལྷིང་འཇགས་པོ་འགྲོ་བའི་རྩ་བ་མི་མང་གིས་རྒྱབ་སྐྱོར་བྱས་པའི་བཀའ་དྲིན་ལ་བརྟེན་བྱུང་བ་རེད། ཕྱི་རྒྱལ་དང་གཞིས་ཆགས་ཁག་གང་དུ་བཅར་བ་ཡིན་ན་སྲིད་སྐྱོང་དང་བཀའ་བློན་རྣམ་པ་ཡོང་གི་ཡོད་པ་རེད་ཅེས་ཟེར་དུས་འདུ་འཛོམས་དང་དོ་སྣང་སྔར་ལས་ལྷག་པ་དང་ཡག་པོ་འདུག་ཅེས་ས་གནས་ས་ཐོག་ནས་གསུང་གི་འདུག ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མཚམས་འཇོག་གནང་སྐབས། ད་ནི་མི་མང་གིས་འགན་འཁུར་ཆེ་ཙམ་བཞེས་དགོས་གསུངས་པ་ལྟར་མི་མང་གིས་འགན་འཁུར་གནང་བ་གསལ་བོ་རེད། དེ་མ་འོངས་པར་རྒྱུན་གནས་བྱ་རྒྱུ་གལ་ཆེན་པོ་རེད། གཞན། ང་རང་ལོ་གསུམ་རིང་འབྲས་ལྗོངས་ཕུད་པའི་གཞིས་ཆགས་ཁག་ཡོངས་ལ་སྐོར་སྐྱོད་ཕྱིན་ཚར་བ་དང་། སློབ་གྲྭ་ཁག་ཕལ་ཆེ་བར་སྐོར་བ་བརྒྱབ་ཚར་ཡིན། རྒན་གསོ་ཁང་དང་དགོན་པ། བྱང་ཨ་རི་དང་ཡུ་རོབ་ཁུལ་དུ་ཡོད་པའི་བོད་རིགས་གནས་སྡོད་ཀྱི་ས་གནས་བརྒྱ་ཆ་ ༧༠ ལྷག་ལ་སྐོར་བ་བརྒྱབ་ཚར་ཡིན། སྙིང་བསྡུས་ཞུས་ན་བཀའ་ཤག་སྐབས་ ༡༤ པས་འགན་འཁུར་ནས་ལྷིང་འཇགས་པོ་ཡོང་བ་མི་མང་གི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་རེད། ཅེས་སོགས་གསུངས་སོང་ལ། མཇུག་ཏུ་དྲི་བ་དྲིའི་ལན་ཡང་གནང་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༩ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. ལུང་རིགས་རྒྱལ། says:
    ལོ་ 12 སྔོན།

    ཟབ་སྦྱོང་དེའི་ཟབ་སྦྱོང་ཐོག་སྲིད་སྐྱོང་སྐད་བཏང་བ་དེ། སྲིད་སྐྱོང་དེ་སྔོན་ཧཱ་ཝར་ཌི་གཙིག་ལག་སློབ་གྲྭ་ནས་ཁྲིམས་ཐོག་སློབ་བྱོང་བྱས་ཡོད་སྟབས། ད་རེས་གོ་སྒྲིག་པའི་ངོས་ནས་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་བུད་མེད་ཚོར་ཁྲིམས་ལུགས་རང་བཞིན་གྱི་ཐོབ་ཐང་དང་འགན་དབང་སྐོར་ལ་སྐད་ཆ་ཞིག་བཤད་ན་བསམ་པ་ཡིན་རྒྱུ་རེད་དེ་སྲིད་སྐྱོང་གིས་བཀའ་ཤག་གི་ལས་དོན་ལེགས་འགྲུབ་བྱུང་སྐོར་མང་པོ་ཞིག་བགྲང་འདུག

    Reply
  2. འཇིོགས་མེད་སེངྒེ། says:
    ལོ་ 12 སྔོན།

    དོན་དངོས་སུ་བཀའ་ཤག་འདིའི་སྐབས་སུ་བུད་མེད་ས་གནས་འགོ་འཛིན་ཉུང་དུ་ཕྱིན་ཞིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞིའི་དགོངས་དོན་ལས་འགལ་བའི་སྲིད་ཇུས་ལག་བསྟར་བྱས་ཡོད། བེུད་ས་གནས་འགོ་འཛིན་ཉུང་དུ་བཏང་བ་དེ་བེུད་ལ་གཟིགས་ཚུལ་ཡག་པོ་ཡོད་པར་ངོས་འཛིན་ཞུ་ཐབས་བྲལ།

    Reply
  3. རང་དབང་། says:
    ལོ་ 12 སྔོན།

    གསར་འགོད་པས་སྲིད་སྐྱོང་མཆོག་གི་བཀའ་སློབ་ཞིབ་ཚགས་འཁོད་པ་ཐུགས་རྗེ་ཆེ། བཀའ་སློབ་ཀྱི་ནང་དོན་ལ་གཞིགས་ན་ཁོང་ཉིད་ཤེས་རིག་བཀའ་སློབ་ཡིན་བཞིན་བོད་པའི་བུད་མེད་ཚོ་ཤེས་ཡོན་ཐོག་ཡར་རྒྱས་ཕྱིན་ཡོད་རབས་དང་། གཞུང་གི་ལས་བྱེད་ཚོ་ས་གནས་ཁག་ཏུ་འགྲོ་འདོད་མེད་པ་ལྟར་ད་ལྟ་ཉུང་དུ་ཕྱིན་ཡོད་སྐོར་སོགས་གསུངས་འདུག

    Reply
  4. ཤག་སྒང་པ། says:
    ལོ་ 12 སྔོན།

    བུད་མེད་ཀྱི་གྲུབ་འབྲས་ཡར་རྒྱས་ཕྱིན་པ་དེ་བཙན་བྱོལ་སྤྱི་ཚོགས་ནང་བུད་མེད་ཀྱི་གྲངས་འབོར་བརྒྱ་ཆ་མང་བས་རེད་དམ། ཡང་ན་སྲིད་སྐྱོང་མཆོག་གིས་བཀའ་སློབ་བཞིན་་་་་
    གང་ལྟར་ཡར་རྒྱས་སོང་བར་བསྔགས་བརྗོད་ཡི་རང་ཞུ། བཀྲིས་བདེ་ལེགས།

    Reply
  5. བོད་ཀྱི་བུ། says:
    ལོ་ 12 སྔོན།

    སྲིད་སྐྱོང་གི་བུད་མེད་ལ་གཟིགས་ཚུལ་དེ་ཡག་པ་རེད། ཡིན་ཡང་བུད་མེད་ཚོགས་པ་ཟེར་བ་དེ་ཤར་གླིང་ཟླ་སྒྲོན་ཟེར་བའི་ཆབ་སྲིད་པ་དེ་ཚོས་ཁ་ཕྱོགས་གང་སར་ཁྲིད་ཀྱི་ཡོད་པ་ལ་ཡག་པོ་མ་རེད། ཉིན་ཞིག་བུད་མེད་ཚོགས་པ་ཁོ་ཚོའི་ལྟོ་རྒྱབ་བསྟེན་ས་དང་འཚོལ་བྱེད་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese