ཁ་སང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༡།༤༠ ཙམ་ལ། ཀན་ལྷོ་རྨ་ཆུ་རྫོང་ནས་གཙོད་གྲོང་ཁྱེར་ཕྱོགས་སུ་འགྲོ་མཁན་གྱི་འགྲུལ་བའི་རླངས་འཁོར་གྲངས་རྟགས་( P༠༨༦༥༣) ཅན་ཞིག རྨ་ཆུ་རྫོང་ཁོངས་ཀྱི་ལ་མགོ་ཞིག་ཏུ་བསླེབས་སྐབས། རྒྱ་ནག་ཧྲང་ཧེ་ནས་ཡིན་པའི་རླངས་འཁོར་ཆུང་ཆུང་ཞིག་དང་གདོང་ཐུག་བརྒྱབ་སྟེ། འགྲུལ་བའི་རླངས་འཁོར་རི་ནས་འགྲིལ་ཏེ་མི་གྲངས་ ༨ རྐྱེན་འདས་དང་། མི་ ༢༠ ལ་རྨས་སྐྱོན་ཕོག་ཡོད་པའི་ནང་། མི་ ༢ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། ད་ལྟའི་ཆར་རྨས་སྐྱོན་ཕོག་པ་ཚོ་སྨན་ཁང་དུ་འཁྱེར་ཏེ་སྨན་བཅོས་བྱེད་བཞིན་ཡོད་འདུག




གསར་འགོད་པ། པདྨ་མཚོ།

![Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]](https://tibettimes.net/wp-content/uploads/2026/10/Screen-Shot-2026-10-16-at-2.29.07-PM-360x180.png)



