མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཐའ་གཉིས་སུ་མ་ལྷུང་བའི་ཐོབ་ཐང་།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༣༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་དྷ་སར་བོད་པའི་བུད་མེད་ཚོར་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་སྐོར་ལ་ཟབ་སྦྱོང་ཞིག་སྤྲད་སོང་། སྔོན་ཆད་ཀྱང་བུད་མེད་ལྷན་ཚོགས་ཀྱིས་སྣེ་འཁྲིད་དེ་བུད་མེད་ཀྱི་ནུས་སྟོབས་དང་འཕྲོད་བསྟེན། འགན་དབང་སོགས་ཀྱི་སྐོར་ལ་ཟབ་སྦྱོང་དང་བགྲོ་གླེང་རབ་དང་རིམ་པ་ཚོགས་ཡོད། བོད་མིའི་སྒྲིག་འཛུགས་ནས་ཀྱང་བུད་མེད་ཐད་གཞུང་གི་སྲིད་བྱུས་རང་བཞིན་གྱི་ཐོག་ནས་ལས་འགུལ་སྤེལ་བཞིན་ཡོད།

བོད་པའི་སྤྱི་ཚོགས་ཁྲོད་ལས་འགུལ་འདི་ཧ་ཅང་ཁ་ཚ་དགོས་གཏུག་ཆགས་ཡོད། ཡང་སྒོས་བོད་པའི་རྩ་དོན་འཐབ་རྩོད་ཐོག་སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་ཞིག་ཆགས་ཡོད། བུད་མེད་ལ་ཐོབ་ཐང་མི་སྤྲོད་མཁན་དང་ཕོ་མཆོག་མོ་དམན་གྱི་ལྟ་བ་ཤུགས་ཆེ་ཤོས་སྐྱེས་པ་ཚོར་ཡོད་སྟབས། ལས་འགུལ་འདི་བུད་མེད་ཙམ་མིན་པར་སྐྱེས་པ་ཚོའི་ཁྲོད་དུའང་སྤེལ་དགོས། ཁྱིམ་ཚང་སོ་སོ་དང་བྱིས་པའི་སློབ་དེབ་ནང་དུའང་འདིའི་སྐོར་གྱི་སློབ་ཚན་འཇོག་དགོས་ལ། གྲྭ་བཙུན་གྱིས་སྣེ་འཁྲིད་དེ་བོད་པའི་ཆོས་ལུགས་རིག་གཞུང་ལའང་བླང་དོར་བྱེད་དགོས།

ཨ་མ་ཁོ་ནར་བརྟེན་ཏེ་ཕྲུ་གུ་གསོ་སྐྱོང་དང་བཟའ་བཏུང་གཡོ་སྐོལ་བྱེད་པའི་ཆེས་ཐོག་མའི་མ་རྒྱུད་དུས་རབས་དང་། ཨ་ཕ་ཁོ་ནར་བརྟེན་ཏེ་དམག་འཐབ་རང་སྲུང་དང་རི་དྭགས་བརྔོན་པའི་ཕ་རྒྱུད་དུས་རབས་མཇུག་བསྒྲིལ་ཏེ། ད་ལྟ་མི་རེ་རེ་བ་ལས་ཁྱིམ་ཚང་དང་སྤྱི་ཚོགས་གྲུབ་ཅིང་། སྤྱི་ཚོགས་རེ་རེ་ལས་མི་རིགས་དང་རྒྱལ་ཁབ་གྲུབ་པ་ལྟར། བུད་མེད་ཀྱི་སྟོབས་ཤུགས་དེ་ཁྱིམ་ཚང་གི་སྟོབས་ཤུགས་ཡིན་པ་དང་། ཁྱིམ་ཚང་གི་སྟོབས་ཤུགས་དེ་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆགས་ཡོད།

འཛམ་གླིང་སྤྱི་ཡོངས་ལ་བུད་མེད་ཚོར་སྐྱེས་པ་ལས་ལོགས་སུ་ལས་དོན་ཞིག་ཡོད་པ་དེ་བུད་མེད་ཀྱི་འཕྲོད་བསྟེན་དང་མ་བུའི་བདེ་སྲུང་ཡིན། སྒོས་སུ་བོད་པ་སོགས་སྲོལ་རྒྱུན་དང་ཆོས་ལུགས་ཤུགས་ཆེ་བའི་མི་རིགས་ཁག་ལ། སྐད་ཆ་སྐོར་ནས་བཤད་ན་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་འགན་དབང་མཐོར་འདེགས་ཡིན་ཞིང་། ཐད་ཀར་བཤད་ན་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་དང་སྐྱེས་པ་དང་འདྲ་མཉམ་གྱི་འདུ་ཤེས་སྐྱེད་སྲིང་བྱེད་དགོས་པ་དེ་རེད།

མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་ལ་ཐོབ་ཐང་དྲ་འདྲ་མཉམ་ཡོང་གི་མེད་པ་དང་། ཡང་ན་གཞན་ཞིག་གི་བརྙས་བཅོས་མྱོང་གི་ཡོད་ན། དེ་སེལ་བའི་ལམ་ཁ་གཅིག་ཞི་དྲག་གཉིས་ཐོག་ནས་འཐབ་རྩོད་བྱེད་རྒྱུ་དང་། ལམ་ཁ་གཞན་དེ་གྲོས་མོལ་དང་ཁྲིམས་ཐོག་ནས་འགྲིག་འཇགས་ཡོང་ཐབས་བྱ་རྒྱུ་དེ་རེད། བོད་པའི་བུད་མེད་ཚོའི་ཁྲོད་དུའང་བསམ་བློ་འདི་ལྟར་འཁྱེར་མཁན་དང་སྐད་ཆ་འདི་ལྟར་ཤོད་མཁན་ཡོང་གི་འདུག འདི་དག་གི་ཐལ་སྤྱོད་ཀྱིས་སྤྱི་ཚོགས་ལ་བརྡབ་གསིག་བཟོ་བ་མ་ཟད། ཁྱིམ་ཚང་ནང་དང་བཟའ་བའི་བར་གྱི་མཛའ་བརྩེ་ལའང་དོ་ཕོག་བཟོ་ངེས་ཡིན།

གནད་དོན་གཞན་ཞིག་ནི། ལས་འགུལ་འདི་རིགས་ཇི་ལྟར་སྤེལ་རྒྱུ་ཡིན་པ་དང་སུ་ཞིག་གིས་མཛུབ་སྟོན་བྱེད་རྒྱུ་ཡིན་དེ་རེད། ལས་འགུལ་འདི་རིགས་སྣེ་འཁྲིད་མཁན་དང་སློབ་སྟོན་པ་ཚོའི་ཤེས་ཡོན་དང་བསམ་བློའི་གནས་ཚད་གང་འདྲ་ཡོད་པ་དང་། རང་ཉིད་འཁོར་བའི་བཙོན་དུ་ཚུད་པ་ཡི།། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས།། ཞེས་པ་ལྟར་རང་ཉིད་ལ་བུད་མེད་ཀྱི་ནུས་སྟོབས་དང་འགན་དབང་མཐོར་འདེགས་ཀྱི་ཤེས་ཡོན་མེད་པ་དང་། རང་ཉིད་ཀྱི་གཤིས་ཀའི་ངོས་སུ་རང་ཉིད་བུད་མེད་ཡིན་པའི་བག་ཆགས་གཏིང་ཟབ་པའི་རྟག་ལྟ་བ་ཞིག་དང་། ཡང་ན། ནུབ་ཕྱོགས་པའི་རིག་གཞུང་ཐན་ཐུན་གྱི་རྗེས་སུ་བརྒྱུགས་ཏེ། རང་རྒྱལ་གཞན་ཕམ་དང་སྐྱེས་པར་འཁོན་སེམས་ལྟ་བུའི་ཐོག་ནས་སྐད་རྒྱག་གི་ཡོད་པའི་ཆད་ལྟ་བ། འདི་གཉིས་ནི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ལས་འགུལ་ཁྲོད་ཀྱི་ཉེན་ཁ་དང་། བོད་པའི་བུད་མེད་ཀྱི་ཐོབ་ཐང་འགོག་པའི་བཀག་རྡོ་རུ་འགྱུར་སྲིད།།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist