མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པ་ཀི་སི་ཐན་དམག་མིས་འཇབ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་པ་ཀི་སི་ཐན་དམག་མིས་རྒྱ་གར་གྱི་ས་མཚམས་སྒར་ས་ཁག་ཅིག་ལ་འཇབ་རྒོལ་བྱས་ཏེ་རྒྱ་གར་གྱི་དམག་མི་ ༤ རྨས་སྐྱོན་བཏང་ཡོད་འདུག

མདང་དགོང་ཆུ་ཚོད་ ༨།༣༠ ཙམ་ནས་དེ་རིང་སྔ་དྲོའི་ཆུ་ཚོད་ ༧ བར་པ་ཀི་སི་ཐན་མཐའ་སྲུང་དམག་མིས་རྒྱ་གར་གྱི་ཇ་མུ་རྫོང་ (Jammu District) ཁོངས་ཀྱི་མཐའ་མཚམས་དམག་སྒར་ནེ་ཁཱོ་ཝལ་ (Nikowal) དང་བྷོ་ཝར་ (Bhudwar) ཕྱོགས་སུ་མེ་མདའ་བརྒྱབ་པ་མ་ཟད། དེའི་རྗེས་པི་ཌལ་ (Pittal) དང་པེན་ཌི་ཅར་ཁཱན་ (Pindi Charkan)། ཁཱ་ཁེ་(Kake de Kothe)་སོགས་ཀྱི་ནང་སྒྱོགས་མདེལ་འཕངས་ཏེ། རྒྱ་གར་གྱི་དམག་མི་ ༤ རྨས་སྐྱོན་བཏང་ཡོད་འདུག དེ་ནི་ཉེ་ཆར་རྒྱ་གར་དང་པ་ཀི་སི་ཐན་བར་མེ་མདའ་འཕེན་རྒྱུ་མཚམས་འཇོག་གི་གྲོས་མོལ་བྱས་རྗེས་ཀྱི་འཇབ་རྒོལ་ཐེངས་གསུམ་པ་དེ་ཆགས་ཡོད་འདུག

རྒྱ་གར་བདེ་སྲུང་བློན་ཆེན་ཨ་རུན་ཇད་ཌི་ལེ་ (Arun Jaitley)ལགས་ཀྱིས། “པ་ཀི་སི་ཐན་མཐའ་སྲུང་དམག་མི་དང་རྒྱ་གར་དམག་མི་བར་ས་མཚམས་ཁུལ་དུ་མེ་འཕེན་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། པ་ཀི་སི་ཐན་དམག་མིས་གཅིག་མཇུག་གཉིས་མཐུད་ཐོག་རྒྱ་གར་གྱི་དམག་སྒར་ཁག་ལ་འཇབ་རྒོལ་དང་འབྲེལ། དམག་འཁྲུག་ལངས་གཞིའི་དོན་རྐྱེན་བཟོ་བཞིན་ཡོད་སྟབས། འབྲེལ་ཡོད་གཞུང་དང་འབྲེལ་བ་བྱས་ཏེ་ཐག་གཅོད་ཐུབ་ཐབས་བྱ་རྒྱུ་ཡིན” ཞེས་བརྗོད་འདུག

འདིའི་ཐད་རྒྱ་གར་གྱི་མཐའ་སྲུང་དམག་མི་ཞིག་གིས། “€œམདང་དགོང་པ་ཀི་སི་ཐན་མཐའ་མཚམས་དམག་མིས་ང་ཚོའི་ཇ་མུ་ཁུལ་གྱི་སྒར་ས་ཙམ་མ་ཟད། གྲོང་གསེབ་ཁུལ་དུ་སྒྱོགས་མདེལ་དང་མེ་མདའ་གང་བྱུང་བརྒྱབ་སྟེ་ཉེན་ཁ་བཟོས་ཡོད་སྟབས་ང་ཚོས་ཀྱང་ཁོ་ཚོའི་བྱ་སྤྱོད་གཞིར་བཟུང་འཁོན་ལན་བསློགས་པ་ཡིན” ཞེས་བརྗོད་འདུག

ཟླ་འདིའི་ཚེས་ ༨ ཉིན། ཇ་མུ་རྫོང་ཁོངས་པུ་རའ་ (RS Pura) ཁུལ་གྱི་ཨོག་ཌེ་རའོ་(Octerio) ཞེས་པ་རུ། རྒྱ་གར་དང་པ་ཀི་སི་ཐན་མཐའ་སྲུང་དམག་དཔོན་རྣམ་གཉིས་ཀྱིས་ས་མཚམས་ཁུལ་དུ་མེ་འཕེན་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་དང་འབྲེལ། པ་ཀི་སི་ཐན་དམག་མིས་རྒྱ་གར་གྱི་དམག་མི་ཞིག་ཀློད་གྲོལ་བཏང་བ་སོགས་ཕན་ཚུན་ཡིད་ཆེས་ཐོབ་པ་བྱུང་ཡོད་ཀྱང་། ཉིན་དེ་རང་ལ་པ་ཀི་སི་ཐན་དམག་མིས་ཇ་མུ་དང་ཀཱ་ཤི་མེར་མངའ་སྡེའི་པོན་ཆི་(Poonch) རྫོང་ཁོངས་ཀྱི་བྷེམ་བྷར་གྷ་ལི་སྒར་སར་ (Bhimbher Gali) དང་། ཚེས་ ༥ ཉིན་ཤེར་ཤག་ཌི་ (Sher Shakti) དམག་སྒར་ལ་འཇབ་རྒོལ་བྱས་ཡོད།

དེ་རིང་སླར་ཡང་པོན་ཆི་རྫོང་ཁོངས་ཀྱི་མན་ཌར་ (Mendhar) དམག་སྒར་ལ་གང་བྱུང་མེ་མདའ་དང་སྒྱོགས་མདེལ་འཕངས་ཡོད་སྟབས། རྒྱ་གར་དམག་མིས་ཀྱང་པ་ཀི་སི་ཐན་དམག་མི་དང་ཁ་གཏད་བཅག་ཡོད་འདུག

རྒྱ་གར་གྱི་ཐབས་ཇུས་མཁས་པ་རེག་གྷར་སན་ཇོན་ལགས་ཀྱིས། “€œཉེ་ལམ་པ་ཀི་སི་ཐན་དམག་མིས་རྒྱ་གར་གྱི་ས་མཚམས་དམག་སྒར་དང་དེ་ཁུལ་ས་ཁུལ་ཁག་ནང་འཇབ་རྒོལ་ཡང་ཡང་བྱས་ཏེ། རྒྱ་གར་ལ་བརྙས་བཅོས་བྱེད་བཞིན་ཡོད་སྟབས། རྒྱ་གར་གཞུང་གིས་དེ་མཚུངས་འཁོན་ལན་སློག་རྒྱུ་གལ་ཆེན་པོ་ཆགས་ཡོད” ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། སང་ཉིན་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷི་ཇ་མུ་ཀ་ཤི་མེར་མངའ་སྡེའི་ལ་དྭགས་རྫོང་དང་ཀར་གྷེལ་རྫོང (Kargil) གཉིས་ནང་གཟིགས་སྐོར་དང་འབྲེལ། ཆུ་གློག་ས་ཚིགས་གཉིས་ཀྱི་རྨང་གཞི་གསར་རྒྱག་གི་ལས་གཞི་དབུ་འབྱེད་དང་མང་ཚོགས་ལ་གཏམ་བཤད་གནང་རྒྱུ་ཡིན་སྟབས། པ་ཀི་སི་ཐན་མཐའ་སྲུང་དམག་མིས་འཇབ་རྒོལ་བྱས་པ་ཞིག་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese