མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གཉིས་ཀྱི་གནའ་དེང་གི་ལོ་རྒྱུས་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ བའི་དབུ་འབྱེད་མཛད་སྒོའི་ཐོག་བཀའ་ཟུར་རྒྱལ་ལོ་དོན་འགྲུབ་མཆོག་གིས། བོད་མི་ཚོས་རང་གི་ལོ་རྒྱུས་ཤེས་དགོས་པར་མ་ཟད། རྒྱ་དཀར་ནག་གཉིས་ཀྱི་གནའ་དེང་གི་ལོ་རྒྱུས་དང་། འཛམ་གླིང་གི་འགྱུར་བ་ཤེས་པའི་ཐོག་འཐབ་རྩོད་བྱ་དགོས་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཆོལ་གསུམ་ཚོགས་ཁང་དུ་ཚོགས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་འབྲས་ལྗོངས་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་ཨར་བྷེ་སུབ་པཱ་ (RB Subba) མཆོག་དང་། སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་འགྲུབ་མཆོག འབྲས་ལྗོངས་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་ཚོགས་གཞོན་བསོད་ནམས་རྒྱ་མཚོ་ལེགས་བཤད་ལགས། ཉེན་རྟོག་སྤྱི་ཁྱབ། མངའ་སྡེའི་ནགས་ཚལ་བཀའ་བློན་ཆེན་ཟུར་པ། དེ་བཞིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱི་གཙོས་པའི་དབུས་རྒྱུན་ལས་རྣམ་པ་དང་། ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཕྱོགས་མཐའི་གཞོན་ནུའི་ས་གནས་ཁག་ ༣༢ ནས་ཕེབས་པའི་སྐུ་ཚབ་ ༡༢༠ ། ས་གནས་མི་མང་བཅས་འཛོམས་ཡོད་འདུག

ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཕྱི་ཚེས་ ༡༡ ནས་ ༡༦ བར་གྱི་ཉིན་གསུམ་རིང་ཚོགས་འཆར་ཡོད་པ་དང་། ཚོགས་འདུའི་ཉིན་དང་པོ་དང་གཉིས་པར་དབུས་དང་ས་གནས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་དང་། འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པའི་གྲོས་ཆོད་ལ་ཞིབ་བཤེར་བཅས་གནང་འཆར་ཡོད་པར་མ་ཟད། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་དང་། དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ཀྱིས་༧གོང་ས་མཆོག་ལ་གཞི་མེད་སྒྲོ་འདོགས་དང་ཉེ་འཛུགས་བྱེད་པར་གདོང་ལེན་ཞུ་ཕྱོགས། གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་གནས་ཐབས་དང་མ་འོངས་ལས་འགུལ་སྤེལ་ཕྱོགས་བཅས་གྲོས་གཞི་དོན་ཚན་བདུན་གྱི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་འདུག

ཁ་སང་གི་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་འགྲུབ་མཆོག་གིས་བཀའ་སློབ་གསུང་བཤད་གནང་སྐབས། བོད་མི་ཚོས་ཐོག་མར་སོ་སོའི་མི་རིགས་ཀྱི་ལོ་རྒྱུས་ཤེས་དགོས་པ་དང་། ལྷག་པར་དུ་བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་གནས་ཡུལ་ལུང་ཞིག་ཆགས་ཡོད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་གར་གཉིས་ཀྱི་དེ་སྔོན་དང་དེང་སང་གི་ལོ་རྒྱུས་ཀྱང་མཁྱེན་རྟོགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། སྤྱི་ཚོགས་ནང་ཁག་ཅིག་གིས་རང་སྐྱོང་དང་ཁག་ཅིག་གིས་རང་བཙན་དགོས་ཞེས་གསུང་གི་ཡོད་པ་དེར་མ་འགྲིག་པ་མེད་པ་དང་། བསམ་ཚུལ་འདྲ་མིན་ཡོད་ན་ཡག་པོ་ཡོད་ཀྱང་། དེང་སྐབས་འཛམ་གླིང་ཐོག་རྒྱ་ནག་གི་ཕྱོགས་གཏོགས་དང་། ཨུ་རུ་སུའི་ཕྱོགས་གཏོགས། ཨ་རིའི་ཕྱོགས་གཏོགས་ཞེས་དུམ་བུ་གསུམ་ཆགས་བཞིན་པའི་འགྱུར་བའི་རང་བཞིན་དང་། རྒྱ་ནག་གི་མི་སེར་ནང་རྒྱ་ནག་དམར་ཤོག་དབང་འཛིན་པར་ཡིད་ཆེས་བརླག་མཁན་ཇེ་མང་དུ་འགྲོ་བཞིན་པ་སོགས་ཤེས་པར་བྱས་ཏེ། འགྱུར་བ་ཅེས་པ་དེ་རང་བཞིན་གྱིས་འགྲོ་ངེས་པ་ཞིག་ཡིན་སྟབས། གཞོན་སྐྱེས་ཚོས་སེམས་ཤུགས་དང་རེ་བ་མི་བརླག་པར། རང་ནུས་གང་ཡོད་ཀྱིས་རྩ་དོན་ཐོག་གསར་གཏོད་དང་། གང་ཐུབ་ཀྱིས་ནུས་པ་འདོན་དགོས་སྐོར་གསུངས་ཡོད་པར་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ད་བར་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ ཚོགས་གནང་བ་དེ་གཟི་བརྗིད་ཆེན་པོ་དང་རྩ་ཆེན་པོ་ཡིན་སྟབས། མ་འོངས་པར་བོད་མི་མི་རེ་ངོ་རེས་རྩ་དོན་འཐབ་རྩོད་ཐད་ནུས་པ་འདོན་རྒྱུ་དང་། གཙོ་ཆེ་ཤོས་གྲ་སྒྲིག་དང་སློབ་སྦྱོང་། བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བཅས་བྱས་ཏེ་༧གོང་ས་མཆོག་དང་འཛིན་སྐྱོང་བཀའ་ཤག་ལ་རྒྱབ་སྐྱོར་གནང་རྒྱུ་དང་། དམིགས་བསལ་ཉེ་བའི་ལོ་འགའི་སྔོན་ནས་༧གོང་ས་མཆོག་གིས་སྐུ་དབང་མི་མང་གི་འདེམས་པའི་འཐུས་མིར་རྩིས་སྦྲོད་གནང་ཡོད་པ་ལྟར། བཀའ་ཤག་གི་ལས་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་ཡོད་འདུག

གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ད་རེབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ་འབྲས་ལྗོངས་སུ་ཚོགས་པ་དེ་གནད་འགག་ཅིག་ཆགས་ཡོད་སྐོར་གསུངས་ཡོད་པར་མ་ཟད། ཉིན་གྲངས་གསུམ་རིང་གི་ཚོགས་འདུར་གཞོན་ནུའི་ས་གནས་ ༣༡ ནས་ཚོགས་བཅར་བ་ ༡༡༠ འཛོམས་ཡོད་པ་དང་། ཉིན་གྲངས་གསུམ་རིང་གྲོས་གཞི་ཁག་བདུན་གྱི་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་སྐོར་སོགས་ངོ་སྤྲོད་དང་འབྲེལ། འདས་པའི་ལོ་ ༤༥ རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་ལས་འགུལ་སྤེལ་ཡོད་པ་དང་། ད་ཆར་ཡང་དབུས་ས་གཉིས་མཉམ་རུབ་ཐོག་ས་གནས་ཁག་ཏུ་སྤྱི་ཚོགས་ཞབས་ཞུ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་གི་ཡོད་སྐོར་དང་། ད་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྡིངས་ཆ་བརྒྱུད་ནས་སྤྱི་ཚོགས་ནང་ཚད་ལྡན་གྱི་མགོ་ཁྲིད་མང་པོ་སྐྱེད་སྲིང་བྱས་ཡོད་པ་དང་། ད་ཆར་རྒྱལ་བལ་འབྲུག་གསུམ་ཕུད་པའི་བྱང་ཨ་རི་དང་ཡུ་རོབ། ཨོ་སི་ཊོ་ལི་ཡ། ཐའེ་ཝན་བཅས་ཀྱི་གཞོན་སྐྱེས་མང་པོ་མཉམ་ཞུགས་གནང་གི་ཡོད་སྐོར་སོགས་བརྗོད་འདུག

གཞོན་ནུའི་ཚོགས་གཙོ་མཆོག་གིས་རང་བཙན་དང་ལམ་དབུ་མའི་སྐོར་ལ་གསུང་དོན། ” ང་ཚོའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་ལམ་གྱི་ཐོག་གླེང་སློང་མང་དག་ཅིག་ཡོང་གི་ཡོད་པ་རེད། ཡིན་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་བོད་རང་བཙན་རེད། དེ་ང་ཚོའི་ཐོབ་ཐང་རེད། དེ་ང་ཚོ་བོད་པ་ཡིན་པ་དང་རང་ཉིད་ལ་འགན་ཞིག་ཡོད་པའི་ཆ་ནས་ང་ཚོ་རང་ཉིད་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལངས་ཕྱོགས་ལམ་དབུ་མ་རེད། ལམ་དབུ་མ་དེ་སྲིད་ཇུས་ཤིག་རེད། སྲིད་ཇུས་དེ་ག་དུས་ཡིན་ཡང་འགྱུར་བ་འགྲོ་སྲིད་པ་ཞིག་རེད། ང་ཚོའི་ངོས་ནས་མུ་མཐུད་རང་ཉིད་ཀྱི་ཐོབ་ཐང་རྩོད་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལམ་དབུ་མར་མཐའ་གཅིག་ཏུ་གུས་བརྩི་ཞུ་བཞིན་ཡོད། ” ཅེས་གསུངས་འདུག

ཚོགས་འདུའི་གྲོས་གཞི་ཁག་ནི། ཀ༽བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་ཀྱི་ལོ་རྒྱུས་དག་བོད་མི་དང་རྒྱལ་སྤྱིའི་མི་མང་། ལྷག་པར་དུ་རྒྱལ་སྤྱིའི་མཐོ་སློབ་ཁག་གི་སློབ་མར་མཁྱེན་རྟོགས་ཆེད་ལས་འགུལ་སྤེལ་ཕྱོགས་དང་། ཁ༽ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་ཁག འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་དང་མི་མང་བཅས་ནས་རྒྱབ་སྐྱོར་ཡོང་ཐབས་སུ་ལས་འགུལ་སྤེལ་ཕྱོགས། ག༽རྒྱ་ནག་གི་གདུག་རྩུབ་སྲིད་ཇུས་འོག་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་དཀའ་ངལ་མྱོང་བཞིན་པའི་རྒྱ་ཁབ་དང་མི་རིགས་ཁག་དང་ལྷན་མཐུན་ཕྱོགས་ཀྱི་ལས་འགུལ་སྤེལ་ཕྱོགས། ང༽རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་མི་སེར་སྤེལ་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ཀྱི་སྣོད་བཅུད་གཉིས་ལ་ཚད་ལས་བརྒལ་བའི་གཏོར་བརླག་གཏོང་བཞིན་པར་གདོང་ལེན་བྱེད་ཕྱོགས། ཅ༽༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་ཉེས་མེད་ཆབ་སྲིད་བཙོན་རྣམས་དང་། རྒྱ་གཞུང་གིས་འཛིན་བཟུང་འོག་གར་སོང་ཆ་མེད་གྱུར་བའི་བོད་མི་རྣམས་ཀློད་གྲོལ་ཡོང་ཐབས་སུ་ལས་འགུལ་སྤེལ་ཕྱོགས།

གྲོས་གཞི་དོན་ཚན་བཞི་བ། བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེཊ་སོགས་རླབས་ཆེ་བའི་བློས་གཏོང་གི་ལས་འགུལ་བསྟུར་མར་སྤེལ་བཞིན་པའི་དགེ་འདུན་ཁག་སྒྲུབ་ཐབས་སུ་ལས་འགུལ་སྤེལ་ཕྱོགས།

གྲོས་གཞི་དོན་ཚན་ལྔ་བ། མི་རབས་གསར་བ་རྣམས་ལ་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག བོད་མིའི་གཤིས་སྤྱོད་བཟང་པོ་རྒྱུན་གནས་ཐུབ་ཐབས་སུ་གཞོན་ལྷན་ནས་འགན་འཁུར་ཞུ་ཕྱོགས།

གྲོས་གཞི་དོན་ཚན་དྲུག་པ། ༧རྒྱལ་བའི་སྐུ་ཕྱྭའི་ཐོག་འགན་འཁུར་ཞུ་ཕྱོགས། ཀ༽༧གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཐད་གཞོན་ལྷན་ནས་དམིགས་བསལ་འགན་འཁུར་ཞུ་ཕྱོགས། ཁ༽དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ནས་༧གོང་ས་མཆོག་ལ་གཞི་མེད་སྒྲོ་འདོགས་ཀྱི་ཉེས་འཛུགས་བྱེད་བཞིན་པར་གཞོན་ལྷན་ནས་གདོང་ལེན་ཞུ་ཕྱོགས།

གྲོས་གཞི་དོན་ཚན་བདུན་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱི་སྒྲིག་འཛུགས་སྲ་བརྟན་དང་། ལས་དོན་བྱེད་ཕྱོགས། འབྲེལ་ལམ་ཡར་རྒྱས་ཚགས་ཚུད་དང་གོང་འཕེལ་གཏོང་ཕྱོགས་བཅས་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 2

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༄༅།།སྐུ་ཡི་གཅེན་པོ་ལྷ་སྲས་རྒྱལ་ལོ་དོན་འགྲུབ་མཆོག་སྐུ་ཚེ་ཡུན་དུ་བརྟན།།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བཀའ་དྲིན་དང་བྱས་རྗེས་ཅན་གྱི་རླབས་ཆེན་གྱི་འགྲེས་སོང་ཁོང་སྐུ་ཁཟུགས་བདེ་ཐང་ངང་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese