མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིད་སྐྱོའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

༄༅།། དྭང་སློབ་དམག་སྒར་གྱི་དེ་སྔའི་བོད་ཡིག་རིག་གནས་དགེ་རྒན་ཆེན་མོ་རྩེ་དྲུང་སྐུ་ངོ་ཐུབ་བསྟན་བཟོད་པ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༣ ཉིན་སྐུ་གཤེགས་པར་གུས་སློབ་ཕྲུག་རྣམས་ཡིད་ཤིན་ཏུ་སྐྱོ་བའི་གནས་སུ་གྱུར། སྐུ་ངོ་དམ་པ་དེ་ཉིད་ཕྱི་ལོ་ ༡༩༢༠ ལོར་ཡབ་ཀུན་བདེ་གླིང་གཟིམས་ཤག་གསར་པ་ངག་དབང་རིག་འཛིན་ལགས་དང་ཡུམ་ཚྭ་ཁུར་ཕུན་ཚོགས་དབང་མོ་ལགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཉི་ཤུ་རྩ་གཅིག་ལ་ཕེབས་པ། ཕྱི་ལོ་ ༡༩༤༡ བོད་ལྕག་སྦྲུལ་ལོའི་ལོ་གསར་ཚེས་གཉིས་ལ་བོད་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་ཞབས་རྩེ་དྲུང་དུ་བསྐོ་བཞག་བསྩལ་ཞིང་། དེ་ནས་ལྷོད་ཁུལ་འབྲོག་སྡེ་ཚོགས་ཁག་གི་འགོ་འདོམས་འབྲོང་པ་སྤྱི་ཁྱབ་ལས་གནས་གནང་། དེའི་རྗེས་ནོར་གླིང་རྟག་བརྟན་མི་འགྱུར་ཕོ་བྲང་གསར་བཞེངས་ཀྱི་ཨར་ལས་འགོ་འཛིན་གནང་། དེ་ནས་ཀོང་པོ་རྫོང་སྤྱི་གནང་བཞིན་པའི་མུར་ཕྱི་ལོ ༡༩༥༩ ལོར་རྒྱ་གར་བཙན་བྱོལ་དུ་ཕེབས་རྗེས་བཀའ་སྦུག་ཏུ་ཕྱག་ལས་གནང་། དེ་ནས་ལ་དྭགས་ས་གནས་འགོ་འཛིན་དང་། ཤར་ཁུམ་ས་གནས་འགོ་འཛིན་གནང་། ཕྱི་ལོ་ ༡༩༦༤ ལོར་དྭང་སློབ་དམག་སྒར་གྱི་བོད་ཡིག་སློབ་དགེ་རུ་བསྐོ་བཞག་བསྩལ། དེ་རྗེས་སྐུ་སྒེར་ཡིག་ཚང་གི་བསྔོ་རྟེན་སྐྱབས་ཞུའི་དོ་དམ་གནང་སྟེ་ཕྱི་ལོ་ ༡༩༨༤ ལོར་བགྲེས་ཡོལ་དུས་ཕེབས་རྗེས་རིགས་ལམ་སློབ་གཉེར་ཁང་དུ་ལོ་བཅུ་བདུན་གྱི་རིང་ཕྱག་ལས་གནང་བཞུགས།

དམ་པ་དེ་ཉིད་ཀྱིས་ཕྱི་ལོ་ ༡༩༦༤ ནས་༡༩༧༦ བར་དྭང་སློབ་དམག་སྒར་དུ་བོད་ཡིག་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་ཏེ་སློབ་ཕྲུག་སྟོང་ཕྲག་ལ་ཉེ་བར་བོད་ཀྱི་སྐད་ཡིག་དང་། སུམ་རྟགས། སྙན་ངག སྡེབ་སྦྱོར་བཅས་ཀྱི་ཐོག་སློབ་ཁྲིད་མཛད་དེ་བོད་ཀྱི་རིག་གནས་ཐོག་སློབ་ཕྲུག་ཚད་ལྡན་གང་འཚམ་བསྐྱེད་བསྲིངས་གནང་ཡོད། དེའི་ཁོངས་ནས་དམག་སྒར་རང་ཉིད་ཀྱི་གོ་གནས་ལ་མཚོན་ན་ Colonel དང་། མདའ་དཔོན། རུ་དཔོན། འགོ་འཛིན། འགོ་འཛིན་ལས་རོགས། བརྒྱ་དཔོན། ལྡིང་དཔོན་བཅས་ཀྱི་གོ་གནས་ཁྱོན་སློབ་མ་སུམ་བརྒྱ་ནས་བཞི་བརྒྱ་ཙམ་གྱིས་བཞེས་ཐུབ་པ་བྱུང་ཡོད། དེ་དབྱིངས་རྣམས་དང་བཅས་སློབ་ཕྲུག་རྣམས་ཕྱི་ལོ་ ༡༩༧༣ ནས་ ༢༠༠༩ བར་དམག་སྒར་དེའི་རྐང་འགན་འཛིན་ལྟ་བུར་གྱུར་ཡོད། དེ་ནི་དམ་པ་དེ་ཉིད་ཀྱི་བཀའ་དྲིན་དང་ཁ་བྲལ་དུ་མེད་པ་ཡིན་ངེས་ལ་བརྟེན། དམ་པ་དེ་ཉིད་ཀྱི་བཀའ་དྲིན་གྱི་ཆ་ཤས་ཙམ་གསབ་ཆེད་དྷ་སར་གནས་སྡོད་སློབ་ཕྲུག་རྣམས་ནས་འཁྲུངས་རྟགས་སུ་འཇམ་དཔལ་དབྱངས་ཀྱི་སྐུ་བཞེངས་རྒྱུ་ཐག་ཆོད་བྱུང་བ་དང་། ཞབས་འཇུག་མཆོད་འབུལ་ཞུ་དགོས་ཆེད་རྒྱ་གར་དང་། བལ་ཡུལ་དང་འབྲུག་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་སློབ་ཕྲུག་རྣམས་ནས་རང་རང་བློས་བཅད་མཆོད་འབུལ་ཆེད་གནང་སོན་བྱུང་ཚེ་དམིགས་བསལ་དམ་པ་དེ་ཉིད་ཀྱི་མཆོད་འབུལ་ཆེད་དུ་རྒྱ་གར་དངུལ་ཁང་ (TSHERING GYURMAY SBI SAVING A/C NO. 34029774753) བརྒྱུད་གནང་སྐྱོང་ཡོང་བ་ཞུ། འདི་ལོ་གཅིག་རྗེས་སྒོ་རྒྱག་རྒྱུ་ཡིན། མཆོད་འབུལ་ཆེད་དངུལ་གྲངས་ཇི་ཕུལ་མཆོད་འབུལ་ཁག་གྲུབ་མཚམས་གསར་ཤོག་ཐོག་འཐོན་རྒྱུ་ལགས་ན་དེ་དོན་དགོངས་པར་མངའ་བ་མཁྱེན།

དམ་པ་དེ་ཉིད་ཀྱི་སྐུ་ཚེ་ཧྲིལ་པོར་བོད་རྒྱལ་ཁབ་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་སྲི་ཞུ་ཞབས་འདེགས་ལྷག་བསམ་རྣམ་དག་གིས་ཞུ་གནང་བའི་མཛད་རྗེས་ལ་ཡི་རང་ཞུ་བ་དང་། དགེ་ཚོགས་བྱང་ཆུབ་ཆེན་པོའི་རྒྱུ་རུ་འགྱུར་བ་དང་། འཕགས་མཆོག་ཕྱག་ན་པད་མོས་ཚེ་རབས་ཀུན་ཏུ་མཉེས་བཞིན་རྗེས་སུ་འཛིན་པའི་ཐུགས་རྗེ་བརྩེ་བས་གཟིགས་པའི་གསོལ་འདེབས་ཞུ་རྒྱུ་དང་དམ་པ་དེ་ཉིད་ཀྱི་མཛད་རྣམ་མདོར་བསྡུས་བཅས། དྷ་སའི་སློབ་ཕྲུག་ཚོགས་ཆུང་ཐུན་མོང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༢ ལ་ཕུལ།

ཚོགས་ཆུང་ཚོགས་མི།

འགོ་འཛིན་ཟུར་པ་ཚུལ་ཁྲིམས་ཆོས་འཕེལ། འགོ་འཛིན་ཟུར་པ་ཚེ་རིང་འགྱུར་མེད། བརྒྱ་དཔོན་ཟུར་པ་ཀརྨ་ཚེ་རིང་། ལྡིང་དཔོན་ཟུར་པ་ཉི་མ་བཀྲ་ཤིས། ལྡིང་དཔོན་ཟུར་པ་ཕུར་བུ་ཚེ་རིང་། ལྡིང་དཔོན་ཟུར་པ་ཚེ་བརྟན་རྡོ་རྗེ། བཅུ་དཔོན་ཟུར་པ་བྱང་ཆུབ། བཅུ་དཔོན་ཟུར་པ་ཆོས་དར། དྭང་ཟུར་ཚུལ་ཁྲིམས་རྡོ་རྗེ།

འབྲེལ་མཐུད་ཁ་པར་ཨང་། ༩༤༡༨༢༥༢༧༩༢ དང་ ༩༤༡༨༧༩༥༥༥༧ ཡིན།

འབྲེལ་ཡོད་གསར་འགྱུར།

Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

སྐར་མ ༤༥ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༢༢ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

༢༠༢༦/༠༤/༣༠
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese