མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་གིས་གྲོས་མོལ་ཕྱིར་བསྡུ་བྱས།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་ནང་ཡོད་པའི་པ་ཀི་སི་ཐན་གྱི་གཞུང་ཚབ་པས་ཀཱ་ཤི་མིར་རྒྱ་གར་ལས་ལོགས་སུ་ཁ་བྲལ་རྩོད་མཁན་མགོ་ཁྲིད་ལ་ཐུག་འཕྲད་བྱས་སྟབས་རྒྱ་གར་གཞུང་གིས་རྒྱལ་ཁབ་གཉིས་བར་གྱི་གྲོས་མོལ་ཕྱིར་བསྡུ་བྱས་འདུག

ཟླ་འདིའི་ཚེས་ ༢༥ ཉིན། པ་ཀི་སི་ཐན་གྱི་རྒྱལ་ས་ཨེ་སི་ལཱ་མཱ་བྷ་ཌེ་ (Islamabad)ནང་རྒྱ་གར་དང་པ་ཀི་སི་ཐན་གྱི་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་བར་ས་མཚམས་རྩོད་རྙོག་སྐོར་ལ་གྲོས་མོལ་གནང་འཆར་ཡོད་ཀྱང་། ཁ་སང་རྒྱ་གར་ནང་གི་པ་ཀི་སི་ཐན་གྱི་གཞུང་ཚབ་པ་ཨབ་དྷོལ་ (Abdul Basit) ལགས་ཀྱིས་ཀཱ་ཤི་མིར་ (Kashimir) རྒྱ་གར་ལས་ལོགས་སུ་ཁ་བྲལ་རྩོད་ལེན་བྱེད་མཁན་ཇ་མུ་ཀཱ་ཤི་མིར་གྱི་དམངས་གཙོ་རང་དབང་ཚོགས་པའི་ (Jammu and Kashmir Democratic Freedom Party) མགོ་གཙོ་ཤཱ་བྷེར་ (Shabir Shah) དང་ཐུག་འཕྲད་བྱས་ཡོད་སྟབས། རྒྱ་གར་གཞུང་ཁོང་ཁྲོ་ལངས་ཏེ་གྲོས་མོལ་དེ་ཕྱིར་བསྡུ་བྱས་ཡོད་འདུག

འདིའི་ཐད་རྒྱ་གར་བདེ་སྲུང་བློན་ཆེན་ཨ་རུན་ཇད་ཌི་ལེ་ (Arun Jaitley)ལགས་ཀྱིས། “€œཔ་ཀི་སི་ཐན་དང་རྒྱ་གར་བར་མེ་མདའ་འཕེན་རྒྱུ་མཚམས་འཇོག་གི་ཐག་གཅོད་བྱས་ཡོད་ཀྱང་། པ་ཀི་སི་ཐན་དམག་མིས་རྒྱ་གར་བྱང་བརྒྱུད་ཀྱི་ས་མཚམས་ཁག་ལ་འཇབ་རྒོལ་ཡང་ཡང་བྱས་ཡོད་སྟབས་རྒྱ་གར་གྱི་དམག་མི་ཚོས་ཀྱང་དེ་ལ་ཁ་གཏད་ལྕོག་སྲིད་པ་དང་། པ་ཀི་སི་ཐན་གྱིས་རྒྱ་གར་དང་མེ་མདའ་འཕེལ་མཚམས་འཇོག་རྒྱུའི་ཐག་གཅོད་ལ་རྡོག་རོལ་བཏང་ཡོད་པ་མ་ཟད། པ་ཀི་སི་ཐན་གྱི་གཞུང་ཚབ་པས་ཀཱ་ཤི་མིར་རྒྱ་གར་དང་ཁ་བྲལ་རྩོད་ལེན་བྱེད་མཁན་གྱི་མགོ་ཁྲིད་ལ་ཐུག་པ་དེ་ནི། རྒྱ་གར་ལ་འཁྲུག་རྐྱེན་སློང་གཞི་ཞིག་ཡིན་སྟབས། ད་ལྟ་པ་ཀི་སི་ཐན་གྱིས་རྒྱ་གར་དང་འབྲེལ་ལམ་གང་འདྲ་ཞིག་དགོས་མིན་སོ་སོས་ཐག་གཅོད་བྱེད་དགོས” €ཞེས་བརྗོད་འདུག

རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཨག་བྷ་རུ་ཌེན་ (Syed Akbaruddin) ལགས་ཀྱིས་ཀྱང་། “€œ རྒྱ་གར་ནང་གི་པ་ཀི་སི་ཐན་གྱི་གཞུང་ཚབ་པས་ཀཱ་ཤི་མིར་རྒྱ་གར་ལས་ཁ་བྲལ་འདོད་བྱེད་མཁན་གྱི་མགོ་ཁྲིད་ལ་ཐུག་འཕྲད་བྱས་ཏེ། རྒྱ་གར་རྒྱལ་ནང་གི་གནད་དོན་ལ་ཐེ་ཇུས་བྱེད་བཞིན་ཡོད་སྟབས། ཁ་སང་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་ལྕམ་སུ་ཇ་ཋ་སིང་ (Sujatha Singh) ལགས་ཀྱིས་པ་ཀི་སི་ཐན་གཞུང་ཚབ་ལ་ཁ་པར་བཏང་སྟེ། གལ་ཏེ་པ་ཀི་སི་ཐན་གཞུང་གིས་མུ་མཐུད་རྒྱ་གར་ནང་ཁུལ་གྱི་གནད་དོན་ལ་ཐེ་ཇུས་བྱས་ཚེ་རྒྱ་གར་གཞུང་ཡང་རང་འགར་སྡོད་ཐབས་མེད། པ་ཀི་སི་ཐན་དང་རྒྱ་གར་བར་དོན་ཕན་ལྡན་པའི་འབྲེལ་མོལ་ཞིག་ཡོང་དགོས་ན། པ་ཀི་སི་ཐན་གྱིས་རྒྱ་གར་དང་མཉམ་དུ་བཞག་པའི་སིམ་ལའི་གྲོས་མཐུན་དང་ལཱ་ཧོར་ (Lahore) གྱི་ཆིངས་ཡིག་དགོངས་དོན་གཞིར་བཟུང་དཀའ་རྙོག་སེལ་ཐབས་གནང་དགོས” €ཞེས་སོགས་བརྗོད་འདུག

པ་ཀི་སི་ཐན་ཕྱི་སྲིད་ལྷན་ཁང་གིས། “€œང་ཚོས་རྒྱ་གར་དང་པ་ཀི་སི་ཐན་བར་གྲོས་མོལ་མ་བྱས་སྔོན་ལ་ཀཱ་ཤི་མིར་གྱི་མགོ་ཁྲིད་ཚོར་ཐུག་སྟེ་ཀཱ་ཤི་མིར་གནད་དོན་སྐོར་ལ་གོ་སྡུར་བྱས་པ་དེ་ཧ་ཅང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད” ཅེས་བརྗོད་འདུག

༢༠༠༡ ལོར་པ་ཀི་སི་ཐན་གྱི་སྲིད་འཛིན་མུ་ཤཱ་རབ་ (Pervez Musharraf) རྒྱ་གར་ནང་སྐོར་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་གྲོས་མོལ་ཚོགས་འདུ་ (Agra Summit) ཞེས་པར་མཉམ་ཞུགས་བྱས་པ་མ་ཟད། ཀཱ་ཤི་མིར་ནང་ཡོད་པའི་ཀཱ་ཤི་མིར་ (Kashimir) རྒྱ་གར་ལས་ལོགས་སུ་ཁ་བྲལ་རྩོད་ལེན་བྱེད་མཁན་གྱི་མགོ་ཁྲིད་ཚོར་ཐུག་འཕྲད་བྱས་ཡོད་པ་དང་། ན་ནིང་ཕྱི་ཟླ་ ༡༡ པའི་ནང་པ་ཀི་སི་ཐན་སྲིད་བློན་ནཱ་ཝ་ཛེ་ཤཱ་རེབ་ཀྱི་སློབ་སྟོན་པ་རྒྱ་གར་རྒྱལ་སར་གཟིགས་སྐོར་གནང་སྐབས། ཁོ་ཚོར་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་མོལ་ལ་དོ་ཕོག་གང་ཡང་ཕྱིན་མེད་ཀྱང་། ཁ་སང་རྒྱ་གར་ནང་གི་པ་ཀི་སི་ཐན་གཞུང་ཚབ་པས་ཁོ་ཚོར་ཐུག་འཕྲད་བྱས་བ་དེས་རྒྱ་གར་དང་པ་ཀི་སི་ཐན་གྱི་ཕྱི་སྲིད་དྲུང་ཆེ་བར་གྱི་འབྲེལ་མོལ་ཕྱིར་བསྡུ་བྱས་ཡོད།

༡༩༤༧ ལོར་རྒྱ་གར་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་སྐབས། པ་ཀི་སི་ཐན་རྒྱ་གར་ལས་ལོགས་སུ་ཁ་གྱེས་ཡོད་པ་དང་། སྐབས་དེ་ནས་བཟུང་རྒྱལ་ཁབ་གཉིས་བར་མ་འཆམ་པ་བྱུང་སྟེ། ༡༩༧༡ ལོ་དང་། ༡༩༨༤ ལོར་ཀཱ་ཤི་མིར་མངའ་ཁོངས་སུ་ཡོད་པའི་སཱ་ཆེན་འཁྱགས་གཤོང་ (Siachen Glacier) དུ་དམག་བརྒྱབ་པ་དང་། ༡༩༨༩ ལོར་པ་ཀི་སི་ཐན་གྱིས་ཀཱ་ཤི་མིར་གྱི་གྱེན་ལོག་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ཏེ་ཀཱ་ཤི་མིར་རྒྱ་གར་དང་ཁ་བྲལ་གཏོང་ཐབས་བྱས་ཡོད། ༡༩༩༩ ལོར་རྒྱལ་ཁབ་གཉིས་བར་ཀར་གྷིལ་ (Kargil war) ས་ཐོག་ཏུ་དམག་འཁྲུག་བྱུང་སྟེ་མི་རྒྱུ་གཉིས་ཀར་གྱོང་ཆེན་པོ་ཕོག་ཡོད།

༡༩༩༩ ལོའི་ཟླ་ ༢ ཚེས་ ༡༩ ཉིན་རྒྱ་གར་སྲིད་བློན་བཱ་ཇི་བྷ་ཡེ་དང་པ་ཀི་སི་ཐན་སྲིད་བློན་ནཱ་ཝ་ཛེ་ཤཱ་རེབ་ (Nawaz Sharif) བར་རྒྱ་གར་རྒྱལ་ས་ལྡི་ལི་ནས་པ་ཀི་སི་ཐན་གྱི་གྲོང་ཁྱེར་ལཱ་ཧོར་བར་སྤྱི་སྤྱོད་རླངས་འཁོར་གཏོང་རྒྱུའི་ཐག་གཅོད་ལྟར་ལོ་གཅིག་ལྷག་རིང་བཏང་ཡོད་ཀྱང་། ༢༠༠༡ ལོའི་ཟླ་ ༡༢ ཚེས་ ༡༣ ཉིན་པ་ཀི་སི་ཐན་འཇིགས་སྐུལ་རིང་ལུགས་པས་རྒྱ་གར་གྲོས་ཚོགས་ལ་འཇབ་རྒོལ་བྱས་ཏེ་མི་ ༧ བསད་པ་དང་གཞན་མི་ ༡༨ ལ་རྨས་སྐྱོན་བཟོས་ཡོད་ལ། ༢༠༠༧ ལོའི་ཟླ་ ༢ ཚེས ༡༨ ཉིན་མེ་འཁོར་ (Samjhauta Express) ཞེས་པར་འབར་གས་དོན་རྐྱེན་བཟོས་ཏེ་མི་ ༦༨ བསད། ༢༠༠༨ ལོའི་ཟླ ༡༡ ཚེས་ ༢༩ ཉིན་མོམ་བྷེ་ཡི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ནང་འཇབ་རྒོལ་གྱིས་མི་ ༡༦༤ བསད་པ་མ་ཟད་མི་ ༣༠༨ ལྷག་ལ་རྨས་སྐྱོན་བཏང་ཡོད།

ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་ཆེད་ད་ལོའི་རྒྱ་གར་གྱི་སྲིད་བློན་དམ་འབུལ་མཛད་སྒོའི་སྐབས། ནཱ་རེན་ཌ་མུ་དྷེ་ཡིས་པ་ཀི་སི་ཐན་སྲིད་བློན་ནཱ་ཝ་ཛེ་ཤཱ་རེབ་མགྲོན་འབོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་སྐོར་ལ་གྲོས་མོལ་བརྒྱུད་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཀྱི་སྲིད་ཇུས་བཟུང་ཡོད་ཀྱང་། ཟླ་འདིའི་ཚེས་ ༥ ཉིན་པ་ཀི་སི་ཐན་དམག་མིས་ཀཱ་ཤི་མིར་གྱི་ཤེར་ཤག་ཌི་ (Sher Shakti) དང་། ཚེས ༨ ཉིན་པོན་ཆི་(Poonch) རྫོང་ཁོངས་ཀྱི་བྷེམ་བྷར་གྷ་ལི་སྒར་སར་ (Bhimbher Gali) འཇབ་རྒོལ་བྱས་པ་མ་ཟད། ཚེས་ ༡༡ ཉིན་ནེ་ཁཱོ་ཝལ་(Nikowal) དང་བྷོ་ཝར་ (Bhudwar) སོགས་སུ་སྒྱོགས་མདེལ་འཕངས་ཏེ། རྒྱ་གར་གྱི་དམག་མི་ ༤ ལ་རྨས་སྐྱོན་བཟོས་ཡོད་ལ། ད་ལོར་པ་ཀི་སི་ཐན་མཐའ་སྲུང་དམག་མིས་རྒྱ་གར་གྱི་ས་མཚམས་ཁུལ་དུ་འཇབ་རྒོལ་ཐེངས་ ༥༠ ཙམ་བྱས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༡༡ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༣ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 6

  1. དམག་དཔོན། says:
    ལོ་ 12 སྔོན།

    རྒྱ་གར་མི་མང་གིས་ཧ་གོ་དགོས་པ་གལ་ཆེ་ཤོས་དེ་རྒྱ་གར་གྱི་དགྲ་ཨང་དང་པོ་དེ་པ་ཀི་སི་ཐན་མ་རེད། རྒྱ་ནག་དམར་པོའི་གཞུང་དེ་རེད། རྒྱ་ནག་གིས་རྒྱ་གར་གྱི་མཐའ་ཡོངས་རྫོགས་སྐོར་ནས་ཡོང་གི་ཡོད་པ་རེད། བལ་ཡུལ་དང་འབྲུག བྷིང་ལ་ཌེ་ཤི། པ་ཀི་སི་ཐན། འབར་མ། སེ་རི་ལངྒ་སོགས་ལ་འབྲེལ་བ་བཙུགས་ཏེ་རྒྱ་གར་ཕམ་པར་རྒྱག་རྒྱུར་གྲ་སྒྲིག་ཨང་གསར་བྱས་ཡོད་པ་རེད་དོ་་

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཆོས་ལུགས་སྟོབས་ཤུགས་ཀྱི ཁ་བྲལ་སོང་པའི་རྒྱ་གར་དང་པ་ཀི་སི་ཐེན།

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ན་ར་མི་སྡིས་ཕྱི་འདྲེས་རྒྱལ་སྐྱོང་སྲིད་ཇུས་ལ་གཏོར་རྒོལ་དང་པོ་དེ་པ་ཀི་སི་ཐེན་གྱིས་བཟོས་སོང།འདིའི་ངན་རྒྱབ་རྒྱ་ནག་ཡོད་ཉེན་ཆེ།

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    འདིས་ངན་རྒྱབ་རྒྱ་ནག་ཡོད་སྲིད།

    Reply
  5. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་གར་རང་ནས་མེད་བརླག་ཕྱིན་ཟིན་པའི་ནང་ཆོས་བདག་པོ་རྒྱག་མཁན་ཏཱ་ལ་བླ་མ་བློ་གཏོང་མ་བྱས་ཙམ་ལས་རྒྱ་ནག་ལ་ཅི་ཡང་མི་ཕོད།

    Reply
  6. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་གར་འདིས་ཨ་རི་དང་པ་ཀི་སི་ཐིན་ལ་རྫིགས་ཉམ་ཆེ་ཐག་རེ་སྟོན་ཕོད་ན་ཡང།རྒྱ་ནག་གིས་རྫིག་རྫིག་ག་ཚོད་རུང་ཁུམས་སྡོད་པ་རྣམ་འརྒྱུར་ཙམ་ཡང་སྟོན་མི་ཕོད།1959ལོར་ནེ་རུས་རྒྱ་གར་རང་གི་ནང་མེད་བརླག ་ཕྱིན་ཟིན པའི་ནང་ཆོས་ཉར་ཚག་བྱེད་ཏཱ་ལ་བླ་མ་བློས་གཏོང་མ་བྱས་ཙམ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese