མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཚུལ་བརྒྱུད་འགོད་བྱེད་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

སོ་སོའི་ལས་ཀའི་ཞོར་དུ་བཙན་བྱོལ་སྤྱི་ཚོགས་ནང་གི་གནས་ཚུལ་དང་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་ཁག་སྒེར་གཉེར་དྲ་ཚིགས་བརྒྱུད་དེ་བོད་ནང་ལ་ཁྱབ་སྤེལ་གཏོང་གི་ཡོད་ཟེར།

དབྱིན་ཡུལ་དུ་གནས་སྡོད་སྟོང་སྐོར་ཐུབ་བསྟན་ལགས་ཀྱིས་ནུབ་ཕྱོགས་སུ་གྱར་བའི་བོད་མི་སྤྱི་མཚུངས་ལྟར་སོ་སོའི་ཉིན་རེའི་ལས་ཀའི་ཞོར་དུ། ‘€˜བོད་ཀྱི་ཟམ་པ‘ €™ཞེས་པའི་དྲ་བ་ཚིགས་ཤིག་གཉེར་ཏེ། བོད་ཕྱི་ནང་གཉིས་ཀྱི་གསར་འགྱུར་དང་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་རིགས་བརྒྱུད་འགོད་དང་། དྲག་གནོན་འོག་གི་བོད་མིའི་གླུ་སྒྲ་ཞེས་པའི་གླུ་གཞས་དྲ་བའི་ཐོག གཞིས་ལུས་བོད་མིའི་གནས་བབ་དང་སེམས་ཀྱི་རེ་འབོད། ༧གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སོགས་ལ་ཕུལ་བའི་བསྟོད་གླུ་དང་པར་རིས་སོགས་བསྡུ་འགོད། གཞན། གངས་རིའི་རོལ་དབྱངས་དྲ་བའི་ཐོག་བོད་ཕྱི་ནང་གཉིས་ནས་གསར་དུ་ཐོན་བཞིན་པའི་གླུ་གཞས་བསྡུ་འགོད་སོགས་ཀྱི་ལས་ཀ་བྱེད་བཞིན་ཡོད་སྟབས། ཉེ་སྔོན་ཁོང་དྷ་རམ་ས་ལར་བསླེབས་པ་དང་བསྟུན་ཏེ་འདི་གའི་གསར་འགོད་པས་ཁོང་གི་ལས་ཀའི་སྐོར་ལ་གླེང་མོལ་ཐུང་ཙམ་བྱས།

ཁོང་གིས་དྲ་ཚིགས་དེའི་དམིགས་ཡུལ་ངོ་སྤྲོད་གནང་བ་ལྟར་ན། བོད་ནང་གི་གསར་འགྱུར་བཙན་བྱོལ་ནང་དུ་ལེན་རྒྱུ་དང་། བཙན་བྱོལ་ནང་གི་གསར་འགྱུར་དང་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་རིགས་བོད་ནང་བརྒྱུད་སྒྲོག་བྱེད་ཆེད་ཡིན་པ་དང་། དྲ་རྒྱ་དེ་སྒོ་འབྱེད་བྱས་ཏེ་ལོ་ ༢ ལྷག་འགྲོ་བཞིན་ཡོད་ཅིང་། ད་སྔ་ཀློག་བྱེད་མཁན་མང་ཆེ་བ་བོད་ནང་གི་བོད་མི་ཡིན་འདུག ཁོང་གིས་བརྗོད་དོན། ངས་ནམ་རྒྱུན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་དང་བོད་ཀྱི་དུས་བབ། བང་ཆེན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། ཨ་རིའི་རླུང་འཕྲིན་དྲ་ཚིགས་སོགས་ནས་གནས་ཚུལ་གལ་ཆེན་ཁག་ཟམ་པ་དྲ་བར་བརྒྱུད་འགོད་བྱས་ཏེ་གནས་ཚུལ་ཁྱབ་སྤེལ་བྱེད་བཞིན་ཡོད། བོད་ནང་གི་དྲ་ཚིགས་ཁག་ནས་གནས་ཚུལ་བསྡུ་འགོད་བྱས་པ་མང་ཆེ་བ་སྤྱི་ཚོགས་རིག་གནས་དང་མང་སྲོལ། མི་སྣ་ངོ་སྤྲོད་སོགས་ཡིན། གང་ཡིན་ཟེར་ན། རྒྱ་གཞུང་གི་སྟངས་འཛིན་འོག་བོད་མིའི་སྤྱི་ཚོགས་འཚོ་བ་དངོས་ཀྱི་གནས་ཚུལ་རིགས་དཀོན་པོ་རེད། དེ་ནས་ཟམ་པ་དྲ་བའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་དང་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་བརྙན་བཅས་རྒྱུན་དུ་ལྟ་ཐུབ་པའི་དྲ་བརྙན་གསུམ་བཞག་ཡོད། ཅེས་བརྗོད་བྱུང་།

བྲེལ་འཚུབ་ཆེ་བའི་སྤྱི་ཚོགས་ཤིག་གི་ནང་ཉིན་ལྟར་སྒེར་ངོས་ནས་བོད་དང་འབྲེལ་བའི་གསར་འགྱུར་མང་པོ་བརྒྱུད་གཏོང་བྱེད་པར་དཀའ་ངལ་ཅི་ཡོད་དྲིས་པར་ཁོང་གིས། ངས་དབྱིན་ལན་གྱི་བོད་པའི་ཟ་ཁང་ཞིག་ནང་ལས་ཀ་བྱེད་བཞིན་ཡོད། ཞོགས་པའི་ཆུ་ཚོད་ ༦ པ་ནས་ལས་ཀ་བྱས་ན། ཕྱི་དྲོ་ཆུ་ཚོད་ ༤ པར་ལས་ཀ་གྲོལ་གྱི་ཡོད་སྟབས། དེ་ནས་ཆུ་ཚོད་གང་ཡོད་ཕུད་ནས་སོ་སོའི་ཤེས་ཚོད་ཐུབ་ཚོད་ཀྱིས་གསར་འགྱུར་བརྒྱུད་གཏོང་དང་བསྡུ་རུབ་སོགས་ལ་ཤུགས་རྒྱག་གི་ཡོད། ང་སྔོན་ཆད་སློབ་གྲྭར་འགྲོ་མྱོང་མེད་སྟབས། བོད་ཡིག་དང་དབྱིན་ཡིག་གཉིས་ཀ་ཡག་པོ་མེད། ཡིན་ནའང་ལས་ཀའི་ཞོར་དུ་གང་ཐུབ་ཀྱིས་ཡར་རྒྱས་གཏོང་གི་ཡོད། ཅེས་བརྗོད་བྱུང་།

ཉེ་སྔོན་དཀར་མཛེས་ཁུལ་གྱི་གསར་འགོད་པ་ཞིག་ལྷ་སར་མཇལ་སྐོར་དུ་ཕྱིན་པའི་སྐོར་བརྗོད་དོན། ཉེ་སྔོན་ངའི་ངོ་ཤེས་གསར་འགོད་པ་ཞིག་གུང་གསེང་གི་སྐབས་དང་བསྟུན་ཏེ་ལྷ་སར་གནས་སྐོར་དུ་ཕྱིན་འདུག ལམ་བར་ནས་རྒྱ་གཞུང་གིས་བོད་རིགས་ཚོར་དམིགས་བསལ་དམ་དྲག་དང་སྔོག་བཤེར་བྱེད་ཀྱི་ཡོད་སྟབས། ཁོ་རང་གི་པོད་འཕྲིན་ནང་ལྷ་སར་འགྲོ་རྒྱུ་དེ་བདེ་བ་ཅན་གྱི་ཞིང་ཁམས་ལ་འགྲོ་བ་ལས་ཀྱང་དཀའ་ལས་ཆེ་བ་འདུག་ཅེས་བརྗོད་འདུག ཡང་ཉིན་ཞིག་ཁོ་ལྷ་སའི་མགྲོན་ཁང་ཞིག་ཏུ་སྡོད་སྐབས། ཉེན་རྟོག་པ་ཡོང་སྟེ་རྙོག་གྲ་མང་པོ་བཤད་དེ་ཕྱིར་འཕུད་གཏོང་གྲབས་བྱས་ཡོད་འདུག ཁོ་རང་རྒྱུན་དུ་བོད་སྐད་ཡིག་དང་རིག་གཞུང་སོགས་ཀྱི་ཐད་དོ་སྣང་ཧ་ཅང་ཆེན་པོ་འདུག ཐེངས་ཤིག་ཁོ་ཕ་ཡུལ་དུ་ཕྱིན་སྐབས། ཁོ་རང་ཆུང་དུས་སློབ་གྲྭར་འགྲོ་སའི་གྲོང་གསེབ་ཀྱི་བོད་ཡིག་སློབ་ཆུང་དེར་ལྟ་རུ་ཕྱིན་སྐབས། སློབ་གྲྭ་སྒོ་བརྒྱབ་སྟེ་དམར་སྒར་བཙུགས་ཡོད་པ་མཐོང་པས་ཕངས་སེམས་ཆེན་པོ་བྱུང་སྐོར་ལབ་སོང་། ཞེས་པ་སོགས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese