མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྒྲུབ་ཀྱི་ཡོད་དམ་ཁྲལ་སྒྲུབ་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༣༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཁ་ཐོགས་ཚད་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་དགོས་ཟེར་བ་དང་། ལག་ཐོགས་ཚད་ཀྱིས་༧གོང་ས་མཆོག་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་མདོག་སྟོན། དོན་དངོས་ཐོག་༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་མཁན་ཉིན་མོའི་སྐར་མ་དང་། ཆོ་ག་ཕྱག་ལེན་གྱི་ངོ་བོར་ཉི་མ་སྐྱེལ་མཁན་དང་། ཁ་ནས་མ་ཎི་བཞིན་བགྲང་བ་ལས་ལག་ལེན་སྣ་གཅིག་མི་བསྟར་མཁན་མཚན་མོའི་སྐར་ཚོགས་ཡིན། ༧གོང་ས་མཆོག་གི་བཀའ་དགོངས་ལོག་འགྲེལ་བརྒྱབ་ནས་རང་གི་མངོན་འདོད་སྒྲུབ་མཁན་ཡང་བཙན་བྱོལ་སྤྱི་ཚོགས་ནང་ཉུང་ཉུང་མིན།

༧གོང་ས་མཆོག་གིས་དུས་ནས་དུས་སུ་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ལས་དོན་མང་པོ་ཞིག་ལམ་སྟོན་གནང་གི་ཡོད། ཉེ་བའི་ལོ་བཅུ་ཕྲག་ཚུན་ལའང་བོད་པའི་རིག་གཞུང་དང་འབྲེལ་བའི་ཐོག རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་དགོས་པ་དང་། ནང་བའི་ལྟ་གྲུབ་ཀུན་བཏུས་ཀྱི་ལས་གཞི་མགོ་འཛུགས་དགོས་པ། དེ་བཞིན། བོད་པའི་ཆོས་བརྒྱུད་ཁག་ནང་གཞུང་ཆེན་རིགས་གཅིག་རྐང་འཛིན་གསོ་སྐྱོང་བྱེད་དགོས་པ་སོགས་ཡང་ནས་བསྐྱར་དུ་གསུངས་ཡོད།

ལས་དོན་འདི་རིགས་དེང་སྐབས་རྒྱལ་སྤྱིའི་ཐོག་དར་སོ་ཆེན་པོ་ཡིན་ལ། བོད་སྤྱི་ཚོགས་ལ་དེ་བས་ཀྱང་ཁ་ཚ་དགོས་གཏུགས་ཆགས་ཡོད། ནང་པའི་ལྟ་གྲུབ་ཀུན་བཏུས་འདི་༧གོང་ས་མཆོག་གིས་གསར་གཏོད་དང་ལོ་རྒྱུས་ཐོག་གི་ལས་དོན་རླབས་ཆེན་ཞིག་ཡིན། སྔར་རྒྱ་གར་དུ་དཔལ་ན་ལེནྚའི་མཁས་པ་གདན་འཛོམ་དུས་དང་། རྒྱན་དྲུག་མཆོག་གཉིས་ཞལ་བཞུགས་སྐབས། ཚད་མ་ཀུན་བཏུས་དང་མངོན་པ་ཀུན་བཏུས་སོགས་བརྩམས་ཡོད། ༧གོང་ས་མཆོག་གིས་ལྟ་གྲུབ་ཀུན་བཏུས་ཀྱི་ལས་གཞི་འདི་བོད་པའི་བླ་རྒན་ཚོར་རེ་བ་བཅོལ་ཡོད།

ད་ལྟ་༧གོང་ས་མཆོག་གི་བཀའ་དགོངས་དེ་དག་ཅི་ཙམ་སྒྲུབ་ཡོད་མེད་དང་ཇི་ལྟར་སྒྲུབ་ཀྱི་ཡོད་མེད་ཐོག་ཕྱི་མིག་ཅིག་བལྟས་ན། དགའ་ལྡན་ཕོ་བྲང་གི་བང་མཛོད་ནས་དངུལ་གཏོང་བཞིན་པའི་ཤེས་རིག་ལས་ཁུངས་འོག་གི་རིག་གཅིག་རྐང་འཛིན་དེ་ད་བར་ལོ་བཅུ་ཕྲག་གཅིག་དང་སྐབས་བཞི་ཙམ་འགྲོ་བཞིན་ཡོད་ཀྱང་གྲུབ་འབྲས་སྣ་གཅིག་སྟོན་རྒྱུ་མེད་པར་གྲང་ལྷག་གི་ཁྲོད་ན་ལུས་ཡོད་ལ། ནང་པའི་ལྟ་གྲུབ་ཀུན་བཏུས་ཀྱི་ལས་གཞི་དེ་ཡང་ལབ་གླེང་གི་ཁྲོད་ནས་རིམ་པ་དང་པོ་གྲུབ་ཙམ་བྱུང་ཡང་ནང་དོན་དང་སྤུས་ཚད་ད་དུང་དཔྱད་གཞིར་བསྡད་ཡོད།

ཉེ་ལམ་འདི་གའི་གསར་འགོད་པའི་རྒྱུས་ལོན་བྱས་པར། ཆོས་རིག་ལས་ཁུངས་འོག་གི་གཞུང་ཆེན་རིགས་གཅིག་རྐང་འཛིན་ཡང་སྐྱ་ཆད་སྔོ་སྡུག་གི་གནས་སྟངས་འོག་ལྷག་འདུག འཆར་གཞི་ལྟར་ན་ཆོས་བརྒྱུད་ལྔ་ལ་མི་བཅུ་རེ་དང་ཇོ་ནང་ལ་མི་ལྔ་བཅས་ཁྱོན་མི་ ༥༥ རེ་བསྡུ་དགོས་ཀྱང་། སྐབས་དང་པོར་གྲངས་ཚད་ཕྱེད་ཀ་ཙམ་ཡང་ལོན་མི་འདུག་ལ། སྐབས་གཉིས་པའི་གསལ་བསྒྲགས་སྤེལ་ཏེ་ཟླ་གཅིག་ལྷག་ཕྱིན་ཡང་ད་སྔ་སྙན་ཞུ་འབུལ་མཁན་གཅིག་ཀྱང་བྱུང་མི་འདུག་ཟེར།

གྲྭ་བཙུན་ཚོར་གཞུང་ཆེན་རིགས་གཅིག་རྐང་འཛིན་གནང་འདོད་མེད་སོང་བ་རེད་དམ། ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་གིས་མ་འདང་པ་རེད། རིགས་གཅིག་རྐང་འཛིན་པ་རེར་ཟླ་གཅིག་ལ་ཧིན་སྒོར་ཆིག་སྟོང་ལྔ་བརྒྱ་ཙམ་ལས་མི་འདུག དངུལ་འདིས་དེང་སྐབས་དྷ་ས་ནས་ལྡི་ལིར་ཕར་བསླེབས་ཀྱང་ཚུར་མི་བསླེབ། ༧གོང་ས་མཆོག་གི་ཐུགས་རེ་དེ་དག་ཁ་ཞེ་གཉིས་མེད་ཀྱིས་སྒྲུབ་བཞིན་ཡོད་པ་དང་། ལས་གཞི་འདི་ཁྲལ་འུལ་གྱི་ངོ་བོར་མུ་མཐུད་འཇོག་འདོད་མེད་ན། ཁ་ཡར་དཀྲི་དང་ཁག་མར་འདོག་མི་བྱེད་པར་དགོངས་པ་གུ་ཡངས་བཞེས་ཏེ་བདག་གཞན་མཉམ་བརྗེ་ཞིག་གནང་རོགས།།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese