མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པ་ཀི་སི་ཐན་གྱི་སྲིད་བློན་གྱིས་དགོངས་པ་ཞུ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

པ་ཀི་སི་ཐན་གྱི་དྲང་བདེན་ཚོགས་པའི་ཚོགས་གཙོ་ཨེམ་རན་ཁན་དང་ཆོས་དཔོན་ཏ་ཧེ་རུལ་ཁཱ་ཌར་གྱི་རྗེས་འབྲང་པ་ཚོས་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་བྱེད་བཞིན་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་གཉིས་གོང་ནས་པ་ཀི་སི་ཐན་གྱི་ཨེམ་རན་ཁན་ (Imran Khan) གྱིས་སྣེ་ཁྲིད་པའི་པ་ཀི་སི་ཐན་དྲང་བདེན་ཚོགས་པ་དང་ཆོས་དཔོན་ཏ་ཧེ་རུལ་ཁཱ་ཌར་ (Tahir-ul-Qadri) གྱི་རྗེས་འབྲང་པ་ ༣༠༠༠༠ ལྷག་རྒྱལ་ས་ཨེ་སི་ལམ་མཱ་བྷ་ཋའི་གཞུང་གི་ལྟེ་གནས་དང་། སྲིད་བློན་བཞུགས་ཤག ཆེས་མཐོའི་ཁྲིམས་ཁང་། གྲོས་ཚོགས་བཅས་ཀྱི་མདུན་ཐང་དུ་འཛོམས་ཏེ། ད་ལྟའི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་ཅིང་། ཚེས་ ༣༠ དང་ ༣༡ བཅས་ཉིན་གཉིས་རིང་ཉེན་རྟོག་པ་དང་ངོ་རྒོལ་བའི་བར་འཁྲུག་འཛིང་ཤོར་ཏེ་མི་ ༣ རྐྱེན་འདས་དང་གཞན་མི་ ༤༠༠ ལྷག་ལ་རྨས་སྐྱོན་བཏང་ཡོད་འདུག

འདིའི་ཐད་པ་ཀི་སི་ཐན་ནང་སྲིད་བློན་ཆེན་ནེ་སར་ཨ་ལི་ཁན་ (Chaudhry Nisar Ali Khan) གྱིས། “ད་རེབ་ངོ་རྒོལ་བའི་བྱ་སྤྱོད་འདི་ནི་པ་ཀི་སི་ཐན་ལ་གྱེན་ལོག་བྱེད་རྒྱུའི་ཐབས་ཇུས་ཤིག་ཡིན་སྟབས། ཁོ་ཚོ་རྒྱལ་ཁབ་ལ་ཁ་གཏད་གཅོག་མཁན་གྱི་འཇིགས་སྐུལ་རིང་ལུགས་པ་ཞིག་རེད” ཅེས་བརྗོད་འདུག

ངོ་རྒོལ་བ་ཚོའི་ལས་འགུལ་མུ་མཐུད་ཤུགས་ཆེ་རུ་ཕྱིན་ཏེ། ཁ་སང་གཞུང་འབྲེལ་བརྙན་འཕྲིན་ཁང་བཀག་སྡོམ་བྱས་ཡོད་སྟབས། པ་ཀི་སི་ཐན་དམག་སྤྱི་ར་ཧེལ་ཤཱ་རེབ་ (Gen. Raheel Sharif) ཀྱིས་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ལ་ཐུག་འཕྲད་བྱས་ཏེ། ཁོང་གིས་ཨེམ་རན་ཁན་དང་གྲོས་བསྡུར་བརྒྱུད་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས་པ་ལྟར་ཁས་ལེན་བྱས་ཡོད་ཀྱང་། དེ་རིང་ཨེམ་རན་ཁན་གྱིས་ནཱ་ཝ་སེ་ཤཱ་རེབ་ཀྱིས་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་མ་བྱས་ཚེ་གྲོས་མོལ་བྱ་རྒྱུ་མིན་སྐོར་བརྗོད་ཡོད་འདུག

༡༩༩༩ ལོར་ནཱ་ཝ་ཤཱ་རེབ་ཀྱིས་པ་ཀི་སི་ཐན་གྱི་སྲིད་བློན་ཀྱི་ལས་འགན་ཁུར་སྐབས་དམག་སྦྱི་མུ་ཤཱ་རབ་ (Pervez Musharraf) དང་འབྲེལ་ལམ་ཡག་པོ་མེད་པར་བརྟེན། ཁོས་དམག་སྤྱི་མུ་ཤཱ་རབ་ཀྱི་ཐད་འཕུར་གནམ་གྲུ་བབ་མ་བཅུག་པར་ལྐོག་གསོད་བྱེད་རྩིས་བྱས་སྟབས། དཔག་དཔུང་གིས་སྲིད་བློན་ནཱ་ཝ་སེ་ཤཱ་རབ་སྣང་མེད་ཐོག་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་སྲིད་དབང་མགོ་རྟིང་བསློགས་ཏེ་ནཱ་ཝ་སེ་ཤཱ་རབ་བཙོན་འཇུག་བྱས་ཡོད་པ་དང་། ༢༠༠༨ ལོའི་བར་མུ་ཤཱ་རབ་ཀྱིས་པ་ཀི་སི་ཐན་གྱི་སྲིད་དབང་བཟུང་ཡོད་ཀྱང་། དེའི་རྗེས་རྒྱལ་ཡོངས་འོས་བསྡུའི་ཁྲོད་པ་ཀི་སི་ཐན་མི་མང་ཚོགས་པར་རྒྱལ་ཁ་ཐོབ་སྟེ། ཚོགས་པའི་མགོ་ཁྲིད་དང་སྲིད་བློན་ཟུར་པ་བྷ་ནེ་ཌོ་བྷུ་ཌོ་ཡི་བཟའ་ཟླ་ཛར་དྷ་རི་ (Asif Ali Zardari) སྲིད་འཛིན་ལ་བསྐོ་བཞག་གིས་ ༢༠༡༣ ལོའི་བར་རྒྱལ་ཁབ་བསྐྱངས་ཡོད་ཀྱང་། ༢༠༡༣ ལོའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་ད་ལྟའི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས་སྣེ་ཁྲིད་པའི་ཚོགས་པར་རྒྱལ་ཁ་ཐོབ་སྟེ། ཁོང་བསྐྱར་དུ་སྲིད་བློན་ལ་བསྐོ་བཞག་བྱུང་ཡོད།

ཨེམ་རན་ཁན་སོགས་ཀྱིས་ ༢༠༡༣ ལོའི་རྒྱལ་ཡོངས་འོས་བསྡུའི་སྐབས་ད་ལྟའི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས་དྲང་པོ་བྱས་མེད་ལུགས་སྐྱོན་འཛུགས་ཀྱིས་ངོ་རྒོལ་སྔ་རྗེས་བྱས་ཏེ་ཁོང་གིས་སྲིད་བློན་ནས་དགོངས་པ་ཞུ་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་དང་། ༢༠༡༤ ལོའི་ཟླ་ ༦ ནང་པ་ཀི་སི་ཐན་ཉེན་རྟོག་པས་ཆོས་དཔོན་ཏ་ཧེ་རུལ་ཁཱ་ཌར་གྱིས་སྣེ་ཁྲིད་པའི་པ་ཀི་སི་ཐན་མང་ཚོགས་ལས་འགུལ་ཚོགས་པའི་(Pakistan People’s Movement) ཚོགས་མི་ ༡༤ བསད་པ་མ་ཟད། བུད་མེད་ཁག་ཅིག་ལ་རྨས་སྐྱོན་བཏང་ཡོད་སྟབས་ཆོས་དཔོན་ཏ་ཧེ་རུལ་ཁཱ་ཌར་གྱིས་ད་ལྟའི་གཞུང་གི་སྲིད་དབང་མགོ་རྟིང་བསློགས་ཏེ། པ་ཀི་སི་ཐན་ནང་ཆབ་སྲིད་ལམ་ལུགས་གསར་པ་ཞིག་འཛུགས་རྒྱུའི་དམ་བཅའ་བཞག་སྟེ་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་འདུག

ཨེམ་རན་ཁན་དང་ཆོས་དཔོན་ཏ་ཧེ་ཀཱ་ཌར་གྱིས་སྣེ་ཁྲིད་པའི་ངོ་རྒོལ་བ་ཚོས་ནཱ་ཝ་སེ་ཤཱ་རབ་ཀྱི་གཞུང་མགོ་རྟིང་སློག་རྒྱུའི་དམིགས་ཡུལ་གཅིག་མཚུངས་མིན་ཡང་། ཟླ་འདིའི་ཚེས་ ༡ ནས་བཟུང་ངོ་རྒོལ་བ་ཚོས་གྲོས་ཚོགས་ར་བ་དང་གཞུང་གི་བསྟི་གནས་ཁང་། སྲིད་བློན་གྱི་བཞུགས་ཤག་སོགས་སུ་གཏོར་རྒོལ་དང་། གཞུང་གི་བརྙན་འཕྲིན་ཚན་པ་བཀག་སྡོམ་དང་འབྲེལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་སྟབས། དེ་རིང་གྲོས་ཚོགས་གོང་འོག་གཉིས་སྐོང་ཚོགས་བྱས་ཏེ་གོ་བསྡུར་བྱས་ཡོད་ཀྱང་། ཨེམ་རན་ཁན་གྱིས་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་ནས་དགོངས་ཞུ་ཞུས་ཏེ། ནཱ་ཝ་སེ་ཤཱ་རེབ་ཀྱི་སྲིད་དབང་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། ཨེམ་རན་ཁན་དང་ཆོས་དཔོན་ཏ་ཧེ་ཀཱ་ཌར་གྱིས་མང་ཚོགས་ཚོར་གཞུང་ལམ་ཐོག་ཐོན་ཏེ་གཞུང་ལ་ངོ་རྒོལ་བྱེད་དགོས་པའི་བརྒྱུད་སྐུལ་དང་། ཨེམ་རན་ཁན་གྱིས་མང་ཚོགས་ཚོ་ས་ཆ་འདི་ནས་ཕྱིར་ལོག་བྱས་ཀྱང་། ང་ནཱ་ཝ་སེ་ཤཱ་རེབ་ལས་གནས་ནས་དགོངས་ཞུ་མ་བྱས་བར་འདིར་སྡོད་རྒྱུ་ཡིན་སྐོར་དང་། ཆོས་དཔོན་ཏ་ཧེ་ཀཱ་ཌར་གྱིས་ནཱ་ཝ་སེ་ཤཱ་རབ་ཀྱིས་འོས་བསྡུའི་སྐབས་དྲང་པོ་བྱས་ མེད་ལུགས་ཀྱི་གནད་དོན་ཐག་གཅོད་མ་བྱུང་བར། ལས་གནས་ལས་དགོངས་ཞུ་བྱ་དགོས་སྐོར་སོགས་བརྗོད་བཞིན་ཡོད་འདུག

ད་ལྟ་པ་ཀི་སི་ཐན་གྱི་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་རྣམ་གཉིས་ཀྱིས་ནཱ་ཝ་སེ་ཤཱ་རེབ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་མ་ཟད། ཆབ་སྲིད་པ་གྲགས་ཅན་དང་གྲོས་ཚོགས་འོག་མའི་འཐུས་མི་ཨ་སན་ (Aitzaz Ahsan) གྱིས་སྲིད་བློན་ལས་གནས་ནས་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་པ་དེ་ནི། རྩ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་ཡིན་སྟབས་ང་ཚོ་ཚང་མས་ནཱ་ཝ་སེ་ཤཱ་རབ་ལ་རྒྱབ་སྐྱོར་ཡོད་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟ་པ་ཀི་སི་ཐན་ནང་ཆབ་སྲིད་ཀྱི་དཀའ་རྙོག་ཤུགས་ཆེན་འཕྲད་བཞིན་ཡོད་སྟབས། མ་འོངས་པར་དམག་དཔུང་གིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ། རྒྱལ་ཁབ་ཁ་ལོ་བསྒྱུར་སྲིད་པ་ཞིག་ཡིན་སྐོར་རྗོད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༥ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese