མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཅིག་གི་སྲིད་བྱུས་ལ་ངོས་འཛིན་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

གཟའ་འཁོར་རྗེས་མའི་ནང་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནང་གཟིགས་སྐོར་བྱེད་འཆར་ཡོད་སྟབས་རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གིས་རྒྱ་གར་གཅིག་གི་སྲིད་བྱུས་ལ་ངོས་འཛིན་བསྐྱར་ནན་བྱེད་དགོས་ཟེར།

ཁ་སང་རྒྱ་གར་ཕྱི་སྲིད་བློན་ཆེན་ལྕམ་སོ་ཞི་མཱ་ (Sushma Swaraj) ལགས་ཀྱིས། ཟླ་འདིའི་ཚེས་ ༡༧ ནས་ ༡༩ བར་གྱི་ཉིན་གསུམ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་ཡོང་སྟེ་རྒྱ་དཀར་ནག་གཉིས་བར་ཞི་བའི་གྲོས་མཐུན་དོན་ཚན་ལྔ་ (Panchsheel Agreement) བཞག་ནས་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་མཛད་སྒོ་གཙོས་རྒྱལ་ཁབ་གཉིས་བར་ཚོང་ལས་གྲོས་ཆོད་ཁག་ཅིག་འཇོག་འཆར་ཡོད་པའི་སྐབས་དང་བསྟུན་ནས་བརྗོད་དོན་ལྟར་ན། གལ་སྲིད་རྒྱ་ནག་གིས་རྒྱ་གར་ལ་བོད་དང་ཐའེ་ཝན་གནད་དོན་སྐོར་གླེང་སློང་བྱས་ཚེ། རྒྱ་ནག་གིས་རྒྱལ་ཁབ་གཉིས་ཀྱི་སྲིད་དོན་ཐོག་ཚོར་ཤུགས་རྣོ་བའི་ཨ་རུ་ནཱ་ཅལ་མངའ་སྡེའི་གནད་དོན་ལ་བསམ་ཤེས་ཀྱིས་གླེང་དགོས་པ་དང་། ལྷག་པར་དུ་རྒྱ་གར་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་མོས་མཐུན་བྱས་ཚེ། རྒྱ་ནག་གིས་ཀྱང་བསྐྱར་དུ་རྒྱ་གར་གཅིག་གི་སྲིད་བྱུས་ལ་ངོས་འཛིན་བྱེད་དགོས་སྐོར་སོགས་བརྗོད་ཡོད་འདུག

༢༠༡༠ ལོར་རྒྱ་ནག་གི་སྲིད་བློན་ཝུན་ཇ་པའོ་རྒྱ་གར་ནང་གཟིགས་སྐོར་སྐབས། རྒྱ་དཀར་ནག་གཉིས་བར་མཐའ་མཚམས་སྐོར་ལ་གྲོས་ཆོད་ཁག་ཅིག་འཇོག་སྐབས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་བསྒྲགས་གཏམ་ནང་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་བྱས་མེད་པར་ཚིག་དེ་བསྒྲགས་གཏམ་ལས་ཕྱིར་འཐེན་བྱས་ཡོད།

ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་དགུང་ལོ་ ༦༤ ཡི་སྐྱེས་སྐར་ལ་འཁེལ་ཡོད་སྟབས། ཐེངས་འདིར་སྲིད་འཛིན་ཞི་ཅིན་ཕིན་ཐད་ཀར་གྷོ་ཇི་ར་ཐའེ་མངའ་སྡེའི་རྒྱལ་སར་འཕུར་ཏེ། སྲིད་བློན་མུ་དྷི་ཡི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་རྗེས། རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་གྱིས་གྷོ་ཇི་ར་ཐའེ་ཨཱ་མེ་ཌ་བྷ་ཌི་ (Ahmedabad) གྲོང་ཁྱེར་ལས་ཁུངས་དང་རྒྱ་ནག་ཀྲོན་ཀྲིག་གྲོང་ཁྱེར་སྤྱི་ཁྱབ་འགན་འཛིན་གཉིས་ཀྱིས་རྒྱ་གར་གྱི་བཟོ་གྲྭ་དང་ཚོང་ལས་ཡར་རྒྱས། གློག་ཤུགས་དང་ཆུ། ཁོར་ཡུག་སྲུང་སྐྱོབ། རིག་གཞུང་བརྗེ་ལེན་སོགས་ཀྱི་སྐོར་ལ་མིང་རྟགས་འགོད་འཆར་ཡོད་འདུག

རྒྱ་ནག་གི་སྲིད་དོན་ཆེད་མཁས་སྐུ་ཞབས་ར་ནཱ་དྷི་ (Jayadev Ranade) ལགས་ཀྱིས། ཞི་ཅིན་ཕིན་རྒྱ་གར་དུ་ཡོང་དགོས་དོན་གཙོ་བོ། ཉེ་ལམ་རྒྱ་གར་གྱིས་ཉི་ཧོང་དང་ཨ་རི་གཉིས་ལ་ཕྱི་སྲིད་དང་ཚོང་དོན། དམག་དོན་བཅས་ཀྱི་འབྲེལ་ལམ་ཇེ་བཟང་དུ་གཏོང་གི་ཡོད་པ་བཀག་འགོག་ཆེད། རྒྱ་ནག་གིས་རྒྱ་གར་ནང་ཚོང་ལས་མ་རྩ་འཛུགས་རྒྱུ་ཤུགས་ཆེ་རུ་གཏོང་འཆར་ཡིན་ཚུལ་བརྗོད་འདུག

རྒྱ་གར་གྱི་སྲིད་དོན་ཉམས་ཞིབ་པ་ཚོས། མུ་དྷི་ཡིས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཚོའི་མཉམ་དུ་དཔལ་འབྱོར་ཚོང་ལས་ཡར་རྒྱས་བཏང་སྟེ་རྒྱ་གར་གྱི་ཕྱི་འདྲེན་ནང་འདྲེན་གྱི་ཚོང་ལས་ཆ་སྙོམས་མེད་པའི་དཀའ་ངལ་སེལ་རྗེས། ལྷོ་ཤར་ཨེ་ཤ་ཡའི་བདེ་འཇགས་སྲུང་སྐྱོབ་ཆེད་དམག་དོན་དང་མཚོན་ཆ་དང་། དམག་སྦྱོང་བཅས་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་འཆར་ཡོད་ཚུལ་བརྗོད་འདུག

དེ་ནི་ཟླ་འདིའི་ཟླ་མགོ་ནས་ཉིན་ལྔའི་རིང་སྲིད་བློན་མུ་དྷི་ཉི་ཧོང་ནང་གཟིགས་སྐོར་གནང་སྟེ། རྒྱ་གར་དང་ཉི་ཧོང་དམག་སྦྱོང་དང་ཉི་ཧོང་གིས་རྡུལ་ཕྲན་ནུས་པ་རྒྱ་གར་ལ་མཁོ་སྤྲོད་བྱ་རྒྱུ་ཡིན་པ། ཉི་ཧོང་གིས་འབྱུང་འགྱུར་ལོ་ལྔའི་ནང་ཉི་ཧོང་ཡན་ (Yen)སྒོར་ཁྲག་ཁྲིག་ཆེན་པོ་ ༣.༥ ཡི་མ་རྩ་བཙུགས་ཏེ་རྒྱ་གར་གྱི་བཟོ་གྲྭ་དང་གཞུང་ལམ། ཆུ་གློག མགྱོགས་ཚད་ལྡན་པའི་མེ་འཁོར་ལྕགས་སོགས་ཀྱི་འཛུགས་སྐྲུན་མཉམ་ལས་ལ་གྲོས་ཆོད་བཞག་ཡོད་འདུག

སྐབས་དེར་སྲིད་བློན་མུ་དྷི་ཡིས་གཏམ་བཤད་ཅིག་སྤེལ་བའི་ནང་། རྒྱ་ནག་གི་མིང་དངོས་སུ་བཏོན་མེད་ཀྱང་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་དོན “དུས་རབས་ ༡༨ པའི་ས་ཁོངས་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློའི་འོག གཞན་གྱི་ས་ཁོངས་དང་ཆུ་ཁོངས་རང་ཉིད་ཀྱི་ཡིན་ཚུལ་བརྗོད་དེ་བཙན་བཟུང་བྱེད་ཀྱི་ ཡོད་སྟབས། རྒྱ་གར་དང་ཉི་ཧོང་གཉིས་ལ་ཨེ་ཤ་ཡའི་ཞི་བདེ་བརྟན་བརླིང་སྲུང་སྐྱོབ་ཆེད་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློ་ལ་ཁ་གཏོད་གཅོག་རྒྱུའི་ལས་འགན་ཡོད” ཅེས་བརྗོད་འདུག

རྒྱ་དཀར་ནག་གཉིས་བར་ས་མཚམས་རིང་ཚད་སྤྱི་ལེ་ ༤༠༠༠ ལྷག་ཡོད་ཅིང་། རྒྱ་ནག་གིས་ཨ་རུ་ནཱ་ཅལ་ཁོངས་ནས་སྤྱི་ལེ་གྲུ་བཞི་མ་ ༩༠༠༠༠ ཙམ་དང་ཇ་མུ་ཀ་ཤི་མུར་ཁོངས་ནས་སྤྱི་ལེ་གྲུ་བཞི་ ༣༨༠༠༠ ཙམ་རྒྱ་ནག་གི་ས་ཁོངས་ཡིན་ཚུལ་བརྗོད་བཞིན་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་དབུ་བླ་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

མཆན། 1

  1. གནམ་བུ་ལྷ་དཀར། says:
    ལོ་ 11 སྔོན།

    རྒྱ་གར་ཡ རྒྱ་གར་ད་ནག་ཚོང་ཆེན་པོ་ཞིག་རྒྱག་ན་འདོད་ཀི་ཡོད་ཀི་ར ཚོང་ཤག་ལ་རློམ་རྒྱུ་མེད་ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese