མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་བར་ནས་བོད་ཀྱི་རྣམ་འགྱུར།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༣༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་གཟིགས་སྐོར་ཐོག་མ་གནང་། རྒྱ་གར་གྱི་སྲིད་བློན་མུ་དྷེ་ཡིས་ཀྱང་རྒྱ་ནག་གི་སྲིད་འཛིན་ལ་གཞུང་འབྲེལ་ཐུག་འཕྲད་དང་པོ་བྱས། ད་རེབ་རྒྱ་དཀར་ནག་གི་མགོ་ཁྲིད་བར་སླར་ཡང་ཨ་སྒོར་ཐེར་འབུམ་འགའ་ཡི་ཚོང་དོན་གྲོས་ཆོད་བཞག་སོང་། རྒྱ་གར་གཞུང་གིས་འདས་པའི་ལོ་ངོ་བཅུ་གྲངས་ནང་རྒྱ་ནག་དང་ཚོང་འབྲེལ་བྱས་པའི་གྱོང་གུད་ཀྱི་བུ་ལོན་སྒྲུབ་འཇལ་མ་ཐུབ་པར་ལྷག་ཡོད་པའི་སྟེང་། ད་རེས་སླར་ཡང་རིན་སྤྲད་དེ་རྒྱ་ནག་གི་ལག་ནས་གྱོང་ཆེན་ཞིག་ཉོ་རྒྱུར་མིང་རྟགས་བཀོད་སོང་།

དྷ་རམ་ས་ལའི་བོད་མི་མང་སྤྱི་འཐུས་གྲོས་རྭའི་ནང་ཉིན་ཧྲིལ་བོ་ཞིག་ལ་གནས་ཚུལ་དེའི་སྐོར་ལ་བགྲོ་གླེང་གནང་སོང་། དེ་ནི་རྣམ་འགྱུར་བསྟན་པ་ཡིན་ཞེས་ཚོགས་གཙོས་གསུངས་སོང་ལ། གྲོས་ཚོགས་འཐུས་མི་ཚོས་ཀྱང་ཡང་དང་བསྐྱར་དུ་སྐྱོར་སོང་། ཆབ་སྲིད་ངོས་ཐད་ནས་བལྟས་ན་རྣམ་འགྱུར་བསྟན་པ་དེར་གནད་འགག་རེ་ཡོད་སྲིད་མོད། སྒང་ནས་རྣམ་འགྱུར་སྟོན་རོགས་ཞེས་འབོད་སྐུལ་ཞུས་པ་དང་། འོག་ནས་ཀྱང་རྣམ་འགྱུར་བསྟན་པ་ཡིན་ཞེས་བཙན་གྱིས་བཙིར་ཏེ། གནོན་བཙིར་བར་གྱི་རྣམ་འགྱུར་དེ་དག་གིས་ཕན་ཡོད་དམ། རང་གི་ནང་ཁོག་ཕྱི་ལ་བསྟན་ཏེ་ཕ་རོལ་བོར་གདེང་སྤོབས་སྤྲད་ཡོད།

ཞི་ཅིན་ཕིན་སྲིད་བློན་མུ་དྷེ་ཡི་སྐྱེས་སྐར་ཐོག་ཕེབས་པ་དང་། མགོ་ཁྲིད་རྣམ་གཉིས་མེ་ཏོག་ལྡུམ་རྭའི་ནང་བག་ཡངས་སྤྲོ་འཆམ་བྱས་པ་སོགས་ཀྱང་ཆབ་སྲིད་ཀྱི་རྣམ་འགྱུར་རེད། རྣམ་འགྱུར་དེ་བརྒྱུད་ནས་རྒྱ་དཀར་ནག་བར་གྱི་ལེའུ་གསར་པ་ཞིག་མཚོན་ཅི་ཐབས་བྱེད་ཀྱི་ཡོད་མོད། ཁ་ཞེ་གཉིས་མེད་ཀྱི་རྣམ་འགྱུར་རིན་ཐང་ཆེ་ཤོས་དེ། བདག་ཉིད་ཆེན་པོ་གྷན་དྷི་ཡི་བདེན་པའི་ཨུ་ཚུགས་དབུ་འཛུགས་སྐབས། མ་བརྟེན་པའི་ལས་འགུལ་སྤེལ་ཏེ་འཐག་ལས་བྱེད་སྟངས་ཞི་ཅིན་ཕིན་ལ་སྦྱན་འབུལ་ཞུས་པ་དེ་རེད། འདིས་རྒྱ་གར་གྱི་རང་བཙན་ལོ་རྒྱུས་མཚོན་པ་མ་ཟད། མི་རིགས་དང་རིག་གཞུང་། དམངས་གཙོ་དང་རང་དབང་། བདེན་པ་རྣམ་པར་རྒྱལ་བའི་མཐའ་སོགས་མཚོན་གྱི་ཡོད།

དེ་སྔོན་རྒྱ་གར་གྱི་སྲིད་བློན་རིམ་བྱོན་རྒྱ་ནག་པེ་ཅིན་ལ་ཕེབས་ཐེངས་རེར་བོད་དོན་སྐོར་གྱི་ཚིག་བརྗོད་འགའ་རེ་ལག་སྐྱེས་སུ་བསྣམས་ཡོད་ལ། རྒྱ་ནག་གིས་ཀྱང་རྒྱ་གར་ལ་རྣམ་འགྱུར་ཡག་པོ་སྟོན་མིན་བོད་དོན་ཛ་དྲག་མིན་ལ་ཐུག་ཡོད། འཛམ་གླིང་ཐོག་བོད་དོན་རྩ་མེད་ཆགས་པའི་ཉིན་མོར། རྒྱ་དཀར་ནག་གི་མགོ་ཁྲིད་ཡང་ཐུག་བསྐྱར་ཐུག་དང་གྲོས་མོལ་རིམ་བརྩེག་གི་ལས་རིམ་དེ་དག་ཀྱང་མེད་པ་ཆགས་ཏེ། རྒྱ་ནག་གིས་རྒྱ་གར་ལ་གདམ་ཀ་གཉིས་ལས་སྤྲོད་མི་སྲིད། གདམ་ཀ་གཅིག་སྤྱི་ལེ་ཁྲི་ཕྲག་མང་པོའི་ས་ཁུལ་དེ་དག་དང་བླངས་ཀྱིས་རྩིས་སྤྲོད་དགོས་པ་དེ་རེད་ལ། གདམ་ཀ་གཞན་དེ་ནི་རྒྱལ་ཁབ་གཉིས་ཀྱིས་དྲུག་ཅུ་རེ་གྲངས་ལ་བསྐྱར་དུ་དྲན་གསོ་བྱེད་དགོས་པ་དེ་རེད།

ད་རེས་རྒྱ་དཀར་ནག་གི་ས་མཚམས་སྐོར་ལ་གསལ་ལ་མི་གསལ་བའི་མག་མོག་གི་སྐད་ཆ་མང་པོ་ཞིག་བཤད་སོང་མོད། རྒྱ་གར་གཞུང་གིས་ཐིག་ཚད་འཛིན་དགོས་ས་དེ། སྐབས་དེར་མམ་བྷེ་རུ་གསར་འགོད་པའི་དྲི་བའི་ལན་དུ་༧གོང་ས་མཆོག་གིས། བོད་ཀྱི་དཀའ་ངལ་དེ་རྒྱ་གར་གྱི་དཀའ་ངལ་ཡང་ཡིན། རྒྱ་དཀར་ནག་གཉིས་བར་ཡུན་རིང་ས་མཚམས་རྩོད་རྙོག་ཡོད་པ་དེ་དག་ངེས་པར་དུ་སེལ་ཐབས་བྱེད་དགོས། འོན་ཀྱང་ཐབས་ལམ་འཚེ་བའི་ལམ་ལ་མ་བརྟེན་པར་ཞི་བའི་ཐབས་ལ་བརྟེན་ཏེ་དཀའ་རྙོག་སེལ་དགོས་པ་ཧ་ཅང་གལ་ཆེན་ཡིན། ༡༩༥༠ གོང་ལ་རྒྱ་གར་བྱང་ཕྱོགས་ས་མཚམས་སུ་དམག་མི་གཅིག་ཀྱང་མེད་པར་ཞི་བདེ་ལྷིང་འཇགས་ཡིན། སྔ་ཕྱི་མ་གཏོགས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་དགོས་པ་ཆགས་ཡོད། ཅེས་གསུངས་པ་འདི་དག་རེད།

འབྲེལ་ཡོད་གསར་འགྱུར།

tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༢ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese