མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་མཁའ་ཐོག་ནས་དྲག་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་སི་རི་ཡའི་དྲག་སྤྱོད་ཤོག་ཁག་ལ་མཁའ་ཐོག་ནས་འཐབ་རྒོལ་བྱས་ཏེ་དྲག་སྤྱོད་ཤོག་ཁག་གི་རྡོ་སྣུམ་སྔོག་འདོན་ས་ཚིགས་ ༡༢ གཏོར་བཤིག་ཐེབས་ཡོད་འདུག

ཟླ་འདིའི་ཚེས་ ༢༤ ཉིན་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་སི་རི་ཡའི་ནང་གི་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ལ་མཁའ་ཐོག་ནས་འཐབ་རྒོལ་ཐེངས་ ༡༣ བྱས་ཏེ། ཨི་རག་དང་སི་རི་ཡའི་མཐའ་མཚམས་ཁུལ་དུ་འགྲོ་འོང་བྱེད་བཞིན་པའི་དྲག་སྤྱོད་ཤོག་ཁག་གི་དམག་རྒྱག་རླངས་འཁོར་ ༨ དང་། དྲག་སྤྱོད་ཤོག་ཁག་གི་རྡོ་སྣུམ་སྔོག་འདོན་ས་ཚིགས་ཁག་ ༡༢ གཏོར་ཡོད་འདུག་ལ། གཞན་དམག་སྒར་དང་། དོ་དམ་ཁང་སོགས་ལ་གཏོར་བཤིག་ཆེན་པོ་ཐེབས་པའི་ཁྲོད་དྲག་སྤྱོད་པ་ ༡༤ དང་མི་སེར་ ༥ བསད་ཡོད་སྟབས། ཁ་སང་ཨལ་ཇེ་རི་ཡའི་དྲག་སྤྱོད་ཤོག་ཁག་གིས་ཧྥ་རན་སིའི་མི་སེར་ཞིག་གི་སྐེ་བཅད་དེ་བསད་ཡོད་པ་མ་ཟད། ད་དུང་ཨ་རིར་དགྲ་ཤ་ལེན་རྒྱུ་ཡིན་སྐོར་ཡང་བསྒྲགས་ཡོད་སྟབས། ཨ་རིའི་སྲིད་འཛིན་ཨོ་བྷ་མས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཐོག་སི་རི་ཡ་དང་ཨི་རག་གི་ཁ་ཆེ་དྲག་སྤྱོད་དག་རྩ་མེད་གཏོང་དགོས་སྐོར་གཏམ་བཤད་བྱས་ཡོད་འདུག

དེའི་ཐད་ཨོ་བྷ་མས་བརྗོད་དོན། €œསྡིགས་སྤྱོད་ལ་དགའ་བའི་ཁ་ཆེ་དྲག་སྤྱོད་ཤོག་ཁག་དང་གྲོས་མོལ་བྱས་ཏེ་ཞི་འགྲིག་ཡོང་རྒྱུ་དཀའ་ལས་ཁག་པོ་ཡིན་སྟབས། ཨ་རིས་མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་རུབ་ཐོག་འཇིགས་སྐུལ་རིང་ལུགས་པ་དག་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་སྟབས། དེ་རིང་ངས་རྒྱལ་ཁབ་ཁག་གིས་ཨ་རིར་མཉམ་སྡེབ་བྱ་རྒྱུར་རེ་སྐུལ་ཞུ་བཞིན་ཡོད། €ཅེས་དང་། ཨ་རི་དང་དཀྱིལ་ཤར་ཡུལ་གྲུ་སཱོ་ཌི་ཨ་ར་བྷེ་ཡ་དང་། ཨ་རབ་ཨི་མེ་ར་ཌི་གཅིག་སྒྲིལ་རྒྱལ་ཁབ། ཇོར་ཌན། བྷ་རན། ཁཱ་ཌར་སོགས་རྒྱལ་ཁབ་ཁག་ ༤༠ ཙམ་གྱིས་མཉམ་འབྲེལ་ཐོག་འཇིགས་སྐུལ་རིང་ལུགས་པར་རྒོལ་ལན་སློག་གི་ཡོད། ཅེས་སོགས་བརྗོད་འདུག

ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་ (Hollande)ཡིས། €œདྲག་སྤྱོད་ཤོག་ཁག་འདིས་རྒྱལ་སྤྱི་རྒྱལ་ནང་གི་མང་ཚོགས་མང་པོར་སྡུག་སྦྱོང་མནར་གཅོད་བཏང་ཡོད་པ་མ་ཟད། ཁ་ཆེ་སྤུན་གྲོགས་ཚོ་ལའང་བཙན་གཡེམ་དང་དམར་གསོད་གཏོང་གི་ཡོད་སྟབས། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་མཉམ་རུབ་བྱས་ཏེ་དྲག་སྤྱོད་ཤོག་ཁག་རྩ་མེད་གཏོང་དགོས། ཞེས་བརྗོད་འདུག

ཚེས་ ༡༠ ཉིན་ཨ་རིས་སི་རི་ཡའི་ནང་གི་དྲག་སྤྱོད་ཤོག་ཁག་ལ་དམག་འཐབ་རྒྱག་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། དཀྱིལ་ཤར་ཡུལ་གྲུ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱས་མེད་སྟབས་མཁའ་ཐོག་དྲག་རྒོལ་བྱེད་ཐུབ་མེད་ཀྱང་། ཟླ་འདིའི་ཚེས་ ༢༢ ཉིན་ཨ་རིས་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་ཅིག་གིས་རྒྱབ་སྐྱོར་འོག་སི་རི་ཡ་ནང་མཁའ་ཐོག་གི་དྲག་རྒོལ་བྱས་ཏེ། སི་རི་ཡའི་དྲག་སྤྱོད་ཤོག་ཁག་གི་ས་ཚིགས་འགར་གཏོར་རྒོལ་བཏང་ཡོད་པ་དང་། ཚེས་ ༢༣ ཉིན་ཨ་རིས་མཁའ་ཐོག་དྲག་རྒོལ་ཐེངས་ ༢༠ ཙམ་བྱས་ཏེ། སི་རི་ཡའི་ཨ་ལེབ་པོ་ (Aleppo) མངའ་སྡེའི་ནང་ཡོད་ཁཱོ་ར་སན་ (Khorasan) དྲག་སྤྱོད་ཤོག་ཁག་གི་ས་ཚིགས་གཏོར་བ་དང་འབྲེལ་མགོ་གཙོ་ཧྥ་ཌི་ལི་(Fadhli) བསད་ཡོད་པ་མ་ཟད། དེ་ཁུལ་གྱི་དྲག་སྤྱོད་ཤོག་ཁག་ནུ་སཱ་ར་མདུན་སྐྱོད་(Nusra Front)ཤོག་ཁག་གི་དམག་སྒར་དང་། དོ་དམ་ཁང་མང་པོ་ཞིག་རྩ་མེད་བཏང་ཡོད་པ་དང་། ཚེས་ ༢༤ ཉིན་ཨ་རིས་ཐེངས་ ༡༣ ལ་ཕར་རྒལ་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༢༣ ཉིན་སི་རི་ཡའི་འཇིགས་སྐུལ་རིང་ལུགས་པས་ཨ་ཡན་ཨ་རབ་ (Ayn Arab) ས་ཁུལ་བརྒྱུད་ཀྲར་ཀིའི་ནང་སྐྱབས་བཅོལ་འགྲོ་མཁན་གྱི་ཀར་ཌི་ཤི་མི་རིགས་ ༥༠ ཙམ་སྐེ་བཏུབ་སྟེ་བཀལ་ཡོད་པ་མ་ཟད། དེ་སྔོན་ཨ་རི་དང་དབྱིན་ཇི་བ་སོགས་མང་པོ་ཞིག་གི་སྐེ་བཅད་ཡོད་སྟབས། དབྱིན་ཇིའི་སྲིད་བློན་ཁེམ་རོན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཐོག་ཨ་རིར་རྒྱབ་སྐྱོར་བྱས་ཏེ་དྲག་སྤྱོད་པ་རྩ་མེད་གཏོང་རྒྱུ་དང་། ནེ་ཐར་ལན་ཌི་གཞུང་གིས་མཁའ་དམག་གནམ་གྲུ་ ༡༦ དང་དམག་སྦྱོང་སྤྲོད་མཁན་ ༡༣༠ ཙམ་བཏང་སྟེ་ཨ་རིར་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག་ལ། ཀྲར་ཀིའི་གཞུང་གིས་ཀྱང་མཉམ་འབྲེལ་ཐོག་དྲག་སྤྱོད་པར་ཁ་གཏད་གཅོག་རྒྱུ་ཐག་གཅོད་བྱས་ཡོད་འདུག

ཨ་རིས་སི་རི་ཡ་དང་ཨི་རག་གི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གཏོར་ཕམ་གཏོང་ཆེད། ད་ལོའི་ཕྱི་ཟླ་ ༨ པ་ནས་བཟུང་ཨི་རག་ནང་མཁའ་རྒོལ་ཐེངས་ ༢༠༠ ཙམ་དང་། སི་རི་ཡ་ནང་ཐེངས་ ༤༠ ཙམ་བྱས་ཡོད་འདུག ད་བར་དྲག་སྤྱོད་ཤོག་ཁག་གིས་ཨི་རག་དང་སི་རི་ཡ་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་ཉེས་མེད་མི་སེར་ ༢༨༦༢༩༥ ལྷག་བསད་ཡོད་པ་མ་ཟད། ཡུལ་མི་ ༡༣༠༠༠༠ ལྷག་ཊར་ཀིའི་དང་། མི་ས་ཡ་ ༡ མ་ཟིན་ཙམ་ཡུལ་ལུང་གཞན་ནང་སྐྱབས་བཅོལ་འགྲོ་དགོས་བྱུང་ཡོད་འདུག

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཐོག་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་རྒྱུའི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། རྒྱལ་ཁབ་འདྲ་མིན་གྱི་ཁ་ཆེའི་མཁས་པ་ ༡༢༠ ཙམ་གྱིས་མཚན་འཁོད་སྙན་ཞུ་ཞིག་ཀྱང་བསྒྲགས་ཏེ། ཁ་ཆེའི་ཆོས་ལུགས་ཁ་ལ་འཁྱེར་ནས་གཞུང་ཚབ་པ་དང་རྒྱལ་སྤྱིའི་གནད་ཡོད་མི་སྣ། གསར་འགོད་པ། ཞབས་ཞུ་བ། ཉེས་མེད་མི་སེར་གང་བྱུང་དམར་གསོད་གཏོང་གི་ཡོད་པ་དེ་ནི། ཁ་ཆེའི་ཆོས་ལུགས་དང་རྒྱབ་འགལ་ཆགས་ཡོད་སྟབས། འཕྲལ་དུ་མཚམས་འཇོག་དགོས་སྐོར་སོགས་འཁོད་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་དྲག་སྤྱོད་ཤོག་ཁག་དང་དམག་འཐབ་བྱེད་བཞིན་ཡོད་པ་དེས། གལ་ཏེ་དྲག་སྤྱོད་ཤོག་ཁག་དག་རྩ་མེད་གཏོང་མ་ཐུབ་ཚེ། མ་འོངས་པར་ཁོ་ཚོར་དེ་ལས་ལྷག་པའི་ཉེན་ཁ་ཆེན་ཆགས་ཀྱི་ཡོད་སྐོར་རྗོད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese