མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲི་རུ་མི་མང་ལ་བཙན་བཀའ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་འབྲི་རུ་རྫོང་རྩ་ལ་ཤང་གི་བོད་མི་ཚོར་བཙན་བཀའ་བཏང་སྟེ། བོད་མི་ཚོས་དབྱར་སྐྱིད་ལ་མ་རོལ་ཚེ་བཙོན་འཇུག་བཀག་ཉར་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

བོད་ནས་འབྲེལ་ཡོད་ཅིག་གིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ལམ་རྒྱ་ནག་གཞུང་གིས་འབྲི་རུ་རྫོང་རྩ་ལ་ཤང་དུ་ལས་བྱེད་མངགས་གཏོང་གིས་མི་མང་ལ་འདི་ལོའི་ས་གནས་ཀྱི་དབྱར་སྐྱིད་སྐབས། ས་གནས་གཞན་དུ་ཡོད་པའི་འབྲི་རུ་རྫོང་གི་མི་མང་ཚང་མ་ས་གནས་རང་དུ་འཛོམས་ཏེ། གླུ་གཞས་འཁྲབ་སྟོན་སོགས་ཀྱི་ལམ་ནས་དབྱར་སྐྱིད་ལ་རོལ་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། གལ་སྲིད། དབྱར་སྐྱིད་ཀྱི་བྱ་འགུལ་ནང་མཉམ་ཞུགས་མི་གནང་བའི་རིགས་ཡོད་ཚེ། ལོ་རྗེས་མར་ས་གནས་སུ་དབྱར་རྩྭ་དགུན་འབུ་བརྐོ་རྒྱུར་བཀག་འགོག་བྱ་རྒྱུ་དང་། རྩ་ལ་ཤང་གི་དམག་སྒར་དུ་བཙོན་འཇུག་བཀག་ཉར་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་སྤེལ་རྒྱུ་ཡིན་ཚུལ་བརྗོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ། རྒྱ་ནག་གཞུང་གིས་བོད་མི་མང་པོ་དམར་གསོད་དང་འཛིན་བཟུང་བྱས་རྗེས། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་གི་བོད་མི་ཚོས། ལོ་རེར་འཆར་ཅན་གྱི་རོལ་གྱིན་པའི་ལོ་སར་དང་དབྱར་ཁའི་དབྱར་སྐྱིད་གཙོས་དམངས་ཁྲོད་ཀྱི་བྱ་འགུལ་མང་དག་ཅིག་སྤེལ་གྱི་མེད་ཀྱང་། ཉེ་ཆར་རྒྱ་གཞུང་གིས་འབྲི་རུ་མི་མང་ལ་བཙན་བཀའ་བཏང་རྗེས། ས་གནས་གཞན་དུ་ཡོད་པའི་འབྲི་རུ་རྫོང་གི་བོད་མི་ཚོ་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཕྱིར་རང་ཡུལ་དུ་ལོག་དགོས་བྱུང་ཡོད་འདུག་ལ། རྒྱ་གཞུང་གིས་ད་ཆར་ཡང་ས་གནས་སུ་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༣ ལོར་རྒྱ་གཞུང་གིས་འཛམ་གླིང་མི་མང་ལ་བོད་ནང་གི་བོད་མི་ཚོས་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་རོལ་གྱིན་པའི་རྣམ་པ་སྟོན་ཆེད་འབྲི་རུ་ས་གནས་སུ་བཙན་དབང་གིས་བྱ་འགུལ་མང་དག་ཅིག་སྤེལ་བཅུག་ཡོད་ཀྱང་། ས་གནས་བོད་མི་ཚོས་གཏེར་ཁ་སྔོག་འདོན་དང་བཙན་དབང་གིས་རྒྱ་དར་བསྒྲེངས་འཛུགས་བྱས་བཅུག་པའི་སྲིད་ཇུས་རིམ་པར་ངོ་རྒོལ་བྱས་སྟབས། སྐབས་དེར་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་བོད་མི་དམར་གསོད་དང་། འཛིན་བཟུང་ཁྲིམས་ཆད་སོགས་བྱས་ཏེ། བོད་མི་མང་པོ་ཞིག་ད་ཆར་རྒྱ་གཞུང་གི་བཙོན་ཁང་དུ་ལྷག་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ཨོ་གླིང་གྲོས་ཚོགས་ཀྱིས་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese