མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་བྷེལ་སྨན་རྫས་གཟེངས་རྟགས་སྤྲད་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་འདི་ལོའི་ནོ་བྷེལ་རྫས་འགྱུར་གཟེངས་རྟགས་དེ་ཨ་རིའི་ཀླད་རྩའི་ཚན་རིག་པ་ཞིག་དང་ནོར་ཝེའི་ཀླད་རྩའི་ཚན་རིག་པ་བཟའ་ཟླ་གཉིས་བཅས་ལ་སྤྲད་ཡོད་འདུག

ཁ་སང་ད་ལོའི་ནོ་བྷེལ་སྨན་རྫས་གཟེངས་རྟགས་དེ། ཨ་རིའི་ཀླད་རྩའི་ཚན་རིག་པ་ཇོན་ཨོ་ཁེ་ཧྥེ་ (John O’Keefe) ལགས་དང་། ནོར་ཝེའི་ཀླད་རྩའི་ཚན་རིག་པ་ལྕམ་བྷེར་ཌི་མོ་སར་ (May-Britt Moser) དང་ཁོ་མོའི་བཟའ་ཟླ་ཨེ་ཌི་ཝར་ཌི་མོ་སར་ (Edvard Moser) ལགས་བཅས་སུ་ཐོབ་ཡོད་ཅིང་། དེ་ནི་ཁོ་ཚོས་མིག་ཤེས་ཀྱིས་རིག་པའི་གནས་ཚུལ་དག་ཀླད་པས་གསོག་ཉར་བྱས་པར་བཀོད་སྒྲིག་བྱེད་མཁན་གྱི་ཀླད་རྩའི་མ་ལག་གི་ཕྱོགས་སྟོན་ས་ཁྲ་ (Inner GPS) ཅེས་པ་ཞིག་གསར་རྙེད་བྱུང་བར་བརྟེན་ཏེ་སྤྲད་པ་ཞིག་ཡིན་འདུག  

འདིའི་ཐད་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་བརྗོད་པར། “དེ་སྔོན་ཚན་རིག་པས་ཙི་ཙིའི་དབང་རྩར་ཞིབ་འཇུག་བྱས་པའི་གྲུབ་དོན་དང་ད་རེབ་མིའི་ཀླད་རྩའི་དབང་ཤེས་ཐོག་ཉམས་ཞིབ་བྱས་པའི་གྲུབ་དོན་དག་གཅིག་མཚུངས་དང་། རིག་ཤེས་ཀྱི་གནས་ཚུལ་དག་རྟོག་ཐུབ་པའི་ཀླད་རྩའི་མ་ལག་ཅིག་གསར་རྙེད་ཐུབ་པ་དེས། དྲན་ཤེས་ཉམས་པའི་ནད་པའི་གནས་ཚུལ་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། གསར་རྙེད་བྱུང་བའི་ཀླད་རྩའི་མ་ལག་གི་ཕྱོགས་སྟོན་ས་ཁྲ་ (Inner GPS) འདིས་ཀླད་པའི་ཚན་རིག་གི་སྟོང་ཆ་མང་པོ་ཞིག་བསྐངས་ཐུབ་ཡོད།”ཅེས་བརྗོད་འདུག

ནོ་བྷེལ་སྨན་རྫས་གཟེངས་རྟགས་ལྷན་ཚོགས་ཀྱི་ཚོགས་གཙོ་ཇུ་ལན་ (Juleen Zierath) ལགས་ཀྱིས། “རིག་ཤེས་ལ་བརྟེན་ནས་ས་ཁུལ་དང་འགྲོ་ལམ་འཚོལ་བྱེད་ཀྱི་ཀླད་རྩ་ (grid cell) དང་ས་ཁུལ་རྟོག་ཞིབ་ཀྱི་དབང་རྩ་(place cells)གསར་རྙེད་མཁན་རྣམ་པར་བསྔགས་བརྗོད་ཞུ་རྒྱུ་དང་། ད་ཆ་ང་ཚོར་ཀླད་རྩའི་མ་ལག་གི་ཕྱོགས་སྟོན་ས་ཁྲ་འདི་མེད་པ་ཡིན་ཚེ། ང་ཚོ་འཚོ་གནས་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་འདུག”ཅེས་བརྗོད་འདུག  

༡༩༧༡ ལོར་ད་ལྟ་རང་ལོ་ ༧༥ ཡིན་པའི་ལོན་ཌོན་གཙུག་ལག་སློབ་ཆེན་གྱི་ཀླད་པའི་ཚན་རིག་པ་ཇོན་ཨོ་ཁེ་ཧྥེ་ (John O’Keefe) ལགས་ཀྱིས། ད་རེབ་གསར་རྙེད་བྱུང་བའི་ཀླད་རྩའི་མ་ལག་གི་ཕྱོགས་སྟོན་ས་ཁྲ་(Inner GPS) ཡི་གྲུབ་ཆ་ཐོག་མ་དེ། ཚན་རིག་པས་ཚན་རིག་བརྟག་དཔྱད་ཀྱི་ཤེལ་སྒྲོམ་ནང་ཙི་ཙིས་འགྲུལ་བཞུད་གང་འདྲ་བྱེད་མིན་ལ་བལྟས་ཏེ། ས་ཁུལ་རྟོག་ཞིབ་ཀྱི་དབང་རྩ་(place cells)ཞེས་པ་ཞིག་གསར་རྙེད་བྱུང་བ་དང་། ༢༠༠༥ ལོར་ནོར་བྷེལ་གྱི་ཀླད་རྩའི་ཚན་རིག་པ་ལྕམ་བྷེར་ཌི་མོ་སར་དང་ཁོ་མོའི་བཟའ་ཟླ་ཨེ་ཌི་ཝར་ཌི་མོ་སར་ (Edvard Moser) རྣམ་གཉིས་ཀྱིས། རིག་ཤེས་ལ་བརྟེན་ནས་ས་ཁུལ་དང་འགྲོ་ལམ་འཚོལ་བྱེད་ཀྱི་ཀླད་རྩ་ (grid cell) ཞེས་པ་གསར་རྙེད་ཐུབ་སྟེ། དྲན་ཤེས་ཉམས་པའི་ནད་པའི་ཀླད་རྩའི་བྱ་འགུལ་དག་ཤེས་རྟོགས་ཐུབ་པར་གྲུབ་འབྲས་ཆེན་པོ་བྱུང་ཡོད་སྟབས། ཁ་སང་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ད་ལོའི་སྨན་རྫས་ཀྱི་གཟེངས་རྟགས་དེ་ཁོང་རྣམ་པར་ཕུལ་བ་ཞིག་ཡིན་འདུག

ཀླད་རྩའི་ཚན་རིག་པ་ལྕམ་བྷེར་ཌི་མོ་སར་ལགས་ཀྱིས། “ཆེ་བསྟོད་གཟེངས་རྟགས་འདི་ནི། ང་ཙམ་མིན་པར་ང་དང་མཉམ་དུ་ལོ་ ༣༠ ལྷག་རིང་ལས་ཀ་བྱེད་མཁན་དག་ལའང་ཕུལ་བ་ཞིག་ཡིན་སྟབས། མ་འོངས་པར་ང་ཚོས་མུ་མཐུད་འདི་ལས་ལྷག་པར་ལས་དོན་ཐོག་ནུས་པ་བཏོན་ཏེ། ཚན་རིག་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན།”ཞེས་དང་། ཁོ་མོའི་བཟའ་ཟླ་ཨེ་ཌི་ཝར་ཌི་མོ་སར་ལགས་ཀྱིས་ནོ་བྷེལ་གྱིས་ “ད་རེབ་གཟེངས་རྟགས་ཐོབ་པ་འདིས་ང་ལ་སེམས་ཤུགས་འཕར་མ་ཞིག་སྤྲད་བྱུང་།”ཞེས་བརྗོད་འདུག

འདི་ལོའི་སྨན་རྗས་ཐོག་གཟེངས་རྟགས་ཐོབ་མཁན་རྣམས་ལ་ན་ནིང་ཀོ་ལིམ་པི་ཡ་གཙུག་ལག་སློབ་ཆེན་གྱི་ཨ་སྒོར་ས་ཡ་ ༡།༡ ཅན་གྱི་སྨན་རྫས་རིག་པའི་བྱ་དགའ་ (Louisa Gross Horwitz Prize) ཞེས་པ་དེ་ཡང་ཐོབ་ཡོད་འདུག 

༢༠༡༣ ལོའི་ནོ་བྷེལ་སྨན་རྫས་གཟེངས་རྟགས་ཨ་རིའི་ཡལ་གཙུག་ལག་སློབ་ཆེན་གྱི་སྐྱེ་ལྡན་རྫས་སྦྱོར་ཚན་རིག་པ་ཇེམ་སི་ (James Rothman) ལགས་དང་། ཁེད་ལི་ཧྥོར་ནི་ཡའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བ་རན་ཌི་ (Randy Schekman)ལགས། སེ་ཌན་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱི་རྫས་རྡུལ་དང་སྦུབས་ཕྲན་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་བ་ཋའོ་མཱ་སེ་ (Thomas Suedhof) ལགས་བཅས་ལ་ཐོབ་ཡོད་ཅིང་། ཁོང་ཅག་གིས་སྦུབས་ཕྲན་ (Cell) གྱིས་སྐྱེས་ལྡན་གཟུགས་ཕུང་ནང་ཕར་ཚུར་འགྲོ་སྐྱོད་ཀྱི་སྟངས་འཛིན་ཇི་ལྟར་བྱེད་པ་དང་། སྦུབས་ཕྲན་རེ་རེ་ནི་རྫས་རྡུལ་མ་ལག་ཡིན་སྟབས་དེས་རྫས་རྡུལ་ ( Molecules) འཕེལ་རྒྱས་དང་འགུལ་སྐྱོད་ཇི་ལྟར་བྱེད་པ། སྦུབས་ཕྲན་ནང་རྫས་རྡུལ་གང་ཞིག་ཡུལ་དུས་ཏག་ཏག་ནང་སྤྲོད་ལེན་ཐུབ་པའི་རྫས་རྡུལ་རྣམ་གཞག་གསར་གཏོད་བྱས་ཡོད་འདུག 

ནོ་བྷེལ་གཟེངས་རྟགས་ནི་རྫས་འགྱུར་མཁས་ཅན་ཨལ་ཧྥར་ཌི་ནོ་ཝལ་ (Alfred Nobel) མཆོག་གིས་མཚན་ཐོག་ནས་གནང་མགོ་ཚུགས་ཡོད་ཅིང་། ༡༩༠༡ ལོར་ནོ་བྷེལ་གཟེངས་རྟགས་ཐོག་མ་དེ་སྤྲད་ཡོད་པ་དང་། བདུན་ཕྲག་འདིའི་ནང་ ༢༠༡༤ ལོའི་ནོ་བྷེལ་དངོས་ཁམས་རིག་པ་དང་། རྫས་འགྱུར་རིག་པ། རྩོམ་རིག ཞི་བདེའི་གཟེངས་རྟགས་བཅས་འབུལ་ལམ་ཞུ་རྒྱུ་ཡིན་པ་མ་ཟད།  ཟླ་འདིའི་ཚེས་ ༡༣ ཉིན་ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་དེ་འབུལ་རྒྱུ་ཡིན་འདུག 

ཇོན་ཨོ་ཁེ་ཧྥེ་ (John O’Keefe) ལགས་ནི། ༡༩༣༩ ལོའི་ཟླ་ ༡༡ ཚེས་ ༡༨ ཉིན་སྐྱེས་པ་དང་། ད་ལྟ་ལོན་ཌོན་གཙུག་ལག་སློབ་ཆེན་གྱི་གཟུགས་ཕུང་ཆགས་རིམ་(Anatomy) ཚན་པའི་སློབ་དཔོན་དང་ཀླད་པའི་ཚན་རིག་པ་ཞིག་ཀྱང་ཡིན་འདུག ལྕམ་བྷེར་ཌི་མོ་སར་ (May-Britt Moser) ལགས་ནི། ༡༩༦༣ ལོའི་ཟླ་༡ ཚེས་ ༤ ཉིན་སྐྱེས་པ་དང་། ཁོ་མོའི་བཟའ་ཟླ་ཨེ་ཌི་ཝར་ཌི་མཱོ་སར་ (Edvard Moser) ལགས་ནི། ༡༩༦༢ ལོའི་ཟླ་ ༤ ཚེས་ ༢༧ ཉིན་སྐྱེས་ཤིང་། ཁོང་རྣམ་གཉིས་ནོར་ཝེའི་གྲོང་ཁྱེར་(Trondheim)ནང་ཡོད་པའི་ཚན་རིག་དང་འཕྲུལ་ལས་ཚན་རྩལ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དང་། སེམས་ཁམས་ཚན་རིག་པ་དང་ཀླད་པའི་ཚན་རིག་གི་ཕྱག་ལས་གནང་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༨ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese