མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གསར་པའི་དྲིལ་བསྒྲགས་རྙིང་པ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༤༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

ལས་ཀ་ཞིག་གི་ཆེད་དུ་གངས་ཅན་སྐྱིད་གཤོངས་ལ་སྐོར་བ་ཞིག་བརྒྱབ། ཞོར་དུ་ཕྱི་དྲིལ་སྒོ་ཁའི་དེབ་དང་ཡིག་ཆ་རིན་མེད་དག་ལ་མིག་བཤེར་ཞིག་བྱས་པ་ཡིན། རྒྱ་ཡིག་བོད་ཡིག་དབྱིན་ཡིག་གསུམ་ཀའི་དེབ་དང་ཚགས་པར། ཡིག་ཆ་སོགས་མང་པོ་ཞིག་སྒྲིག་འདུག ཕར་བལྟས་ཚོད་ཀྱིས་གྲ་འགྲིག་པོ་དང་སྤུས་དག་པོ་ཞིག་སྒྲིག་འདུག དེ་དག་རེ་རེ་ལ་ཞིབ་ལྟ་བྱས་སྐབས། མང་པོ་ཞིག་ལོ་བཅུ་གྲངས་གོང་གི་ཡིག་ཆ་རྙིང་པ་ཁག་རེད། བཀའ་ཤག་སྐབས་བཅུ་གཉིས་བཅུ་གསུམ་གྱི་དབུ་མའི་ལམ་གྱི་ངོ་སྤྲོད་དེབ་དམར་པོ་དང་སེར་པོ་སོགས་རེད།

དེ་དག་ཁྲོད་བཀའ་ཤག་སྐབས་བཅུ་བཞི་པའི་དབུ་མའི་ལམ་གྱི་དྲིལ་བསྒྲགས་ཡིག་ཆ་སྣ་གཅིག་ཀྱང་མཐོང་རྒྱུ་མི་འདུག སྔོན་ཆད་ཅིག་ལ་མེག་མོར་ཁྲོམ་གཞུང་གི་དྲིལ་བསྒྲགས་དེབ་ཁང་ནས་ཀྱང་ཚོར་བ་དེ་སྤྲད་མྱོང་ཡོད་ལ། ས་གནས་གཞན་དུ་འདི་ལྟ་བུའི་དྲིལ་བསྒྲགས་ཁང་ཡོད་མེད་མི་ཤེས་མོད། གལ་སྲིད་ཡོད་ན་དེ་དག་ནང་ལོ་ཉི་ཤུ་སུམ་ཅུའི་ཡར་སྔོན་གྱི་དྲིལ་བསྒྲགས་ཡིག་ཆ་སྤུངས་ཡོད་སྲིད་པའི་སེམས་ཚོར་དང་སེམས་འཚབ་ཀྱང་ལྷན་དུ་སྐྱེས་སོང་།

དབུ་མའི་ལམ་གྱི་རྩ་བའི་སྒྲོམ་གཞིར་འགྱུར་བ་ཆེན་པོ་ཕྱིན་མེད་ཀྱང་། ནང་དོན་སྲིད་བྱུས་ཁག་ལ་འགྱུར་བ་མང་པོ་ཕྱིན་ཡོད། ཐོག་མ་བརྒྱད་ཅུ་གྱ་གྲངས་ནང་ང་ཚོས་ཆེས་མཐོའི་རང་སྲིད་རང་སྐྱོང་ཟེར་བའི་ཚིག་ཅིག་བེད་སྤྱོད་བཏང་ཡོད། ཨ་རིའི་གྲོས་ཚོགས་དང་ཡུ་རོབ་གྲོས་ཚོགས་ནང་བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་ཁྲིམས་ལུགས་དབང་འཛིན་དང་ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཅས་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་རང་སྲིད་རང་སྐྱོང་གླེང་ཡོད།

དགུ་བཅུ་གོ་གྲངས་ནས་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་འོག་བོད་དོན་སེལ་ཐུབ་ལ་འབད་བརྩོན་བྱེད་རྒྱུ་བརྗོདཡོད། ཉིས་སྟོང་བདུན་བརྒྱད་ནས་བཟུང་སྔོན་ཆད་ཀྱི་དམངས་གཙོའི་དགོས་འདུན་ཁག་དོར་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་འཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་སོགས་ངོས་ལེན་བྱས་ཏེ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བཤད་གཉིས་ནི་དབུ་མའི་ལམ་གྱི་འགྲེལ་བཤད་གསར་ཤོས་དེ་ཡིན།

བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དུས་རྒྱུན་མང་ཚོགས་ལ་དབུ་མའི་ལམ་ལ་གོ་རྟོགས་ཞན་པོ་འདུག་ཅེས་སྐད་ཤོར་གྱིན་ཡོད། བཀའ་ཤག་བཅུ་བཞི་པའི་སྲིད་སྐྱོང་མཆོག་ནས་ཀྱང་བར་ལམ་ཞིག་ནས་གློ་བུར་དུ་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་ཚ་ཚ་འུར་འུར་དུ་སྤེལ་མགོ་བརྩམས་སོང་། བཀའ་ཤག་གིས་ལས་འཆར་སྒྲིག་སྐབས་དང་ལས་བསྡོམས་བསྒྲགས་སྐབས་དབུ་མའི་ལམ་ལ་ཐུག་ཡོང་དུས་མགོ་བོ་མཐོ་ཙམ་དང་སྐད་ཤུགས་ཆེ་ཙམ་ཡོད། དེ་ཡིན་དང་ཡིན་༧གོང་ས་མཆོག་གི་ཐུགས་རེ་དང་ད་ལྟའི་བོད་གཞུང་མང་གཉིས་ཀྱི་བཞེངས་ཕྱོགས་རེད།

སྔར་ལོ་སྲིད་སྐྱོང་མཆོག་གིས་ཨ་རི་ནས་མ་འོངས་བོད་པར་དམངས་གཙོ་དགོས་མིན་གྱི་བཀའ་མོལ་ཞིག་གནང་བ་དེ་འུར་སྒྲ་ཆེན་པོ་ཆགས་སོང་། བཀའ་མོལ་དེར་ཕྱི་རྒྱལ་བ་ཚོ་ཨ་ཅང་ཅང་། བོད་པའི་ཆབ་སྲིད་པ་ཚོས་ཀྱང་བེད་སྤྱོད་མང་པོ་བཏང་སོང་། བསམ་གཟས་ནས་མ་ཤེས་ཁུལ་བྱས་པ་ཡིན་ནམ། དོན་དངོས་གནས་མཐོང་རྒྱ་ཆུང་སོང་བས་ཡིན་གང་ལྟར་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཡིག་ཆ་ཁག་ནང་དབུ་མའི་ལམ་གྱི་འགྱུར་འགྲོས་དེ་དག་ས་རིས་ཐང་གསལ་ཡིན་ལ། ཟམ་གདོང་རིན་པོ་ཆེའི་ཞལ་དྲོན་མོ་ནས་ཀྱང་ “ནམ་ཞིག་བོད་རྒྱ་གཉིས་ཅོག་ཙེ་གཅིག་གི་སྟེང་དུ་སྐད་ཆ་བཤད་རྒྱུ་བྱུང་བའི་ཉིན་མོར། ང་ཚོས་མི་ལོ་ལྔ་བཅུའི་རིང་རྩ་ཆེན་པོར་བརྩིས་ཏེ་འཕེལ་རྒྱས་བཏང་བའི་དམངས་གཙོའི་ལམ་སྲོལ་དེ་ཡང་བློས་གཏོང་བྱེད་དགོས་སྲིད་པ་རེད” ཅེས་རྒྱ་ཁྱབ་ཏུ་བསྒྲགས་ཡོད།

འཐུས་ཤོར་དེ་དག་གཤམ་འོག་གི་ལས་བྱེད་ཡོངས་རྫོཊ་མིན་པར། སྒང་གི་དབང་ལྡན་འགན་འཛིན་དང་འོག་གི་ཐད་ཀར་འབྲེལ་ཡོད་ཚོར་ཐུག་ཡོད། བཀའ་ཤག་གསར་པའི་དབུ་མའི་ལམ་དྲིལ་བསྒྲགས་གནང་རྒྱུ་ཡིན་ན། འདས་པའི་ཡིག་ཆ་དེ་དག་བྱུང་རབས་ལོ་རྒྱུས་ནང་གནས་དགོས་པ་གལ་ཆེན་ཡིན་ཡང་། མང་ཚོགས་ནང་ཁྱབ་བསྒྲགས་གནང་སྐབས་གོ་ལོག་མགོ་ཉོག་མི་ཐེབས་ཆེད། ཚོར་བ་དང་འགན་འཁྲི་ཡོད་པའི་ཐོག་ནས། དབུ་མའི་ལམ་གྱི་ངོ་བོ་དང་བྱུང་རིམ། འགྱུར་འགྲོས་དང་དམིགས་འབེན་སོཊ་ལ་སློབ་སྦྱོང་དང་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། ཁ་གསལ་ཁུངས་དག་རྒྱ་བོད་སུ་ཡང་ཡིད་ཆེས་འཕེར་ངེས་ཀྱི་དྲིལ་བསྒྲཊ་གནང་རྒྱུ་ཧ་ཅང་གལ་ཆེའོ།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese