མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཆ་བདག་སྲུང་གི་འདུ་ཤེས་འདོར་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་མི་རིགས་ས་ཁུལ་དུ་གྲོང་བརྡལ་ཅན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཕ་མེས་ནས་བརྒྱུད་པའི་ས་ཆ་བདག་སྲུང་གི་འདུ་ཤེས་འདོར་དགོས་པ་སོགས་འདོར་དགོས་པའི་འདུ་ཤེས་བཞི་དང་གཡོལ་དགོས་པའི་བྱེད་ཐབས་བཞི་སོཊ་ཀྱི་བཀའ་རྒྱ་བཏང་འདུག

དེ་རིང་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་ནང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་བོད་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ། གྲོང་བརྡལ་ཅན་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཡོངས་གྲོང་བརྡལ་ཅན་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། འཛུགས་སྐྲུན་མྱུར་ཚད་དང་སྤུས་ཀ་དེ་རྒྱལ་ཡོངས་ཀྱི་གྲོང་བརྡལ་ཅན་འཛུགས་སྐྲུན་གྱི་རྒྱལ་ཕམ་དང་འབྲེལ་ཡོད་སྟབས། དབུས་གཞུང་གིས་གང་མགྱོགས་སྒོས་གྲོང་བརྡལ་ཅན་འཛུགས་བསྐྲུན་གྱི་འཐབ་ཕྱོགས་ཇུས་འགོད་ལ་གདོང་གཏུག་སྟེ། རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཚད་ཇེ་མཐོར་གཏོང་བ་དང་བསྟུན་ཏེ། མི་རིགས་ཁག་གི་མི་མང་གིས་འདུ་ཤེས་བཞི་དང་གཡོལ་དགོས་པའི་བྱེད་ཐབས་བཞི། དེ་བཞིན་ཤུགས་སྣོན་དགོས་པའི་འདུ་ཤེས་བཞི་བཅས་གནད་དོན་གསུམ་ངེས་པར་དུ་ཐག་གཅོད་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

དེ་ཡང་བཀའ་རྒྱའི་ནང་དུ། འདུ་ཤེས་བཞི་འདོར་དགོས་པའི་གཅིག་ནི་གནས་སྲུང་འདུ་ཤེས་ཏེ། མཐའ་འཁོབ་ས་ཁུལ་ཁ་ཤས་སུ་ཕ་མེས་ནས་བརྒྱུད་པའི་སྡོད་ཁང་དང་། ཞིང་ས། རྩྭ་ས་བཅས་ལ་སྔར་བཞིན་ཞེ་ཆགས་པ་དང་། རང་གི་རྔུལ་ཁྲག་གིས་བསྐྲུན་པའི་ཁྱིམ་གཞིས་དང་ཁ་བྲལ་ཏེ་གྲོང་བརྡལ་ཅན་གསར་པའི་ལམ་དུ་ཞུགས་འདོད་མེད་པ་རེད། གཉིས་ནི་ལས་རིགས་སྲུང་པའི་འདུ་ཤེས། སྲོལ་རྒྱུན་གྱི་ཐོན་སྐྱེད་ཚོང་ལས་གཉེར་ཐབས་དང་ཕྱུག་འགྱུར་གྱི་ལམ་ཁ་དམ་པོར་སྲུང་ཕྱིར། ཞིང་པ་ཁ་ཤས་ལ་རྒྱུ་རྐྱེན་ཅི་རིགས་ཀྱིས་བཀག་རྒྱ་དང་ཤུགས་རྐྱེན་ཐེབས་ནས། ཚན་རྩལ་གསར་པ་དང་། ཤེས་བྱ་གསར་པ་བསྡུ་ལེན་བྱེད་འདོད་མེད་པར་ཆགས་འདུག བཞི་ནི་ལུགས་སྲོལ་བརྩི་སྲུང་གི་འདུ་ཤེས། ལག་ལེན་གྱིས་ར་སྤྲོད་བྱུང་པར། ཞིང་ལས་ལ་སྐུལ་འདེད་ཀྱིས་མི་གྲངས་གྲོང་བརྡལ་ཅན་ལ་བསྒྱུར་པ་ནི་ཞིང་པ་དག་དེང་རབས་ གྲོང་ཁྱེར་གྱི་ཤེས་དཔལ་དང་འདྲེས་བའི་ཐབས་ལམ་གཙོ་བོ་རེད་མོད། ས་གནས་ཁ་ཤས་ཀྱི་ཞིང་པས་བྱ་དངོས་གསར་པ་འདི་དག་བསྡུ་ལེན་བྱེད་འདོད་མེད་པ་མ་ཟད། ཐ་ན་གཞི་རིམ་ལས་བྱེད་པས་ཀྱང་སྣེ་ཁྲིད་བྱེད་འདོད་མེད་ཅིང་ལུགས་སྲོལ་རྙིང་པ་གཏོར་འདོད་མེད་པར་གྱུར་འདུག བཞི་ནི་གོམས་སྲོལ་སྲུང་པའི་འདུ་ཤེས། མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་རིག་གནས་ལ་བསྟུན་པ་བརྒྱུད། སྐྱེ་ཁམས་དཔལ་ཡོན་དང་། ཤེས་རིག་དར་སྤེལ་ནི་མི་རིགས་ས་ཁུལ་དུ་གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པའི་རྟགས་མཚན་གཙོ་བོར་གྱུར་འདུག་མོད། དེ་ལྟར་ནའང་། དོན་དངོས་ཁྲོད་དབུལ་ཕོངས་ས་ཁུལ་ཁ་ཤས་སུ་ཞིང་པས་ལག་རྩལ་དང་། དོ་དམ། ཤེས་བྱ་བཅས་སློབ་སྦྱོང་ཐད་འགྲོ་གྲོན་གཏོང་པར་གྲོན་ཆུང་བྱས་པ་ལས། དེ་ལས་གཞན་པའི་དགོས་མེད་ཀྱི་འགྲོ་སོང་ཆེ་ཆེར་བཏང་འདུག ཅེས་དང་།

ཡང་མི་རིགས་ས་ཁུལ་དུ་གྲོང་བརྡལ་ཅན་འཛུགས་སྐྲུན་གྱི་བྱེད་ཐབས་བཞིར་གཡོལ་དགོས་པའི་སྐོར་ལ། བྱེད་ཐབས་བཞི་ལ་གཡོལ་ཐབས་བྱེད་དགོས་པ་གཅིག་ལད་མོའི་རང་བཞིན་གྱི་བྱེད་ཐབས། ལོ་རྒྱུས་ཀྱི་དབང་གིས་གྲོང་བརྡལ་ཅན་འཛུགས་སྐྲུན་ཐད་མི་རིགས་ས་ཁུལ་ནི་དར་རྒྱས་ས་ཁུལ་དང་བསྡུར་ན་བར་ཁྱད་ཆེན་པོ་ཡོད་དེ། ས་ཁུལ་ཁ་ཤས་ཀྱིས་ས་གནས་རང་གི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ཁུངས་དགེ་མཚན་ལ་མི་དམིགས་པར། མུན་འཐོམས་རང་བཞིན་གྱི་རྗེས་སུ་འབྲངས་ནས་དར་རྒྱས་ས་ཁུལ་གྱི་བྱེད་སྟངས་ལ་ལད་མོ་བྱེད་པ་རེད། རྣམ་གྲངས་བསྐྲུན་པ་དང་། གནས་སྤོར་ཆེན་པོ་བྱས་པ་དེར་ཚད་ཡོད་ཀྱི་རྒྱུ་ཤུགས་དང་དངོས་ཤུགས་ཀྱིས་ནུས་པ་ཆེན་པོ་ཐོབ་མེད་པ་མ་ཟད། དེ་ལས་ལྡོག་ཏེ་ཆུད་ཟོས་སུ་བཏང་འདུག དོན་དངོས་ཀྱིས་ར་སྤྲོད་བྱས་པར། གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དར་རྒྱས་ཆེ་བའི་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་མོད། ཡིན་ནའང་ཞིབ་ཕྲའི་འཕེལ་རྒྱས་འབྱུང་ཐབས་ལ་ངེས་པར་དུ་མི་རིགས་ས་ཁུལ་གྱི་དོན་དངོས་ནས་འགོ་རྩོམ་པ་ལས་ཡོད་ཚད་ལད་མོ་བྱེད་མི་རུང་ངོ་། གཉིས་ནི་འབོད་ཚིག་རང་བཞིན་གྱི་བྱེད་ཐབས། གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་རྒྱུ་ནི་རང་རྒྱལ་གྱི་འབྱུང་འགྱུར་དུས་ཡུན་ངེས་ཅན་རིང་གི་དོན་ཆེན་རེད། དཀའ་ཚེགས་ཆེ་ལ་རྙོག་འཛིང་ལྡན་པའི་ལས་གཞི་འདི་སྤེལ་ཕྱིར། འོས་འཚམ་གྱི་འབོད་ཚིག་ཁ་ཤས་བསྒྲགས་ན་ལས་བྱེད་མང་ཚོགས་ཀྱི་སྤོབས་སེམས་ལ་སྐུལ་འདེད་བྱེད་ཐུབ་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་སྤེལ་པར་ཡང་སྐུལ་འདེད་བྱེད་ཐུབ། དེ་ལྟར་ནའང་། ས་གནས་ཁ་ཤས་ཀྱིས་ཡུལ་ལུང་གི་དོན་དངོས་དང་མཐུན་པའི་ལས་དོན་གྱི་འབོད་སྐུལ་སྒྲོག་ཙམ་མིན་པར། དོན་དངོས་ལས་རིང་དུ་བྲལ་པའི”ཨང་དང་པོ་བརྩོན་ལེན”དང”མྱུར་ཚད་འགྲན་པའི”བྱེད་ཕྱོགས་བཏོན་ཙང་། འབོད་སྐུལ་དེ་ཉིད་ཀྱང་”འབོད་ཚིག་ལས་དོན”ཞིག་ཏུ་གྱུར་འདུག དོན་དངོས་ཅི་རིགས་ཀྱིས་ང་ཚོར་གྲོང་བརྡལ་ཅན་གསར་པ་འཛུགས་བསྐྲུན་གྱི་གོམ་འགྲོས་དོན་ཐོག་ཏུ་མགྱོགས་པོ་ཡོང་དགོས་ན། ངེས་པར་དུ་དཀའ་སྤྱད་བརྩོན་ལེན་དང་། ཏན་ཏན་ཏིག་ཏིག་སྒོས་ལས་དོན་སྒྲུབ་པ་ལས་འབོད་ཚིག་སྒྲོག་པ་ཙམ་གྱིས་མངོན་འགྱུར་བྱེད་མི་ཐུབ་པ་གསལ་པོར་བསྟན་ཡོད་དོ།

གསུམ་ནི”འགྱུར་ལྡོག་མང་པའི”བྱེད་ཐབས། གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་ཐད་འགོ་ཁྲིད་གཅིག་གིས་འཆར་འགོད་གཅིག་བཟོ་བར་གཡོལ་དགོས་ཏེ། འཕེལ་རྒྱས་འཆར་འགོད་དེ་འགོ་ཁྲིད་བརྗེ་གསོར་དང་བསྟུན་འགྱུར་བ་གཏོང་མི་རུང་པར། ངེས་པར་དུ་འཆར་འགོད་གཅིག་གཏན་ཁེལ་གྱིས་ཡུན་རིང་གི་འཛུགས་སྐྲུན་ཚད་ལྡན་དུ་གཏོང་དགོས་པ་སྟེ། སྒྲིག་སྲོལ་ཆ་ཚང་གིས་དོ་དམ་བྱེད་རྒྱུ་དང་། ཁྲིམས་ལྟར་ནན་ཏན་སྒོས་རིམ་པ་རེ་རེས་རྒྱུན་མཐུད་ནས་ལས་དོན་སྒྲུབ་དགོས། བཞི་ནི་མྱུར་ཚད་རང་བཞིན་གྱི་བྱེད་ཐབས། གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་ནི་མིག་སྔའི་དགོངས་དོན་དང་བསྟུན་ནས་གོ་སྐབས་བརྩོན་ལེན་བྱེད་རྒྱུ་དང་། གོམ་འགྲོས་ཇེ་མགྱོགས་སུ་གཏོང་དགོས་པ་མ་ཟད། འབད་བརྩོན་རྨང་གཞི་བྱས་ནས་གཏིང་ཤུགས་བསྡུ་ལེན་བྱེད་དགོས། དེ་ཡང་གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པར་རྣམ་གྲངས་ཇི་ཙམ་བསྐྲུན་པ་དང་། སྡོད་ཁང་ག་ཚོད་གནས་སྤོ་བྱས་པ། མ་དངུལ་ཇི་ཙམ་བཏང་པས་ཚད་འཇལ་མི་རུང་པ་མ་ཟད། མཇུག་འབྲས་མེད་པའམ་མཇུག་འབྲས་ཉུང་ངུ་ལས་མངོན་མེད་པའི་བྱེད་ཐབས་ལ་གཞོལ་ཏེ། ངེས་པར་དུ་མྱུར་ཚད་དང་ཕན་འབྲས་གཅིག་གྱུར་ཡོང་པ། མྱུར་ཚད་དང་ཞིང་པའི་ཡོང་འབབ་གཅིག་གྱུར་ཡོང་པ། མྱུར་ཚད་དང་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པའི་གཏིང་ཤུགས་གཅིག་གྱུར་ཡོང་པ་རྒྱུན་འཁྱོངས་བྱེད་དགོས། ཞེས་བཀོད་འདུག

མཇུག་ཏུ་འཛུགས་སྐྲུན་གྱི་འདུ་ཤེས་བཞི་ལ་ཤུགས་སྣོན་དགོས་པའི་ཐད། གཅིག་ནི་གསར་གཏོད་ཀྱི་འདུ་ཤེས་ཏེ། མི་རིགས་ས་ཁུལ་གྱི་གྲོང་བརྡལ་ཅན་འཛུགས་སྐྲུན་གྱི་གཙོ་གནད་ནི་ལྟེ་བའི་ནང་དོན་དང་། གཞི་རྩའི་བླང་བྱ། རྩ་བའི་བྱེད་ཐབས་བཅས་ཐད་ནུས་ཤུགས་ཡོད་རྒུས་གསར་གཏོད་བྱེད་དགོས་པ་དེ་རེད། སྔོན་ཆད་ཀྱི་དབང་ཆ་དང་མ་དངུལ་རྐྱང་པར་བརྟེན་ནས་འཛུགས་བསྐྲུན་བྱེད་པའི་བསམ་ཕྱོགས་ལས་བརྒལ་པར་བྱེད་དགོས་ཤིང་། འཛུགས་བསྐྲུན་གྱི་གོ་རིམ་ཁྲོད་སྲོལ་རྒྱུན་གྱི་འཛུགས་བསྐྲུན་བྱེད་ཐབས་གཏོར་དགོས་ཏེ། ཚོང་རའི་རྨང་གཞིའི་རང་བཞིན་གྱི་ཐོན་ཁུངས་སྙོམས་སྒྲིག་གི་ནུས་པ་ཁྱོན་ཡོངས་ ནས་འདོན་དགོས་པ་དང་། ལྷག་པར་དུ་ཚན་རྩལ་སྔོན་དུ་བསྐྱོད་ཐུབ་པ་བྱ་དགོས། གྲོང་བརྡལ་ཅན་གསར་པར་ཐོན་སྐྱེད་ནུས་ཤུགས་མཆོངས་བསྐྱོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་འབྱུང་པར། ཚན་རྩལ་ནི་སྒུལ་ཤུགས་ཡིན་ཏེ། ངེས་པར་དུ་ཚན་རྩལ་དེ་མགོ་མཇུག་ཀུན་ལ་ཁྱབ་པར་བྱེད་དགོས་པ་དང་། མིག་སྔའི་ལས་དོན་སྒྲུབ་རྒྱུ་དང་ཡུན་རིང་ལ་བསམ་གཞིགས་གཏོང་པ། འབྱུང་འགྱུར་ལ་འཆར་འགོད་བྱེད་དགོས། གཉིས་ནི་འཇོན་མིའི་འདུ་ཤེས། ཨ་རིའི་དཔལ་འབྱོར་རིག་པའི་མཁས་ཆེན་སུའུ་ཨར་ཙི་ཡིས”དབུལ་ པོའི་ཁེ་ཕན་ལེགས་བཅོས་བྱེད་པའི་གཏན་ཁེལ་རང་བཞིན་གྱི་ཐོན་སྐྱེད་ཆ་རྐྱེན་ནི་ མི་གྲངས་ཀྱི་སྤུས་ཚད་བཅོས་སྒྱུར་དང་ཤེས་བྱ་ཇེ་མཐོར་དུ་གཏོང་རྒྱུ་དེ་རེད་འདོད།”མི་ རིགས་ས་ཁུལ་གྱི་འཇོན་མིའི་ཐོན་ཁུངས་ཀྱི་གྲངས་ཀ་དང་ལྷག་པར་དུ་སྤུས་ཀས་གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་གྱི་གོམ་འགྲོས་ཇེ་མགྱོགས་དང་གེགས་མེད་ངང་འཕེལ་རྒྱས་འབྱུང་ཐུབ་མིན་གཏན་ཁེལ་བྱས་ཡོད་པས། ངེས་པར་དུ་འཇོན་མིའི་ལྟ་བ་གསར་པ་ཆགས་དགོས་ཤིང་། གང་ལ་འཇོན་མི་ལྡན་པ་དེ་ཉིད་མགྱོགས་མྱུར་གྱིས་འཕེལ་རྒྱས་འབྱུང་པའི་གལ་ཆེན་རང་བཞིན་ངེས་པར་བྱེད་དགོས། འཇོན་མི་སྐྱེད་སྲིང་དང་། འཇོན་མི་ནང་འདྲེན། འཇོན་མི་བེད་སྤྱོད་ལེགས་པོ་གཏོང་རྒྱུ་དེ་ལས་འགན་གཙོ་བོར་བཟུང་ནས་སྒྲུབ་དགོས།

གསུམ་ནི་མ་རྩའི་འདུ་ཤེས། མ་རྩ་ནི་དཔལ་འབྱོར་གྱི་མ་རྩ་ཙམ་མིན་པར་སྲིད་འཛིན་གྱི་མ་རྩ་དང་། འཇོན་མིའི་མ་རྩ། སྤྱི་ཚོགས་ཕན་འབྲས་ཀྱི་མ་རྩ་བཅས་ཀྱང་འདུ། མི་རིགས་ས་ཁུལ་གྱི་གྲོང་བརྡལ་ཅན་གསར་བ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མ་རྩའི་འདུ་ཤེས་གཙིགས་མཐོང་བྱས་པ་བརྒྱུད་མ་རྩའི་འདུ་ཤེས་ལ་ཤུགས་སྣོན་བྱེད་དགོས། ཕྱོགས་ཅི་རིགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་མི་རིགས་ས་ཁུལ་གྱི་མ་རྩའི་འདུ་ཤེས་དེ་ཉིད་དར་རྒྱས་ཆེ་བའི་ས་ཁུལ་ལ་མཚོན་ན་འཁོས་ཞན་ཡིན་པས། གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་མ་རྩའི་འདུ་ཤེས་ཐད་དེ་ལས་ཤུགས་སྣོན་བྱས་ནས། གཤིབ་བསྡུར་གྱིས་དབྱེ་ཞིབ་བྱེད་ཐབས་དང་། རིགས་དགར་ནས་ལག་བསྟར་བྱེད་པ། སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན་གྱི་བྱེད་ཐབས་སྤྱོད་དགོས། དེ་ལྟར་བྱས་ན་ད་གཟོད་ཚོད་ལྟའི་མ་རྩ་གྲོན་ཆུང་དང་ཇེ་ཉུང་དུ་གཏོང་ཐུབ། བཞི་ནི་འཁྲབ་མཁན་གྱི་འདུ་ཤེས། “འཁྲབ་མཁན་གྱི་འདུ་ཤེས”ཞེས་པ་ནི་དོན་དུ་ནམ་རྒྱུན་རང་གིས་ལས་ཅི་ཞིག་སྒྲུབ་པ་དང་། རང་གིས་སྒྲུབ་ཀྱིན་པའི་ལས་དེས་རང་སྟེང་ལ་སྤྱི་ཚོགས་དང་སྤྱོད་ལམ་གྱི་བླང་བྱ་ག་འདྲ་ཞིག་དགོས་པ། གྲོང་བརྡལ་ཅན་གསར་པ་འཛུགས་སྐྲུན་གྱི་གོ་སྐབས་ལ་གདོང་གཏད་དུས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་ལས་བྱེད་པ་དང་། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པར་འཁྲབ་མཁན་གྱི་འདུ་ཤེས་འདི་འདྲ་ལྡན་དགོས། དཔལ་འབྱོར་རིག་པའི་ཆེད་མཁས་ཞིག་གིས་རང་རྒྱལ་གྱི་ཤར་རྒྱུད་ས་ཁུལ་དང་ནུབ་རྒྱུད་ས་ཁུལ་དུ་རྟོག་ཞིབ་བྱེད་དུས། ཤར་རྒྱུད་ས་ཁུལ་གྱི་མི་དང་མི་འབྲེལ་འདྲིས་བྱེད་དུས་ཕན་ཁེ་དང་ཕན་འབྲས་ལ་མཐོང་ཆེན་བྱེད་པ་མང་ཞིང་། ནུབ་རྒྱུད་ས་ཁུལ་གྱིས་དཔོན་གནས་དང་སྒེར་འབྲེལ་བྱེད་རྒྱུ་མང་པ་མཐོང་། འདིས་ཀྱང་ཕྱོགས་གཞན་ཞིག་ནས་འཁྲབ་མཁན་འདུ་ཤེས་ཀྱི་གལ་ཆེན་རང་བཞིན་མཚོན་པར་བྱས་ཡོད། སྤྱི་ཚོགས་ལ་གཞི་ཚུགས་དུས། འཁྲབ་མཁན་གྱི་འདུ་ཤེས་འདི་འདྲ་ཞིག་མེད་ན་རང་སྒེར་གྱི་ལས་དོན་སྒྲུབ་མི་ཐུབ་པས། མི་རིགས་ས་ཁུལ་གྱི་གྲོང་བརྡལ་ཅན་གསར་པའི་འཛུགས་སྐྲུན་གོ་རིམ་ཁྲོད་ཀྱང་དེ་ལྟར་སྣང་ངོ་། ཞེས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

སྐར་མ ༢༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese