མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕྲལ་དང་ཕུཊ་ཀྱི་ཞི་བདེ་རྟཊ་མ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༤༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ཆར་དྷ་རམ་ས་ལར་༧གོང་ས་མཆོག་ལ་ཞི་བདེ་གཟེངས་རྟགས་ཐོབ་ཏེ་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོའི་སྟེང་། ཨི་རིན་གྱི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལྕམ་ཤི་རིན་ཨི་བྷ་ཌི་མཆོག་གིས་འདི་འདྲ་ཞིག་གསུངས་སོང་། ང་ཚོས་དཀའ་ཚེགས་ཆེ་བའི་གནས་སྟངས་འོག་རེ་བ་མ་བརླག་པར་སློབ་སྦྱོང་བྱས་པ་ཡིན་ན། དཀའ་ཚེགས་ཆེ་བའི་གནས་སྟངས་ཡོངས་རྫོགས་ཞོགས་པ་ཡིས་མཚན་མོ་བཅོམ་པ་ལྟར་སེལ་འགྲོ་ངེས་ཡིན།

མི་སུ་ཞིག་གིས་ཀྱང་ཉི་མ་ཤར་བར་བཀག་འགོག་མི་ཐུབ་པ་ལྟར་མི་སུ་ཞིག་གིས་ཀྱང་བདེན་པ་སྦས་སྐུང་བྱེད་མི་ཐུབ། ང་ཚོས་བཟོད་སྲན་ཁོ་ནས་ཉི་མ་ཤར་བར་བསྒུག་དགོས། ངས་ཉིན་མོ་དེ་ཡོང་བར་རེ་སྒུག་བྱེད་ཀྱིན་ཡོད་ཅིང་ཉིན་མོ་དེར་རྒྱང་ཐག་རིང་པོ་མེད་པར། དེ་རིང་ལྟར་བོད་ནང་དུ་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་ཀྱིས་དུས་དྲན་སྲུང་གཙི་བྱེད་ཐུབ་པར་ཡིད་ཆེས་ཡོད་ཅེས་བོད་མི་མང་ལ་སེམས་ཤུགས་སྤར་སོང་།

ལོ་རེ་རེའི་སྙན་གྲགས་ཆེ་བའི་ནོ་བྷེལ་གཟེངས་རྟགས་ལ་ཞི་བདེ་དང་རྩོམ་རིག སྨན་རྫས་དང་དཔལ་འབྱོར། དངོས་ཁམས་དང་རྫས་འགྱུར་སོགས་སྣ་ཁ་དྲུག་ཙམ་ཡོད་པ་ལས། གཟེངས་རྟགས་གཞན་དག་གང་ཟག་ཅིག་གི་ལས་དོན་གྲུབ་འབྲས་ཁོ་ནར་དམིགས་ཏེ་སྤྲོད་བཞིན་ཡོད་ཀྱང་། ནོ་བྷེལ་ཞི་བདེ་གཟེངས་རྟགས་ལ་འཕྲལ་ཕུགས་གཉིས་ཀྱི་ཞི་བདེའི་དམིགས་ཡུལ་དང་ནང་དོན་སྣ་ཚོགས་ཡོད། གང་ཟག་ཞིག་གི་ལས་དོན་གྲུབ་འབྲས་ལ་ངོས་འཛིན་ཙམ་མ་ཟད། རླབས་ཆེ་བའི་ལས་དོན་གང་ཞིག་གི་ཐོག་སྐུལ་ལྕག་དང་། ཡང་ན་གང་ཟག་ཅིག་གིས་ཁ་གཏད་ལྕོགས་ཡུལ་དེའི་ནག་ཉེས་ལ་བརྡ་ལན་སྤྲོད་པ་སོགས་ཡིན།

ད་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་མི་གཉིས་ལ་འབུལ་གཏན་འཁེལ་ཡོད། གཅིག་རྒྱ་གར་གྱི་བྱིས་པའི་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ཀེ་ལཱ་ཤི་སཱ་ཊིར་ཐི་ལགས་དང་། གཞན་དེ་པཱ་ཀི་སི་ཐན་གྱི་བུད་མེད་ཀྱི་ཤེས་ཡོན་ཐོབ་ཐང་རྩོད་ལེན་པ་བུ་མོ་མཱ་ལཱ་ལཱ་ལགས་རྣམ་གཉིས་རེད། ཐེངས་འདིའི་གཟེངས་རྟགས་ཀྱིས་ཁོང་གཉིས་ཀྱི་ཕྱག་རྗེས་ལ་གཟེངས་བསྟོད་མཚོན་པ་མ་ཟད། པཱ་ཀི་སི་ཐན་དང་རྒྱ་གར་གཉིས་ཀྱི་མཐུན་སྒྲིལ་ལ་སྐུལ་འདེད་དང་། ལྟ་བ་མཁྲེགས་པའི་ཁ་ཆེ་དང་ཧིན་རྡུ། དེ་བཞིན། ད་ལྟའི་འཇིགས་སྐུལ་དྲག་སྤྱོད་པ་སོགས་ལ་བརྡ་ལན་སྤྲད་ཡོད།

གྱ་དགུ་ལོར་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་བ་དེ་༧གོང་ས་མཆོག་གི་འཚེ་མེད་ཞུ་བའི་བོད་དོན་འཐབ་རྩོད་དང་། བོད་པའི་ཆོས་དང་རིག་གཞུང་གཅེས་འཛིན་ལ་ངོས་འཛིན་གནང་བ་ཞིག་ཡིན་ཞིང་། ཞོར་དུ་རྒྱ་ནག་གཞུང་ལ་འགྲམ་ལྕག་ཚ་བེར་བེར་ཞིག་གཞུས་ཡོད། དེ་བཞིན་ཉིས་སྟོང་བཅུ་ལོར་རྒྱ་རིགས་རྩོམ་པ་པོ་ལིག་ཞོ་པོ་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་བ་དེ་ཡང་། རྒྱ་ནག་མི་མང་གི་རང་དབང་ཆེད་ཚེ་སྲོག་གིས་དམར་གཞུང་ལ་བདེན་པ་རྩོད་མཁན་དག་ལ་རྒྱབ་དཔུང་དང་། སྒེར་སྤྱོད་དང་བཙན་གནོན་ལ་ཁ་གཏད་ལྕོགས་མཁན་ཚོར་སྐུལ་ལྕག་བཏང་ཡོད།

ཨ་རིའི་སྲིད་འཛིན་ཨོ་བྷ་མར་ནོ་བྷེལ་ཞི་བདེ་གཟེངས་རྟགས་སྤྲད་པ་དེར་བསམ་ཚུལ་སྣ་ཚོཊ་བྱུང་ཡོད། འགའ་རེས་ཁོང་ལ་གཟེངས་རྟཊ་དེ་སྤྲོད་རྒྱུ་སྔ་དྲཊ་པའི་བསམ་ཚུལ་ཡང་བཏོན་ཡོད། ཨོ་བྷ་མ་ནི་མི་རིཊ་ནག་པོའི་ཨ་རིའི་སྲིད་འཛིན་དང་པོ་ཡིན་པས་མཐུན་སྒྲིལ་གྱི་མཚོན་རྟཊ་དང་། བཅོས་བསྒྱུར་ཞེས་པའི་ཁོའི་སྐད་སྒྲ་དེ་ལས། ཨ་རིས་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་དང་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་སོཊ་ཀྱི་རྩ་དོན་ཁག་གི་ཐོག་འཚེ་མེད་ཞུ་བའི་ཐོག་ནས་མདུན་སྐྱོད་བྱེད་དགོས་པའི་སྐུལ་མའང་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༦ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༢༠ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese