མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིབ་འཇུག་ཚོགས་ཆུང་གཏོང་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་གྷ་ཛ་ལུང་གཤོང་གི་དམག་འཐབ་ཐད་རང་དབང་གི་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་གཏོང་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མོན་མཆོག་གིས་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་མིའི་རྒྱལ་ཁབ་ཁག་གི་ལྷན་ཚོགས་སྟེང་། དཀའ་ངལ་ནང་ལྷུང་ཡོད་པའི་གྷ་ཛ་ལུང་གཤོང་གི་མང་ཚོགས་ཚོར་ཛ་དྲག་སྐྱོབ་གསོ་སྤྲོད་དགོས་སྐོར་བརྗོད་ཡོད་པ་མ་ཟད། ཉེ་ལམ་ཨི་ཛི་རལ་དམག་དཔུང་གིས་གྷ་ཛ་ལུང་གཤོང་གི་ཇ་བྷ་ལི་ཡ་ (Jabalia) གྲོང་ཚོར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གྲྭ་དང་སྐྱབས་བཅོལ་ཁང་ཁག་ཅིག་ལ་གཏོར་སྐྱོན་དང་ཉེས་མེད་མི་སེར་མང་པོ་བསད་རྨས་བཏང་བ་དེར་རང་དབང་གི་ཞིབ་འཇུག་ཚོགས་ཚུང་ཞིག་བསྐོ་བཞག་གིས་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་སོགས་གསུངས་འདུག   

བྷན་ཁེ་མོན་མཆོག་གིས། “ད་བར་གྷ་ཛ་ལུང་གཤོང་གི་དམག་འཁྲུག་འདིའི་རྐྱེན་པས་ཡུལ་མི་འབུམ་གཅིག་ལྷག་ལ་སྡོད་ཁང་མེད་པ་ཆགས་པ་མ་ཟད། ཡུལ་མི་ལྔ་ཁྲི་ཙམ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་འཛུགས་བྱས་པའི་སློབ་གྲྭའི་སྡོད་ཁང་ཁག་ནང་སྡོད་བཞིན་ཡོད་སྟབས། ད་ལྟ་ང་ཚོས་ཁོང་ཚོར་ཨ་སྒོར་ས་ཡ་ ༤༡༤ ཡི་ཛ་དྲག་སྐྱོབ་གསོ་སྤྲོད་དགོས་པ་མ་ཟད། ཨ་སྒོར་ས་ཡ་ ༡།༢ ཀྱི་སྨན་བཅོས་མྱུར་སྐྱོབ་རོགས་དངུལ་དང་། ཨ་སྒོར་ས་ཡ་ ༢།༤ ཡི་སྡོད་ཁང་གསར་རྒྱག་འཛུགས་སྐྲུན་རོགས་དངུལ་སྤྲོད་དགོས་པའི་གནས་སྟངས་ཆགས་ཡོད།”ཅེས་གསུངས་འདུག 

ཁོང་གིས་ཨི་ཛི་རལ་མཁའ་དམག་གིས་གྷ་ཛ་ལུང་གཤོང་ནང་གི་རྒྱལ་ཚོགས་ཀྱི་སློབ་གྲྭར་གོ་མཚོན་འཕངས་པའི་གནས་ཚུལ་སྐོར་ལ། “ཕྲན་གྱིས་ཨི་ཛི་རལ་ལ་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་མཁའ་ཐོག་དང་ས་འོག་ཕུག་ལམ་བརྒྱུད་ཉེན་ཁ་བཟོ་བཞིན་ཡོད་པ་ཤེས་ཀྱི་ཡོད་ཀྱང་། གྷ་ཛ་ལུང་གཤོང་གི་གནད་དོན་ཁ་ཤས་ཐོག་འགན་ཁུར་དང་འདྲ་མཚུངས་ཀྱི་ལངས་ཕྱོགས་ཤིག་འཛིན་དགོས་སྟབས། ཉེ་ལམ་ཨི་ཛི་རལ་དམག་དཔུང་གིས་རྒྱལ་ཚོགས་ཀྱི་སློབ་གྲྭ་དང་སྐྱབས་བཅོལ་ཁང་ཁག་ཅིག་ལ་གོ་མཚོན་འཕངས་ཏེ་ཉེས་མེད་མི་སེར་བསད་པ་དེར་ཨི་ཛི་རལ་དམག་ཁུལ་ཁང་གིས་ཞིབ་འཇུག་བྱེད་དགོས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་ཀྱང་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ། གྷ་ཛ་ལུང་གཤོང་ནང་ཡོད་པའི་རྒྱལ་ཚོགས་ཀྱི་ས་ཁང་ཁོར་ཡུག་ནང་གོ་མཚོན་གསར་རྙེད་བྱུང་བ་དེ་ལའང་ཞིབ་འཇུག་བྱས་ཏེ་ཐག་གཅོད་ཐུབ་པ་བྱ་རྒྱུ་ཡིན།”ཞེས་གསུངས་འདུག

ཟླ་ ༧ ཚེས་ ༨ ཉིན་པ་ལི་སི་ཐན་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་གྷ་ཛ་ལུང་གཤོང་ནས་ཨི་ཛི་རལ་ལ་མེ་ཤུགས་འཕུར་མདེལ་ ༡༠༠ ལྷག་འཕངས་ཏེ་གཏོར་རྒོལ་བྱེད་མགོ་བཙུགས་ཡོད་པ་ལྟར། ཨི་ཛི་རལ་གྱི་དམག་དཔུང་གིས་གནམ་ས་གཉིས་ནས་ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་རྟེན་གཞི་ཁག་ལ་རྒོལ་ལན་སློག་སྟེ། པ་ལི་སི་ཐན་གྱི་མི་ ༢༣༠ ལྷག་བསད་པ་དང་མི་བརྒྱ་ཕྲག་མང་པོར་རྨས་སྐྱོན་བཟོས་པ་མ་ཟད། མང་ཚོགས་ཀྱི་སྡོད་ཁང་གཏོར་བཤིག་བཏང་བ་དང་། ཟླ་ ༧ ཚེས་ ༡༧ ཉིན་ཨི་ཛི་རལ་མཁའ་དམག་གིས་ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་རྟེན་གཞི་ ༣༧ ལ་གཏོར་རྒོལ་དང་། ཧ་མ་སི་ཤོག་ཁག་གིས་ཨི་ཛི་རལ་ཕྱོགས་སུ་མེ་ཤུགས་འཕུར་མདེལ་ ༡༥ ཙམ་འཕངས་ཏེ་གཏོར་རྒོལ་ཤུགས་ཆེན་བྱས་ཡོད་སྟབས། ཨི་ཛི་རལ་གྱི་རྐང་དམག་དང་ལྕགས་འཁྲབ་འཁོར་ལོ། མེ་སྒྱོགས་དཔུང་སྡེ་བཅས་ཀྱིས་ས་ཐོག་ནས་པ་ལི་སི་ཐན་གྱི་རང་སྐྱོང་ས་ཁུལ་གྷ་ཛ་ལུང་གཤོང་ནང་དྲག་རྒོལ་བྱས་ཏེ། ཟླ་ ༧ ཚེས་ ༡༨ ཉིན་པ་ལི་སི་ཐན་པ་ ༢༣ དང་ཨི་ཛི་རལ་དམག་མི་ ༡ བཅས་རྐྱེན་ལམ་དུ་བཏང་ཡོད།

ཟླ་ ༨ ཚེས་ ༢༦ ཉིན་ཧ་མ་སི་དྲག་སྤྱོད་ཤོག་ཁག་དང་ཨི་ཛི་རལ་བར་གནས་སྐབས་རིང་དམག་མཚམས་འཇོག་ རྒྱུའི་གྲོས་མཐུན་བཞག་པའི་རྗེས་ལ་བསྐྱར་དུ་དམག་འཐབ་མགོ་འཛུགས་བྱས་པ་ནས་བཟུང་ད་བར་པ་ལི་སི་ཐན་གྱི་མི་སེར་ ༢༡༠༠ ལྷག་དང་། ཨི་ཛ་རལ་གྱི་ཡུལ་མི་ ༧༡ ལྷག་བསད་ཡོད་པ་མ་ཟད། དཀྱིལ་ཤར་ཡུལ་གྲུའི་དམག་འཁྲུག་འདི་མགོ་བཙུགས་པ་ནས་ད་བར་ཁྱོན་པ་ལི་སི་ཐན་གྱི་མི་ ༥༨༩༡ དང་། ཨི་ཛ་རལ་གྱི་ཡུལ་མི་ ༥༦༩ ལྷག་བསད་ཡོད་པ་མ་ཟད། ཡུལ་མི་འབུམ་ ༣ ལྷག་སྐྱབས་བཅོལ་འགྲོ་དགོས་བྱུང་ཞིང་། གཞན་ཡུལ་མི་ ༢༠༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

པ་ལི་སི་ཐན་མི་རིགས་ཀྱིས་ཨི་ཛི་རལ་གྱི་མངའ་འོག་ཏུ་ཡོད་པའི་ཇི་རུ་ས་ལམ་ (Jerusalem) གྱི་ཤར་ཕྱོགས་མངའ་ཁུལ་ (West Bank) དང་གྷ་ཛ་ལུང་གཤོང་གི་ས་ཁུལ་ཁག་ཅིག་བདག་བཟུང་བྱ་ཆེད་ཨི་ཛི་རལ་ལ་དམག་འཐབ་བྱས་ཡོད་པ་མ་ཟད། ༡༩༦༧ ལོ་ནས་བཟུང་པ་ལི་སི་ཐན་མི་རིགས་ཀྱིས་ཨི་ཛི་རལ་མངའ་འོག་གི་ཇི་རུ་ས་ལམ་ (Jerusalem)གྲོང་ཁྱེར་དེ་པ་ལི་སི་ཐན་གྱི་ཡིན་སྐོར་རྩོད་ལེན་དང་། ཨི་ཛི་རལ་གྱི་མི་རིགས་དག་ཕྱིར་འཐེན་བྱ་དགོས་པའི་དམག་འཐབ་བསྟུད་མར་བརྒྱབ་རྗེས། ༢༠༡༣ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པ་ལི་སི་ཐན་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཨང་ ༡༣༤ པར་ངོས་འཛིན་བྱས་ཡོད། ཉེ་ལམ་གྷ་ཛ་ལུང་གཤོང་ནང་དམག་འཐབ་བྱེད་བཞིན་ཡོད་པ་དང་བསྟུན་ཏེ། ཁ་སང་པ་ལི་སི་ཐན་གྱི་རྒྱལ་ཚོགས་སྐུ་ཚབ་མན་སུར་ (Riyad Mansour) གྱིས་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཐོག་དེ་སྔོན་རྒྱལ་ཚོགས་ཀྱིས་པ་ལི་སི་ཐན་དང་ཨི་ཛ་རལ་བར་གྱི་དཀའ་རྙོག་དེ་ལོ་གཉིས་ནང་སེལ་རྒྱུའི་གྲོས་ཆོད་བཞག་ཡོད་ཀྱང་། ད་བར་རྒྱལ་ཚོགས་ཀྱིས་ཐག་གཅོད་དེ་ག་དུས་བྱེད་མིན་གསལ་བཤད་གང་ཡང་བྱས་མེད་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese