མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡན་མ་བློ་ཆོས་རིན་པོ་ཆེ་སྐུ་གཤེཊ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྣམ་རྒྱལ་གྲ་ཚང་གི་མཁན་ཟུར་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་སྐུ་གཟུགས་བདེ་མིན་གྱི་དབང་གིས་སྙུང་གཞི་བཞེས་ཏེ། ཁ་སང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཡོལ་ཙམ་ལ་ཁོང་གི་གཟིམ་ཤག་ཏུ་སྐུ་གཤེགས་ཡོད་པ་དང་ད་ལྟ་རིན་པོ་ཆེ་མཆོག་ཐུགས་དམ་ལ་བཞུགས་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༡༥ ཉིན་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་སོགས་ངོ་མཚར་བའི་རྟགས་དང་བཅས་སྐུ་གཤེགས་ཡོད་འདུག

ལྡན་མ་རྗེ་བཙུན་བློ་བཟང་འོད་ཟེར་ཆོས་དབྱིངས་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི། ༡༩༢༨ ལོའི་ཟླ་ ༨ ཚེས་ ༣ ཉིན་ཁམས་སྒ་བ་འགུལ་གཡས་གྲོང་གི་ཁྱིམ་ཚང་ཞིག་ཏུ་ཡབ་དངོས་གྲུབ་རིག་འཛིན་དང་ཡུམ་བདེ་མཚོ་བཟང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་དྲུག་ལ་སོན་སྐབས་པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ཟིལ་དཀར་དགོན་པའི་མཁས་པའི་དབང་པོ་ཆོས་དབྱིངས་རྒྱ་མཚོ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་པ་དང་། དགུང་ལོ་ ༡༠ ལ་ཕེབས་སྐབས་སྤུག་བླ་མཆོག་སྤྲུལ་བློ་བཟང་ཐུབ་བསྟན་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། ༡༩༣༨ ལོར་ལྷ་སའི་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད་དེ་དགེ་བའི་བཤེས་གཉེན་སྟོང་དཔོན་རིན་པོ་ཆེ་མཆོག་དང་། བློ་གསལ་གླིང་གི་ཕ་ར་ཤག་སྐོར་མཁན་རིན་པོ་ཆེ་རྗེ་བཙུན་ཉི་མ་རྒྱལ་མཚན་མཆོག དེ་བཞིན་ཧྲེ་ཧོར་དགེ་བཤེས་བསོད་ནམས་མགོན་པོ་གཙོས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཛད། ༡༩༤༦ ལོར་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་མཆོག་གིས་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་། དགུང་ལོ་ ༢༥ ལ་ཕེབས་སྐབས་ཏེ་༡༩༥༣ ལོར་ལྷ་ལྡན་ཆོས་འཕྲུལ་སྨོན་ལམ་སྐབས་དགེ་བཤེས་ལྷ་རམས་པའི་ཡོན་ཚད་ཨང་དང་པོ་བཞེས་རྗེས། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་སྔགས་ཕྱོགས་ཀྱི་ཐོས་བསམ་སློབ་གཉེར་མཇུག་སྐྱོང་གནང་སྟེ་ ༡༩༥༨ ལོར་བསླབ་པ་མཐར་སོན་གནང་ཡོད་འདུག

༡༩༥༩ ལོར་རྒྱ་དམག་གིས་བོད་བཙན་བཟུང་བྱས་རྗེས། རིན་པོ་ཆེ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་ཝཱ་ར་ཎ་སིར་ལོ་གཉིས་དང་། ཀ་ལི་ཀ་ཏ་གཙུག་ལག་སློབ་ཆེན་ནང་ལོ་གཉིས་རིང་ཞིབ་འཇུག་སློབ་གཉེར་གནང་ཞིང་། དེ་བཞིན་ལ་དྭགས་མཚན་ཉིད་སློབ་གཉེར་ཁང་དུ་ལོ་ ༦ རིང་སློབ་སྤྱི་གནང་ཡོད་པ་དང་། ༡༩༦༧ ལོར་མ་ནཱ་ལི་དགོན་པ་ཞིག་གི་མཁན་པོ་གནང་བ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་མ་ཟད། ༡༩༨༦ ནས་ ༡༩༩༡ ལོའི་བར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་གནང་སྟེ། གྲྭ་ཚང་གི་སྔགས་ཀྱི་འཛིན་གྲྭ་གསར་འཛུགས་སོགས་གནང་ཡོད་འདུག

དེ་བཞིན། རིན་པོ་ཆེ་མཆོག་གིས་བོད་རྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་ཐུབ་ཆེད་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་གདན་ས་ཁག་གཙོས། རྒྱུད་གྲྭ་སྟོད་སྨད་ཀྱི་དགེ་འདུན་པ་ཚོར་མདོ་སྔགས་ཀྱི་གཞུང་ཆེན་ཁག་འཆད་ཁྲིད་མཛད་ཡོད་པ་མ་ཟད། རྒྱ་གར་དང་བོད་གཙོས་པའི་དོན་གཉེར་ཅན་མང་བོར་དབང་ལུང་མན་ངག་གནང་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༣ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༨ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 9

  1. བོད་ཀྱི་བྱ་གླག། says:
    ལོ་ 11 སྔོན།

    རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་སྐྱབས་རྗེ་ལྡན་མ་བློ་ཆོས་རིན་པོ་ཆེ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་ནམ་ཡང་མ་མྱོང་ཞིང་སྤྱི་ཚོགས་ནང་གླེང་སློང་ཞིག་ཡོང་བ་ནི་གཞི་མེད་སྒྲོ་བཏགས་ཁོ་ན་ཡིན། གླེང་སློང་དེ་དག་མི་ཡོང་བ་དང་། གཞི་མེད་སྐུར་འདེབས་བྱེད་མཁན་དག་སྡིག་ཉེས་ཆེན་པོ་མི་བསོག་པའི་ཆེད། ཉིན་ཤས་སྔོན་དུ་གོང་ས་མཆོག་མཇལ་ཁ་ལས་གྲུབ་ཀྱིས་སྐུ་ཞི་བར་གཤེགས་པའི་མཛད་པ་ནི། གཟུར་གནས་སུས་ལྟས་ཀྱང་དམ་པའི་རང་རྟགས་ངོ་མ་ཞིག་ལོས་ཡིན།

    Reply
  2. བོད་ཀྱི་བྱ་གླག། says:
    ལོ་ 11 སྔོན།

    སྒྱུ་མའི་ཡེ་ཤེས་སྐུ་མངའ་རྡོ་རྗེ་འཆང་།།
    རྣམ་དག་ཕྲིན་ལས་བཟང་པོ་ཐུཊ་རྗེ་ཅན།།
    འགྲོ་བའི་འདྲེན་པ་ཆེན་པོ་བཤེས་གཉེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    བདེ་སྟོང་ཟག་མེད་དབྱིངས་ལས་མ་གཡོལ་ཡང་།།
    སྣ་ཚོགས་སྤྲུལ་པའི་སྐུ་ཡི་རོལ་གར་ཅན།།
    ལྷ་བཅས་འགྲོ་བའི་མགོན་པོ་བཤེས་གཉེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    སྐྱེས་མཆོག་ཉིན་བྱེད་ནུབ་ཏུ་གཤེགས་པའི་ཚེ།།
    ཡིད་གདུང་དྲག་པོ་གདུལ་ཚོགས་སྙིང་ལ་ལྕིས།།
    བཤེས་གཉེན་ཆོས་ཉིད་ཆེན་པོ་ལས་འཕོས་ཏེ།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    གཏི་མུག་བདེན་འཛིན་མ་རིག་དྲུངས་ནས་འབྱིན།།
    རྣམ་རྟོག་ཉེས་བརྒྱ་ཡོངས་སུ་སྤངས་པ་ཅན།།
    ས་གནས་སེམས་པ་ཆེན་པོའི་དད་རྟེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    དགེ་ལྡན་གསེར་གྱི་ཁྲི་འཛིན་ན་རིམ་གྱི།།
    གཙུག་གི་ཅོད་པན་འཆང་བའི་མཛད་པ་ཡིས།།
    གཟུར་གནས་དགའ་བ་སྟེར་མཛད་གཤེས་གཉེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    དེང་གི་སྤྱི་ཚོགས་རླབས་ལྟར་འཁྲུགས་པའི་དུས།།
    འདོད་ཡོན་རླུང་ཚུབ་ཆེ་བས་མ་གཡོ་བ།།
    རང་བཞིན་དྲང་པོར་བཞུགས་པའི་བླ་མ་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    ཁྱེད་ཉིད་ཞི་བར་གཤེགས་པའི་གདུང་བ་ནི།།
    སློབ་ཚོགས་མགོ་བོ་ལོ་ཡག་སྙེ་མ་བཞིན།།
    མིག་གི་མཆི་རྒྱུན་ས་གཞི་ཆེན་པོ་བརླན།།
    གཟིཊ་དང་གསན་པར་མཛོད་ཅིག་གཤེས་གཉེན་ལཊ།།

    Reply
  3. བོད་ཀྱི་བྱ་གླག། says:
    ལོ་ 11 སྔོན།

    སྒྱུ་མའི་ཡེ་ཤེས་སྐུ་མངའ་རྡོ་རྗེ་འཆང་།།
    རྣམ་དག་ཕྲིན་ལས་བཟང་པོ་ཐུཊ་རྗེ་ཅན།།
    འགྲོ་བའི་འདྲེན་པ་ཆེན་པོ་བཤེས་གཉེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    བདེ་སྟོང་ཟག་མེད་དབྱིངས་ལས་མ་གཡོལ་ཡང་།།
    སྣ་ཚོགས་སྤྲུལ་པའི་སྐུ་ཡི་རོལ་གར་ཅན།།
    ལྷ་བཅས་འགྲོ་བའི་མགོན་པོ་བཤེས་གཉེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    སྐྱེས་མཆོག་ཉིན་བྱེད་ནུབ་ཏུ་གཤེགས་པའི་ཚེ།།
    ཡིད་གདུང་དྲག་པོ་གདུལ་ཚོགས་སྙིང་ལ་ལྕིས།།
    བཤེས་གཉེན་ཆོས་ཉིད་ཆེན་པོ་ལས་འཕོས་ཏེ།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    གཏི་མུག་བདེན་འཛིན་མ་རིག་དྲུངས་ནས་འབྱིན།།
    རྣམ་རྟོག་ཉེས་བརྒྱ་ཡོངས་སུ་སྤངས་པ་ཅན།།
    ས་གནས་སེམས་པ་ཆེན་པོའི་དད་རྟེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    དགེ་ལྡན་གསེར་གྱི་ཁྲི་འཛིན་ན་རིམ་གྱི།།
    གཙུག་གི་ཅོད་པན་འཆང་བའི་མཛད་པ་ཡིས།།
    གཟུར་གནས་དགའ་བ་སྟེར་མཛད་གཤེས་གཉེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    དེང་གི་སྤྱི་ཚོགས་རླབས་ལྟར་འཁྲུགས་པའི་དུས།།
    འདོད་ཡོན་རླུང་ཚུབ་ཆེ་བས་མ་གཡོ་བ།།
    རང་བཞིན་དྲང་པོར་བཞུགས་པའི་བླ་མ་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    ཁྱེད་ཉིད་ཞི་བར་གཤེགས་པའི་གདུང་བ་ནི།།
    སློབ་ཚོགས་མགོ་བོ་ལོ་ཡག་སྙེ་མ་བཞིན།།
    མིག་གི་མཆི་རྒྱུན་ས་གཞི་ཆེན་པོ་བརླན།།
    གཟིཊ་དང་གསན་པར་མཛོད་ཅིག་གཤེས་གཉེན་ལཊ།།

    Reply
  4. བོད་ཀྱི་བྱ་གླག། says:
    ལོ་ 11 སྔོན།

    སྒྱུ་མའི་ཡེ་ཤེས་སྐུ་མངའ་རྡོ་རྗེ་འཆང་།།
    རྣམ་དག་ཕྲིན་ལས་བཟང་པོ་ཐུཊ་རྗེ་ཅན།།
    འགྲོ་བའི་འདྲེན་པ་ཆེན་པོ་བཤེས་གཉེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    བདེ་སྟོང་ཟག་མེད་དབྱིངས་ལས་མ་གཡོལ་ཡང་།།
    སྣ་ཚོགས་སྤྲུལ་པའི་སྐུ་ཡི་རོལ་གར་ཅན།།
    ལྷ་བཅས་འགྲོ་བའི་མགོན་པོ་བཤེས་གཉེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    སྐྱེས་མཆོག་ཉིན་བྱེད་ནུབ་ཏུ་གཤེགས་པའི་ཚེ།།
    ཡིད་གདུང་དྲག་པོ་གདུལ་ཚོགས་སྙིང་ལ་ལྕིས།།
    བཤེས་གཉེན་ཆོས་ཉིད་ཆེན་པོ་ལས་འཕོས་ཏེ།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    གཏི་མུག་བདེན་འཛིན་མ་རིག་དྲུངས་ནས་འབྱིན།།
    རྣམ་རྟོག་ཉེས་བརྒྱ་ཡོངས་སུ་སྤངས་པ་ཅན།།
    ས་གནས་སེམས་པ་ཆེན་པོའི་དད་རྟེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    དགེ་ལྡན་གསེར་གྱི་ཁྲི་འཛིན་ན་རིམ་གྱི།།
    གཙུག་གི་ཅོད་པན་འཆང་བའི་མཛད་པ་ཡིས།།
    གཟུར་གནས་དགའ་བ་སྟེར་མཛད་གཤེས་གཉེན་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    དེང་གི་སྤྱི་ཚོགས་རླབས་ལྟར་འཁྲུགས་པའི་དུས།།
    འདོད་ཡོན་རླུང་ཚུབ་ཆེ་བས་མ་གཡོ་བ།།
    རང་བཞིན་དྲང་པོར་བཞུགས་པའི་བླ་མ་ཁྱེད།།
    སླར་ཡང་གངས་རིའི་མགོན་དུ་ཕེབས་པར་འཚལ།།

    ཁྱེད་ཉིད་ཞི་བར་གཤེགས་པའི་གདུང་བ་ནི།།
    སློབ་ཚོགས་མགོ་བོ་ལོ་ཡག་སྙེ་མ་བཞིན།།
    མིག་གི་མཆི་རྒྱུན་ས་གཞི་ཆེན་པོ་བརླན།།
    གཟིཊ་དང་གསན་པར་མཛོད་ཅིག་གཤེས་གཉེན་ལཊ།།

    Reply
  5. ཨེ says:
    ལོ་ 11 སྔོན།

    ལྡན་མ་བློ་ཆོས་རིན་པོ་ཆེ་གཙང་མ་ཡིན་མིན་དེ་སྐད་ཆ་བཟོས་པ་ཞིག་རེད།དོན་དམ་ལ་གཙང་མ་ཡིན་མིན་དེ་རིང་༧གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་གོ་སྐབས་ཐོབ་པ་དེ་དོགས་པ་ཡོད་མཁན་རེ་ཟུར་དེ་དག་ལ་གཙང་མ་ཆགས་ཡོད་མདོག་ཁ་པོ་རེད་བསམ་གྱི་ཡོད

    Reply
  6. ཀརྨ་འཕྲིན་ལས། says:
    ལོ་ 11 སྔོན།

    སྤྱིར་བཏང་ལྡན་མ་བློ་ཆོས་ཚང་སྤྲུལ་སྐུ་ཆེན་པོ་དེ་འདྲ་ཞིག་མ་རེད། ཡིན་ནའང་ཁོང་མི་ཚང་མས་ངོ་ཤེས་པ་དང་གླེང་སློང་ཆེན་པོ་ཆགས་པ་དེ། སྐུའི་སྐྱེས་སྤྲུལ་འདི་ཚང་གཞུང་ལུགས་རབ་འབྱམས་ལ་ཐུགས་ཀྱི་མཁྱེན་རྒྱ་ཧ་ཅང་ཡངས་པོ་ཅན་ཞིག་པ་དང་། གཉིས་ནས་དོལ་རྒྱལ་ལ་འབྲེལ་བ་ཡོད་པའི་གླེང་སློང་ཤིག་བྱུང་བ་བཅས་ལ་བརྟེན་ཏེ་ཁོང་ཉིད་སྤྱི་ཚོགས་ནང་སྐད་གྲགས་ཆེན་པོ་འདྲ་བོ་ཆགས་པ་རེད། ཡིན་ནའང་ད་རེས་ཁོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་པ་དང་སྐུ་མདུན་གྱིས་ཀྱང་ཞལ་བཞེས་ཐོབ་པ་དེ་ཧ་ཅང་ཡག་པོ་རེད། སྔ་འགྱོད་ཕྱི་སྡོམ་གནང་བ་དང་། ཡང་ན་ཁོང་ལ་དེ་འདྲའི་གླེང་སློང་ཞིག་བྱུང་ཡོད་པ་དེ་ཁུངས་མེད་ཡིན་རྒྱུ་རེད། དེ་མ་གཏོགས་སྐུ་མདུན་གྱིས་རྣམ་རྒྱུན་དམ་སྲི་བསྟེན་མཁན་ཚོར་ངོས་ཀྱི་འབྲེལ་བ་ཞུས་ན་ཕྱོགས་གཉིས་ཀའི་དམ་ཚིག་ཉམས་ཀྱི་ཡོད་པ་རེད་ཅེས་གསུང་གི་ཡོད་པ་རེད།

    Reply
  7. ཀརྨ་འཕྲིན་ལས། says:
    ལོ་ 11 སྔོན།

    སྤྱིར་བཏང་ལྡན་མ་བློ་ཆོས་ཚང་སྤྲུལ་སྐུ་ཆེན་པོ་དེ་འདྲ་ཞིག་མ་རེད། ཡིན་ནའང་ཁོང་མི་ཚང་མས་ངོ་ཤེས་པ་དང་གླེང་སློང་ཆེན་པོ་ཆགས་པ་དེ། སྐུའི་སྐྱེས་སྤྲུལ་འདི་ཚང་གཞུང་ལུགས་རབ་འབྱམས་ལ་ཐུགས་ཀྱི་མཁྱེན་རྒྱ་ཧ་ཅང་ཡངས་པོ་ཅན་ཞིག་པ་དང་། གཉིས་ནས་དོལ་རྒྱལ་ལ་འབྲེལ་བ་ཡོད་པའི་གླེང་སློང་ཤིག་བྱུང་བ་བཅས་ལ་བརྟེན་ཏེ་ཁོང་ཉིད་སྤྱི་ཚོགས་ནང་སྐད་གྲགས་ཆེན་པོ་འདྲ་བོ་ཆགས་པ་རེད། ཡིན་ནའང་ད་རེས་ཁོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་པ་དང་སྐུ་མདུན་གྱིས་ཀྱང་ཞལ་བཞེས་ཐོབ་པ་དེ་ཧ་ཅང་ཡག་པོ་རེད། སྔ་འགྱོད་ཕྱི་སྡོམ་གནང་ཡོད་རྒྱུ་རེད། དེ་མ་གཏོགས་སྐུ་མདུན་གྱིས་རྣམ་རྒྱུན་དམ་སྲི་བསྟེན་མཁན་ཚོར་ངོས་ཀྱི་འབྲེལ་བ་ཞུས་ན་ཕྱོགས་གཉིས་ཀའི་དམ་ཚིག་ཉམས་ཀྱི་ཡོད་པ་རེད་ཅེས་གསུང་གི་ཡོད་པ་རེད།

    Reply
  8. ཀརྨ་འཕྲིན་ལས། says:
    ལོ་ 11 སྔོན།

    སྤྱིར་བཏང་ལྡན་མ་བློ་ཆོས་ཚང་སྤྲུལ་སྐུ་ཆེན་པོ་ཅེ་འདྲ་ཞིག་མ་རེད། ཡིན་ནའང་ཁོང་མི་ཚང་མས་ངོ་ཤེས་པ་དང་གླེང་སློང་ཆེན་པོ་ཆགས་པ་དེ། སྐུའི་སྐྱེས་སྤྲུལ་འདི་ཚང་གཞུང་ལུགས་རབ་འབྱམས་ལ་ཐུགས་ཀྱི་མཁྱེན་རྒྱ་ཧ་ཅང་ཡངས་པོ་ཅན་ཞིག་པ་དང་། གཉིས་ནས་དོལ་རྒྱལ་ལ་འབྲེལ་བ་ཡོད་པའི་གླེང་སློང་ཤིག་བྱུང་བ་བཅས་ལ་བརྟེན་ཏེ་ཁོང་ཉིད་སྤྱི་ཚོགས་ནང་སྐད་གྲགས་ཆེན་པོ་འདྲ་བོ་ཆགས་པ་རེད། ཡིན་ནའང་ད་རེས་ཁོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་པ་དང་སྐུ་མདུན་གྱིས་ཀྱང་ཞལ་བཞེས་ཐོབ་པ་དེ་ཧ་ཅང་ཡག་པོ་རེད། སྔ་འགྱོད་ཕྱི་སྡོམ་གནང་ཡོད་རྒྱུ་རེད། དེ་མ་གཏོགས་སྐུ་མདུན་གྱིས་རྣམ་རྒྱུན་དམ་སྲི་བསྟེན་མཁན་ཚོར་ངོས་ཀྱི་འབྲེལ་བ་ཞུས་ན་ཕྱོགས་གཉིས་ཀའི་དམ་ཚིག་ཉམས་ཀྱི་ཡོད་པ་རེད་ཅེས་གསུང་གི་ཡོད་པ་རེད།

    Reply
  9. རྒྱང་མིག says:
    ལོ་ 11 སྔོན།

    དགའ་ལྡན་བླ་སྤྱི་ནས་གནང་བའི་༸གོང་ས་མཆོག་གི་བཀའ་སློབ། ལྡན་མ་བློ་ཆོས་ལ་ཆ་བཞག་པ་ཡིན་ན།རེ་བ་དང་ཡིད་ཆེས་བྱས་ནས་ཐ་ན་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་བསྐོ་བཞག་བྱས་པ་ཡིན།བསྐོ་བཞག་གནང་དགོས་བ་དེ་ཡང་།རིན་པོ་ཆེ་མཚན་སྙན་མཛད་འཕྲིན་རྒྱས་པའི་ཆེད་དུ་དམིགས་ནས་ཡིད་ཆེས་བློ་འགེལ་བྱས་ནས་དེ་ལྟར་བསྐོ་བཞག་གནང་བ་ཡིན།ཡིན་ན་ཡང།བར་སྐབས་ཤིག་ནས་རིན་པོ་ཆེས་དོལ་རྒྱལ་དམ་བསྒྲགས་དང་།ལྷག་པར་ཏུ་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་དང་ཆོས་དང་ཟང་ཟིང་གི་འབྲེལ་ལམ་བྱེད་ཡ་མིན་ཟེར་བའི་ཐོག་ལ།རིན་པོ་ཆེས(ལྡན་མ་བློ་ཆོས)བར་བཞུགས་ཡིན་སྟངས་འདྲ་བོ་བྱས་ནས་དེ་འདྲ་གནང་གི་འདུག དེ་ཡིན་ཙང་།བར་བཞུགས་ཡིན་པ་ཡིན་ན་ག་རེ་མཚོན་གི་ཡོད་པ་རེད།ཕར་ལ་འཁྱོག་མེད།ཚུར་ལ་འཁྱོག་མེད་ལབ་གི་ཡོད་པ་རེད།ཚུར་ཕྱོགས་སུ་རེད།རྒྱབ་བསྐྱོར་མེད་ས་དེ་རྒྱལ་བ་རིན་པོ་ཆེ་རེད།མདོར་བསྡུས་ན་རྒྱལ་བ་རིན་པོ་ཆེའི་ཕྱག་ལས་ཐོག་ལ་རྒྱབ་བསྐྱོར་མེད་ཟེར་གི་ཡོད་རེད།དེ་ཡིན་པ་ཡིན་ན།རེ་བ་ནང་བཞིན་ཞིག་མ་བྱུང་བ་རེད།དེ་འདྲ་ཡིན་ཙང་།སྤྱིར་བཏང་རིན་པོ་ཆེ་ཐུགས་ཁག་ད་མི་འདུག ཕྱག་དངུལ་ལ་དགའ་བོ་འདག་ག མ་ཟད་།བར་སྐབས་རིན་པོ་ཆེ(ལྡན་མ་བློ་ཆོས)ཐེ་ཝན་ལ་ཕེབས་པ་རེད།ཐེ་ཝན་ལ་ཕེབས་སྐབས་རྗེས་ཚོས་འབྲེལ་བ་བྱས་ནས་ཐེ་ཝན་གྱི་དགོན་པ༼མིང་ཤེས་མ་སོང༽ཕེབས་གི་ཡོད་པ་རེད་ལབ་དུས།ངས་ཨོ་དགོན་པ་དེ་ལ་མ་འགྲོ་ན་ཡག་གི་རེད་ད།དགོན་པ་དེ་གསེར་ཀོང་ཁྲི་སྤྲུལ་དང་འབྲེལ་བ་ཡོད་པའི་དགོན་པ་ཞིག་རེད་ཞ་ཞེས་བཤད་པ་ཡིན་མོད།ཡིན་ཡང་།ཐ་མ་རིན་པོ་ཆེ་(ལྡན་མ་བློ་ཆོས)དགོན་པ་དེར་ཕེབས་ཞ།དེ་འདྲ་ཡིན་དུས་ཙམ་པ་ལ་ཕེབས་པ་དང་བློ་ཕམ་བྱུང་།འབྲས་སྤུངས་ཀྱི་གྲྭ་བ་རྒན་པོ་མང་པོ་ཞིག་གི་ཐོག་ནས་རྒྱལ་བ་རིན་པོ་ཆེས་ལྡན་མ་བློ་ཆོས་རིན་པོ་ཆེ་ལ་གཟིགས་ཕྱོགས་དེ་ཏག་ཏག་འགྲིག་གི་མི་འདུག་་མདོག་མདོག་འདྲ་བྱས་ནས་རྣམ་འགྱུར་སྟོན་མཁན་འདུག་་་་ལྡན་མ་བློ་ཆོས་རིན་པོ་ཆེ་ལ་རྣམ་འགྱུར་སྟོན་དགོས་པ་དེ་ངས་བཟོས་པ་དེ་འདྲ་མ་རེད།དེ་ཁོང་རང་གི་ངོས་ནས་ཆགས་པ་དེ་འདྲ་རེད་མ་གཏོགས་རྒྱལ་བ་རིན་པོ་ཆེའི་ངོས་ནས་ནོར་འཁྲུལ་ཅི་ཡང་བྱས་མེད།མ་ཟད་སྤྱིར་བཏང་ནས་སྔོན་མ་བློ་ཆོས་རིན་པོ་ཆེ་ལ་ཡིད་ཆེས་ཞེ་དྲག་བྱས་ནས་ག་དུས་ཡིན་ན་ཐུགས་མོལ་གཏགས་པ་དང་བཀའ་མོལ་ཞུ་བ་དེ་འདྲ་བྱེད་གི་ཡོད།ཡིན་ནའང་།བར་སྐབས་ཤིག་ནས་ཞེ་དྲག་ཞེ་དྲག་ཅིག་འབྲེལ་བ་བྱ་དགོས་པའི་རྒྱུ་མཚན་མ་མཐོང་།དེ་ཡིན་དུས་སོ་སོ་བྱས་ནས་སྒམ་པོ་བྱས་བསྡད་བཞག་ན་ཡག་ཤོས་རེད་མ་གཏོགས།འབྲེལ་བ་བྱེད་དགོས་པ་མེད།རྒྱལ་བ་རིན་པོ་ཆེའི་ངོས་ནས་གཟིགས་ཕྱོགས་བྱུང་དགོས་པ་ངའི་ངོས་ནས་ནོར་འཁྲུལ་གང་མེད།ཡིན་ནའང་།གང་ལྟར་ནང་ཆོས་ན་ཡོད་པ་ནང་བཞིན་སོ་སོས་བསགས་པའི་སྡུག་པ་སོ་སོས་བཤགས་ན་དག་ཡ་ཡོད་པ་ནང་བཞིན།སོ་སོས་བསམ་བློ་གཏོང་ཡ་རེད། ཅེས་བཀའ་སློབ་སྩལ་ཡོད་པའི་གནས་ཚུལ་དྲ་ཐོག་ནས་བཏུས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese