མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུང་གོའི་ཁྱད་ཆོས་ཀྱི་དམངས་གཙོ།

བོད་ཀྱི་དུས་བབ།
༢༠༡༤/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༤༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

དེང་སྐབས་གནས་ཚུལ་ཡ་མཚན་ཅན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཡོང་གི་འདུག ཁག་ཅིག་ཁ་གསལ་ཁུངས་དག་གི་ངོ་བོའི་ཐོག་ནས་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་ཡོང་གི་འདུག རིགས་ཤིག་མངོན་པར་མི་གསལ་བའི་ཚུལ་གྱིས་སྤྱི་ཚོགས་དྲ་འབྲེལ་དག་བརྒྱུད་ནས་ཡོང་གི་འདུག ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་པ་ནས་བཟུང་གནས་ཚུལ་ཡ་མཚན་ཅན་འདི་རིགས་ཀྱང་མགོ་བཙུགས་སོང་། ན་ནིང་དང་ད་ལོར་ཞི་ཅིན་ཕིན་གྱི་ཞུ་དྲག་གི་སྲིད་བྱུས་མང་པོ་ཞིག་ཁྱབ་སྤེལ་བཏང་བ་དང་མཉམ་དུ། གནས་ཚུལ་ཡ་མཚན་ཅན་དེ་རིགས་ཀྱང་སྔར་ལས་རྣམ་གྲངས་མང་བ་དང་འགྲོས་མགྱོགས་པ། སྤྱི་ཚོགས་དང་བར་ཐག་ཉེ་བ། མི་མང་གི་བློ་ལ་འབབ་པོའི་ཚུལ་དུ་ཡོང་གི་འདུག

གནས་ཚུལ་དེ་དག་གི་ཐོག་མའི་ཡོང་སྟངས་དེ། ཞི་ཅིན་ཕིན་གྱི་ཨ་ཕ་ཞི་ཀྲུང་ཞོན་ལ་ཆོས་དད་ཡོད་ཚུལ་དང་༧རྒྱལ་བ་པཎ་ཆེན་གཉིས་དང་འབྲེལ་བ་བཟང་རབས། ཞི་ཅིན་ཕིན་ཡང་ཨ་རིར་སློབ་སྦྱོང་བྱས་མྱོང་ཡོད་སྟབས་རང་དབང་དམངས་གཙོའི་བག་ཆགས་ཡོད་སྐོར་སོགས་ནས་མགོ་བཙུགས་སོང་། འདི་དག་བོད་ཕྱོགས་ནས་བཟོས་པའི་གནས་ཚུལ་ཡ་མཚན་ཅན་དག་ཡིན་ཡང་། ཡོང་སྟངས་ཀྱི་ཐད་ནས་ཞི་ཅིན་ཕིན་གྱི་ “ཀྲུང་གོའི་རྨི་ལམ”དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འབོད་སྒྲ་ཆེ་རུ་བཏང་བ་དང་མཉམ་དུ་བསླེབས་སོང་།

སྔར་ལོའི་ཕྱི་ཟླ་དྲུག་པ་ཡས་མས་ནས་མགོ་བཙུགས་ཏེ་མཚོ་སྔོན་མང་ར་ས་ཁུལ་དུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་ཆོག་པ་དང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མི་ཆོག་པ། དགོན་སྡེ་ཁག་ནང་གནས་ཚུལ་ཅི་ཞིག་བྱུང་ཡང་དགོན་པའི་འབྲེལ་ཡོད་ཀྱི་བཀའ་འཁྲོལ་མེད་པར་ཉེན་རྟོག་པ་དང་དམག་མི་ཐད་ཀར་དཀོན་ནང་འཛུལ་མི་ཆོག་ཚུལ་སོགས་གྲགས་ཤིང་། སྲིད་ཇུས་དེ་སི་ཁྲོན་དཀར་མཛེས་དང་ལྷ་ས་དགའ་ལྡན་སོགས་སུའང་མགོ་བཙུགས་ཚུལ་སྤྱི་ཚོགས་དྲ་འབྲེལ་ཁག་ཏུ་ཁྱབ་བརྡལ་ཆེན་པོ་ཕྱིན།

ཟླ་འགའི་གོང་ཞི་ཅིན་ཕིན་ཡུ་རོབ་ཏུ་གཟིགས་སྐོར་སྐབས་ནང་ཆོས་ནི་འགྲོ་བ་མིའི་རིགས་ལ་ཕན་བདེ་སྒྲུབ་བྱེད་ཅིག་ཡིན་སྐོར་དང་། ཉེ་ལམ་རྒྱ་ནག་དབུས་མི་རིགས་ལས་དོན་ཚོགས་འདུའི་སྟེང་ཞི་ཅན་ཕིན་གྱིས་རྒྱ་རིགས་ཆེན་པོའི་རང་ལུགས་ལ་ངོ་རྒོལ་བྱེད་དགོས”ཟེར་བ། ད་དུང་མཐའ་དབུས་མེད་པར་ལྐོག་ཟ་རུལ་སུངས་དང་དབང་ཆ་སྒེར་སྤྱོད་ལ་རྒོལ་བ། ཁྲིམས་ཀྱི་ནུས་པ་མཐོ་རུ་བཏང་ནས་ཁྲིམས་ཀྱིས་མི་དམངས་སྐྱོང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་དགོས་པ་སོགས་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་ཤུགས་ཀྱིས་བསྒྲགས་ནས་ནན་གྱིས་སྐུལ་ཡོད།

བདུན་ཕྲག་འགའི་སྔོན་ལ་༧གོང་ས་མཆོག་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་འཆར་སྐོར་དྷ་ས་དང་པེ་ཅིན་བར་ནང་མོལ་འགྲོ་བཞིན་ཡོད་སྐོར་དང་། ཞི་ཅིན་ཕིན་གྱིས་བོད་ནང་གི་བོད་མི་ཚོ་ཕྱི་རྒྱལ་ཁག་ཏུ་འགྲོ་ཆོག་པའི་ལག་འཁྱེར་སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་ཚུལ། ཞི་ཅིན་ཕིན་གྱིས་༧གོང་ས་མཆོག་ལ་དད་གུས་དང་ནོར་འཁྲུལ་ངོས་ལེན་བྱས་སྐོར། ད་དུང་དགོད་བྲོ་བ་ཞིག་ལ་ཞི་ཅིན་ཕིན་གྱིས་ཉ་སྲོག་བསླུ་གཏོང་གི་ཡོད་པ་རེད་ཟེར་བའི་པར་འགའ་དང་བཅས་གནས་ཚུལ་ཁྱབ་བསྒྲཊ་ཆེན་པོ་འགྲོ་བཞིན་འདུག

ཡ་མཚན་ཅན་གྱི་གནས་ཚུལ་འདི་དག་ཡོངས་རྫོགས་མདོར་བསྒྲིལ་ན། རྒྱ་ནག་གཞུང་གིས་ “བོད་རེ་བས་འཕུང” ཞེས་པའི་ལྟ་གྲུབ་འདི་གཞི་རྩར་བཟུང་ཐོག མངོན་གསལ་དང་མངོན་གསལ་མིན་པ་ཅི་རིགས་ཀྱི་ཐབས་ལམ་སྤྱད་དེ་ཁྱབ་སྤེལ་གཏོང་བཞིན་པའི་གཞུང་འབྲེལ་གྱི་སྲིད་བྱུས་ཤིག་རེད་ཟེར་ཆོག་ཅིང་། སྦྱོང་བརྡར་དང་ཚོད་ལྟ་རང་བཞིན་གྱི་སྲིད་བྱུས་སམ། བྱེད་ཐབས་འདི་དག་ལ་བོད་གཙོས་པའི་གྲངས་ཉུང་མི་རིཊ་ཁག་དང་རྒྱ་ནག་མི་མང་ཚོར་རེ་བ་དང་ཕན་ཐོཊ་རྩ་བ་ནས་མེད་པ་ཞིག་མིན་ལ། རེ་བ་དང་ཡིད་ཆེས་ཆེན་པོ་རྒྱག་རིན་ཡོད་པ་ཞིག་ཀྱང་མིན།

འདི་ལ་འཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་ཡུལ་དང་འཆར་གཞི་མང་པོ་ཡོད། འཕྲལ་དུ་རྒྱ་ཆེའི་མི་དམངས་མང་ཚོགས་དང་། ལྷག་པར་དུ་གྲངས་ཉུང་མི་རིཊ་ཚོ་ཞི་ཅིན་ཕིན་ལ་རེ་བའི་ངང་ནས་ཁོའི་ལས་དོན་ལམ་ལྷོངས་ཡོང་ཆེད་དང་། ཕུཊ་སུ་རྒྱ་ནག་དམར་ཤོག་ཚོགས་པ་དང་དམར་ཤོག་ཚོགས་པའི་དབང་ཆ་མུ་མཐུད་བརྟན་བརླིང་ཡོང་ཐབས། རྒྱང་རིང་བོའི་ཆ་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་འགྱུར་ལྡོག་དང་། ལོ་རྒྱུས་ཀྱི་ཤིང་རྟ་ཆེན་མོའི་འཁོར་ཤུགས་སོགས་ལ་བརྟེན་ཏེ། རྒྱལ་སྤྱིར་མངོན་གསལ་མིན་པ་དང་རྒྱལ་ནང་ལ་བརྡབ་གསིག་མེད་པའི་ཐོག་ནས་བཅོས་བསྒྱུར་ཆེན་པོ་ཞིག་གམ། “ཀྲུང་གོའི་ཁྱད་ཆོས་ཀྱི་དམངས་གཙོའི” ལམ་བུ་ཞིག་གི་ཐོག་ལ་སྟ་གོན་བྱས་པ་མཚོན་ནོ།།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༦ སྔོན་ལ།
སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག ༡༡།༥།༢༠༢༦
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

ཆུ་ཚོད་ ༡༡ སྔོན་ལ།
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese