མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུ་དང་ཡུའུ་ཁུ་རེན་བར་གྲོས་མཐུན་བྱུང་།

བོད་ཀྱི་དུས་བབ།
༢༠༡༤/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོར་ཨུ་རུ་སུ་དང་ཡུའུ་ཁུ་རེན་གློག་ཤུགས་བློན་ཆེན་གཉིས་ཡང་བསྐྱར་གྲོས་མོལ་བྱས་མཐར་ཨུ་རུ་སུས་ཡུའུ་ཁུ་རེན་ལ་སོལ་རླངས་བཙོང་རྒྱུར་གྲོས་མཐུན་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོར་སྦེལ་ཇམ་རྒྱལ་སར་ཡུ་རོབ་མཐུན་ཚོགས་ཀྱི་གློག་ཤུགས་འགན་འཛིན་གྱི་བར་འདུམ་འོག ཨུ་རུ་སུ་དང་ཡུའུ་ཁུ་རེན་བར་བསྐྱར་དུ་གྲོས་མོལ་སྟེང་། ཡུ་རོབ་མཐུན་ཚོགས་ཀྱིས་ཡུའུ་ཁུ་རེན་ལ་དཔལ་འབྱོར་རོགས་རམ་བྱེད་པར་ཁག་ཐེག་བྱས་སྟབས། ཡུའུ་ཁུ་རེན་གྱིས་དེ་སྔོན་ཨུ་རུ་སུ་ལ་བུ་བོན་ཆད་ཡོད་པ་ལས་ཨ་སྒོར་ཐེར་འབུམ་ ༡།༤༥ ཙམ་གང་མགྱོགས་སྤྲོད་རྒྱུ་དང་། དེའི་འཕྲོས་ཀྱི་ཨ་སྒོར་ ༡།༦༥ དེ་ད་ལོའི་ལོ་མཇུག་བར་སྤྲོད་རྒྱུ་སོགས་ཁས་ལེན་བྱས་པར་བརྟེན། ཨུ་རུ་སུས་ཡུའུ་ཁུ་རེན་ལ་ ༢༠༡༥ ལོའི་ཟླ་ ༣ པ་བར་སོལ་རླངས་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་ ༤ བཙོང་རྒྱུར་གྲོས་མཐུན་བྱུང་ཡོད་འདུག  

ཐེངས་འདིར་ཨུ་རུ་སུ་དང་ཡུའུ་ཁུ་རེན་བར་གྲོས་མཐུན་བྱུང་བའི་ནང་། ད་ལོའི་ལོ་མཇུག་བར་ཡུའུ་ཁུ་རེན་གྱིས་ཨུ་རུ་སུའི་སོལ་རླངས་རྒྱ་དཔངས་གྲུ་བཞི་མ་ ༡༠༠༠ རེའི་གོང་ཚད་ལ་ཨ་སྒོར་ ༣༧༨ སྤྲོད་རྒྱུ་དང་། ༢༠༡༥ ལོའི་ཟླ་ ༡ ནས་ཟླ་ ༣ བར་སོལ་རླངས་རྒྱ་དཔངས་གྲུ་བཞི་མ་ ༡༠༠༠ རེ་ལ་ཨ་སྒོར་ ༣༦༥ སྤྲོད་རྒྱུ་བཅས་ཀྱི་ཐག་གཅོད་བྱས་ཡོད་འདུག

རྒྱལ་ཁབ་གཉིས་ཀྱིས་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་ཐུན་མོང་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག ཨུ་རུ་སུའི་གློག་ཤུགས་བློན་ཆེན་ནོབ་བཱ་ཁུ་ཡིས་བརྗོད་དོན། ཨུ་རུ་སུ་ནི་ཡུ་རོབ་མཐུན་ཚོགས་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཡིད་ཆེས་བྱས་ཏེ་སོལ་རླངས་མཁོ་སྤྲོད་བྱེད་མཁན་ཞིག་ཡིན་སྟབས། ཐེངས་འདིའི་གྲོས་མཐུན་བརྒྱུད་ཨུ་རུ་སུ་དང་འབྲེལ་ཡོད་རྒྱལ་ཁབ་ཁག་གི་ཕྱི་སྲིད་འབྲེལ་ལམ་ཇེ་བཟང་དུ་འགྲོ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བརྗོད་ཡོད་པ་དང་། ཡུའུ་ཁུ་རེན་གྱི་གློག་ཤུགས་བློན་ཆེན་ཡོ་རེ་པུ་རོབ་ཌེན་གྱིས་ཀྱང་། ཐེངས་འདིའི་གྲོས་མཐུན་གྱིས་ཡུའུ་ཁུ་རེན་གྱི་མི་མང་ས་ཡ་ ༤༥ ཙམ་གྱི་སོལ་རླངས་དཀའ་ངལ་སེལ་ངེས་ཡིན་པ་མ་ཟད། ཡུའུ་ཁུ་རེན་བརྒྱུད་དེ་ཡུ་རོབ་མང་ཚོགས་ལའང་སོལ་རླངས་རག་རྒྱུར་ཕན་ཐོགས་ཆེན་པོ་འབྱུང་བའི་ཡིད་ཆེས་ཡོད། ཅེས་སོགས་བརྗོད་འདུག  

ཡུ་རོབ་མཐུན་ཚོགས་ཀྱིས་ཐེངས་འདིའི་གྲོས་མོལ་ལམ་ལྷོང་བྱུང་བར་དགའ་བསུ་དང་བཅས་བརྗོད་དོན། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཡུའུ་ཁུ་རེན་ལ་གང་ཐུབ་ཀྱིས་རོགས་དངུལ་བགོ་འགེམས་བྱེད་བཞིན་ཡོད་ལ། རྒྱལ་སྤྱིའི་དངུལ་ཁང་དང་རྒྱལ་སྤྱིའི་ཚོང་ལས་དངུལ་ཁང་བཅས་ནས་ཀྱང་རོགས་རམ་བྱེད་འཆར་ཡོད་ཅེས་སོགས་བརྗོད་འདུག

གཞན། ཁ་སང་མཚན་མོར་འཇར་མན་གྱི་སྲིད་བློན་ལྕམ་ཨན་རྗི་ལཱ་ (Angela Merkel) དང་ཧྥ་རན་སིའི་སྲིད་འཛིན་ཧོད་ལན་ཌི་ (Francois Hollande)སོགས་ཀྱིས། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ཡུའུ་ཁུ་རེན་གྱི་སྲིད་འཛིན་པོ་རོབ་ཤེན་ཀོ་ (Petro Poroshenko) གཉིས་ལ་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་བར་གྱི་སོལ་རླངས་དཀའ་ངལ་ལ་གྲོས་མཐུན་བྱུང་བར་རྟེན་འབྲེལ་ཞུས་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཨོ་གླིང་སིཌ་ཎི་བོད་རིགས་མི་མང་ལ་གསུང་བཤད་གནང་། ༢༠༢༥།༠༧།༡༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ཀྱང་འབྲེལ་བ་སླར་གསོ་བྱེད་པར་ཕན་ཐོགས་གང་ཡང་བྱུང་མེད་ཅེས་གསུངས།

ཆུ་ཚོད་ ༤ སྔོན་ལ།
Arunachal Pradesh CM Pema Khandu (Photo/DNA)
Mobile App

རྒྱ་གར་དང་བོད་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་འབྲེལ་བ་མེད་ཅེས་གསུངས།

ཆུ་ཚོད་ ༥ སྔོན་ལ།
པར་འགྲེལ། བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

བོད་སྐྱིད་གྲོང་ཁུལ་དུ་ཆུ་ལོག་བྱུང་རྐྱེན་རྒྱ་གར་གྱི་གནས་མཇལ་བ་ཕྱིར་ལོག་བཏང་།

ཆུ་ཚོད་ ༧ སྔོན་ལ།
མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese