མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་གྲོང་ཁྱེར་གྲོང་གསེབ་མེད་པར་རང་དབང་གི་ཐོག་ནས་རྟོག་ཞིབ་ཅིག་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་ཛི་ཌི་ར་ཌི་ལགས་ཀྱིས་བོད་ནང་རྟོག་ཞིབ་ཏུ་ཕེབས་འདོད་ཡོད་སྐོར་གསུངས་པ་ལྟར། དུས་བབ་ཀྱིས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་དགོངས་འཆར་བསྡུས།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝ་རུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་པ་ཛི་ཌི་ར་ (Zeid Ra’ad Al Hussein) ལགས་ཀྱིས་ལས་འཁུར་ཞུས་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐེངས་དང་པོའི་སྟེང་། ཁོང་བོད་ནང་དུ་གཟིགས་ཞིབ་གནང་བར་ཕེབས་འདོད་ཡོད་པ་ལྟར་ད་ལྟ་དེའི་སྐོར་ལ་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་གྲོས་མོལ་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་དང་། ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག རྒྱ་ནག་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་མཉམ་དུ་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་ཐོག་ནས་མཉམ་འབྲེལ་བྱེད་པར་མོས་མཐུན་ཡོད་ལ། དྲང་བདེན་དང་དངོས་ཡོད་ཀྱི་ཐོག་ནས་ལས་འགན་ལག་བསྟར་བྱེད་པའི་རེ་བའང་ཡོད། ཅེས་སོགས་བརྗོད་འདུག གནས་ཚུལ་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་ལ། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་བོད་ནང་གཟིགས་སྐོར་གནང་ཕྱོགས་ཐོག་དགོངས་འཆར་དྲིས་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་གྱིས་འགན་བཞེས་མ་ཐག་བོད་ནང་ཕེབས་འདོད་ཡོད་ལུགས་གསུངས་བ་དེ་དངོས་སུ་ཕེབས་ཐུབ་མིན་ལ་མ་ལྟོས་པར། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ནང་གི་གནས་སྟངས་ལ་དོ་འཁུར་གྱི་གནས་ཚུལ་ཡག་པོ་ཞིག་རེད་བསམ་གྱི་འདུག སྤྱིར་བཏང་ཁོང་གལ་སྲིད་བོད་ནང་ཕེབས་ཐུབ་པ་བྱུང་ནའང་རྒྱ་ནག་གཞུང་གི་བཀག་འགོག་དང་གོ་སྒྲིག་འོག བོད་ནང་གི་དངོས་ཡོད་གནས་སྟངས་མཐོང་ཐུབ་རྒྱུ་ཁག་པོ་རེད། གལ་སྲིད་ཁོ་རང་དབང་ལྡན་པའི་ཐོག་ནས་ཕེབས་ཐུབ་པ་ཡིན་ན། དེས་བོད་ཀྱི་གནད་དོན་དང་ལྷག་པར་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཁ་གསལ་དུ་འགྲོ་བ་དང་། ཁྱབ་བསྒྲགས་ཤུགས་ཆེ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོང་གི་རེད། ད་རེས་ཁོང་བོད་ནང་དུ་འགྲོ་གཏན་འཁེལ་བ་ཡིན་ན། ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གཟིགས་སྐོར་སྐབས་ཁོང་གིས་ངེས་པར་དུ་ཐུགས་ཞིབ་གནང་དགོས་པའི་གནད་དོན་ཁག་ཅིག་འབུལ་འཆར་ཡོད། ཅེས་བརྗོད་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས། ད་རེས་ཁོང་ཕེབས་ཐུབ་པ་ཡིན་ན་རང་བཞིན་གྱིས་རྒྱ་ནག་ལ་གནོན་ཤུགས་འདྲ་བོ་ཞིག་སླེབ་ཀྱི་ཡོད་པ་རེད་བསམ་གྱི་འདུག ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ག་རེ་ཞུ་འདོད་བྱུང་ཟེར་ན། ཁོང་དང་ཁོང་གི་ཕྱག་རོགས་རྣམ་པས་རང་དབང་གི་ཐོག་ནས་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་རྒྱུ་གལ་ཆེན་པོ་རེད། ད་ལྟའི་བར་བོད་མི་སེར་སྐྱ་ ༡༣༠ ལྷག་གིས་རང་ལུས་མེར་བསྲེགས་གནང་ཡོད་སྟབས། ཁོང་ཚོས་རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་རྒྱུར་འབོད་སྐུལ་ཞུ་འདོད་བྱུང་། ཁོང་ཚོ་རང་དབང་གི་ཐོག་ནས་བོད་མི་སུ་དང་ཐུག་པ་ཡིན་ནའང་། བོད་མི་དེ་ཚོའི་བདེ་འཇགས་ལ་ངེས་པར་དུ་འགན་འཁུར་བའི་ཐོག་ནས་གྲོང་གསེབ་དང་འབྲོག་ས་སོགས་ཀྱི་གནས་སྟངས་ལའང་རྟོག་ཞིབ་ཅིག་གནང་རོགས་ཞུ་རྒྱུ་ཡིན། མ་འོངས་པར་རྟོག་ཞིབ་ཚོགས་པ་བོད་ནང་དུ་ཕེབས་པའི་ཟླ་ཚེས་བཅས་གཏན་འཁེལ་བ་ཡིན་ན། ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་འབུལ་འཆར་ཡོད། ཅེས་བརྗོད་བྱུང་།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་གི་མི་སྣ་བོད་ནང་གཟིགས་ཞིབ་ཏུ་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་པ་དེ་ཕྱོགས་གཅིག་ནས་ཡག་པོ་རེད་བསམ་གྱི་འདུག ཡིན་ནའང་། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ཐུག་སྟེ་བོད་ནང་གི་བོད་མིའི་གནས་སྟངས་སྐོར་ལ་བཀའ་མོལ་གནང་བ་ཙམ་གྱིས་མཇུག་འབྲས་དམིགས་བསལ་ཞིག་འཐོན་ཐུབ་རྒྱུ་རེད་དྲན་གྱི་མེད། གལ་སྲིད་རང་དབང་གི་ཐོག་ནས་གཟིགས་ཞིབ་གནང་རྒྱུ་བྱུང་བ་ཡིན་ན། བོད་ནང་གི་གནས་སྟངས་མང་པོ་ཞིག་རྒྱུས་ལོན་ཐུབ་པའི་རེ་བ་ཡོད་པ་རེད། ཡིན་ནའང་ཉེན་ཁ་ཆེ་ཤོས་དེ་གཟིགས་སྐོར་ས་གནས་རྒྱ་ནག་གཞུང་གི་བཀོལ་ཇུས་ལྟར་འགྲོ་དགོས་པ་ཆགས་ན། ས་ཆ་གང་བཟང་བཟང་དང་། གང་ཡག་ཡག་དག་ལ་འཁྲིད་འགྲོ་བ་མ་གཏོགས་དངོས་གནས་དཀའ་ངལ་ཡོད་པའི་ཞིང་འབྲོག་ཁུལ་གྱི་གནས་སྟངས་མཐོང་ཐུབ་རྒྱུ་ཁག་པོ་རེད། ཡིན་ནའང་གཟིགས་ཞིབ་ཚོགས་པ་ཕེབས་ཏེ་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བཀའ་མོལ་བྱུང་བ་ཡིན་ན། རང་བཞིན་གྱིས་རྒྱལ་སྤྱིའི་ཐོག་གི་བོད་དོན་གནས་སྟངས་ཐད་དགེ་མཚན་ཡོང་གི་རེད། ཅེས་བརྗོད་བྱུང་།

རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ང་ཚོས་འདི་ནས་སྐད་བརྒྱབ་བསྡད་པ་ལས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ཞིག་དངོས་སུ་ཕེབས་ཐུབ་པ་ཡིན་ན་ཕན་ཐོགས་ཆེ་བ་ཡོད་པ་རེད། གང་ཡིན་ཟེར་ན། རྟོག་ཞིབ་བྱེད་མཁན་དེ་བོད་པ་དང་རྒྱ་མི་མ་ཡིན་པར་ཕྱི་མི་ཞིག་ཡིན་སྟབས། དངོས་ཡོད་གནས་ཚུལ་ཡག་སྡུག་གང་ཡིན་ཡང་མངོན་གསལ་དོད་པོ་ཞིག་ཆགས་ཀྱི་རེད་དྲན་གྱི་འདུག རྟོག་ཞིབ་ཚོགས་པ་དེ་ཕེབས་སའི་ས་ཆ་ལའང་ཁྱད་པར་ཆེན་པོ་ཡོད་པ་རེད། དཔེར་ན་རྒྱུན་དུ་དཀའ་ངལ་འཕྲད་བཞིན་པའི་རྔ་པ་དང་དཀར་མཛེས་ཕྱོགས་ཀྱི་རྙོག་དྲ་མང་པོ་ཡོད་པའི་ས་ཆ་ཁག་ཏུ་བསྐྱོད་ཐུབ་ན་གནས་སྟངས་མང་པོ་ཞིག་ཧ་གོ་གི་རེད། ད་རེས་ཁོ་རང་ཚོས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་ལ་རྒྱུས་ལོན་ཞིག་ངེས་པར་དུ་བྱ་ཐུབ་དགོས་པ་རེད་བསམ་གྱི་འདུག ལྷ་སའི་ཉེ་འཁོར་གྱི་བཙོན་ཁང་ཁག་ཏུ་ཁྲིམས་ཐག་མ་བཅད་པའི་བཙོན་པ་མང་པོ་ཡོད་པ་རེད། དེ་བཞིན་ས་གནས་གཞན་དག་ཏུའང་ཆབ་སྲིད་བཙོན་པ་མང་པོ་ཡོད་པ་རེད། ཅེས་བརྗོད་བྱུང་།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ད་ལྟའི་ཆར་བོད་ནང་བཙོན་ཁང་ལྟ་བུ་ཞིག་ཏུ་བསྒྱུར་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་བོད་ནང་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་སོགས་གཏོང་གི་མེད་པའི་རྐྱེན་གྱིས་གནས་ཚུལ་མང་པོ་ཞིག་ཕྱི་ལོགས་སུ་བསླེབ་ཐུབ་ཀྱི་ཡོད་པ་མ་རེད། ད་ལན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྟོག་ཞིབ་ཚོགས་པ་ཞིག་བོད་ནང་དུ་ཕེབས་ཐུབ་པ་ཡིན་ན་གལ་གནད་ཆེན་པོ་ཆགས་ཡོད། བོད་ནང་གི་གནས་སྟངས་ཐད་ཏན་ཏན་དགེ་མཚན་ཞིག་བཟོ་ཡི་རེད་བསམ་གྱི་འདུག ཁོང་ཚོ་ཕེབས་པ་དེ་ཡང་རྒྱ་ནག་གཞུང་གིས་ག་པར་ཁྲིད་ཁྲིད་ཙམ་མ་ཡིན་པར་དངོས་ཡོད་ཀྱི་གནས་སྟངས་ཤིག་མཐོང་ཐུབ་པ་བྱ་རྒྱུ་དེ། ཁོང་ཚོ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཀྱི་མི་སྣ་གལ་གནད་ཆེ་ཤོས་ཤིག་ཡིན་པའི་ཆ་ནས་ལས་འགན་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་འཇིགས་བྲལ་ལགས་ཀྱིས། ད་ལོའི་ཕྱི་ཟླ་ ༩ ཚེས་ ༡ ཉིན་ང་ཚོ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་སྙན་ཞུ་ཞིག་ཕུལ་ཏེ། འདས་པའི་མི་ལོ་ ༦༠ རིང་རྒྱ་གཞུང་གིས་ལག་བསྟར་བྱས་པའི་བོད་ནང་གི་སྲིད་བྱུས་དང་། བོད་མི་ ༡༣༠ ལྷག་གིས་རང་ལུས་མེར་བསྲེགས་བྱས་པའི་ཞིབ་ཕྲའི་གནས་ཚུལ་ཕུལ་ཏེ། བོད་ནང་གི་དཀའ་ངལ་སེལ་ཆེད་རྒྱ་ནག་གཞུང་ལ་བསྒྲགས་གཏམ་ནན་པོ་ཞིག་སྤེལ་དགོས་པའི་འབོད་སྐུལ་ཞུས་ཡིན། དམིགས་བསལ་གྱིས་ག་རེ་ཞུས་ཡོད་ཟེར་ན། དེ་སྔོན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མཱ་རི་རོ་བྷིན་སོན་(Mary Robinson)མཆོག་གིས། རྒྱ་གཞུང་གི་དཔོན་རིགས་ཚོར་བོད་ནང་ཕེབས་པའི་མངོན་འདོད་ཤུགས་ཆེན་པོ་བཏོན་ཡོད་ཀྱང་སྐབས་དེར་ཕེབས་ཐུབ་མེད་སྟབས། ཁོ་མོའི་མངོན་འདོད་དེ་མཇུག་སྐྱོང་ཐུབ་པར་འབད་བརྩོན་གནང་དགོས་རོགས་ཞུས་ཡོད། ཕྱིས་སུ་ང་ཚོར་ཡིག་ལན་འབྱོར་ཏེ་འགན་དེར་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་བྱུང་། ད་ལན་ཛི་ཌི་ར་ལགས་ཀྱིས་འགན་བཞེས་མ་ཐག་ཏུ་བོད་དུ་ཕེབས་འདོད་ཡོད་སྐོར་གསུངས་པ་དེ་གནད་འགག་ཅིག་རེད་བསམ་གྱི་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། གཟིགས་སྐོར་དུ་ཕེབས་པ་ཙམ་ལ་རེ་བ་ཆེན་པོ་རྒྱག་རྒྱུ་ཡོད་པ་མ་རེད་བསམ་གྱི་འདུག ཡིན་ནའང་། ཕེབས་ཐུབ་པ་ཡིན་ན་ག་རེ་གལ་ཆེན་པོ་རེད་ཟེར་ན། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་ཆོག་གི་མེད་ཅེས་ལབ་ཀྱི་ཡོད་པ་རེད། ད་ལན་ཕྱི་ལོགས་ནས་རྒྱ་ནག་ནང་རྟོག་ཞིབ་བྱེད་དུ་ཕེབས་ཆོག་ལབ་དུས་རྣམ་པ་ཤུགས་ཆེན་པོ་ཞིག་སྟོན་ཐུབ་ཀྱི་ཡོད་པ་རེད་བསམ་གྱི་འདུག དཔེར་ན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཟེར་དུས་རྒྱལ་ཁབ་ཅིག་གི་ནང་ཁུལ་གྱི་གནད་དོན་ཙམ་མ་ཡིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་སེམས་འཚབ་བྱེད་དགོས་པ་དང་། གནད་དོན་དེ་ཚོ་བཟང་ཕྱོགས་སུ་འགྱུར་བ་གཏོང་བར་ཕྱག་ལས་མང་པོ་ཞིག་གནང་དགོས་པའི་རྣམ་པ་ཤུགས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ད་རེས་ཕེབས་ཐུབ་པ་ཡིན་ན། རྒྱ་ནག་གཞུང་གིས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནང་ཁུལ་གྱི་གནད་དོན་ཞིག་ཡིན་ལུགས་ཀྱི་གཡོ་སྒྱུའི་སྐད་ཆ་དེ་ཚོ་ཤུགས་ཆུང་དུ་འགྲོ་བར་ཕན་ཐོགས་ཏན་ཏན་ཡོང་ངེས་རེད་བསམ་གྱི་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border
Mobile App

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཨོ་གླིང་གནས་མཁར་གསར་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༧།༡༣ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

༧སྐུའི་ཡང་སྲིད་ཕེབས་ཕྱོགས་ཐོག་ཨོ་གླིང་གཞུང་གི་ལངས་ཕྱོགས་གསལ་བོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
འཛམ་གླིང་རྒྱལ་ཁབ་བདུན་གྱིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཕྱི་ནས་ཐེ་ཇུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ།
༸གོང་ས་མཆོག གསར་འགྱུར།

འཛམ་གླིང་རྒྱལ་ཁབ་བདུན་གྱིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཕྱི་ནས་ཐེ་ཇུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༤ སྔོན་ལ།
མི་དམངས་དྲ་བའི་པར།
Mobile App

ཞི་ཅིན་ཕིན་གྱིས་རྒྱལ་མཚན་ནོར་བུར་དམར་པོའི་ལམ་སྟོན་བྱས།

༢༠༢༥/༠༧/༡༤
External Affairs Minister S Jaishankar and Chinese Vice President Han Zheng
Mobile App

བོད་ཀྱི་གནད་དོན་དེ་རྒྱ་དཀར་ནག་གཉིས་བར་ཚེར་མ་ལྟ་བུ་ཞིག་ཡིན་སྐོར་བཤད།

༢༠༢༥/༠༧/༡༤
༸གོང་ས་མཆོག གསར་འགྱུར།

ཁྲི་མཐོན་པོར་བསྡད་དེ་བླ་མ་རྩ་ཆེན་པོ་ཞིག་ཡིན་མདོག་མདོག་བྱས་ན་ནོར་འཁྲུལ་རེད་ཅེས་གསུངས།

༢༠༢༥/༠༧/༡༤

མཆན། 1

  1. བསྟན་འཛིན། says:
    ལོ་ 11 སྔོན།

    བསྟན་འཛིན་ཕུན་ཚོགས་དང་ཚེ་རིང་མཚོ་མོ་རྣམ་གཉིས་ཀྱིས་རྒྱུ་མཚན་ལྡན་པ་གསུངས་འདུག གཞན་དག་ཚོ་དེ་ཙམ་རེད། སྤྱི་ལོ་ཉིས་སྟོང་བདུན་བརྒྱད་སྐབས་ཀྱི་སྟོང་གཏམ་དག་གི་རྣམ་པ་ཡོང་གྲབས་བྱེད་ཀྱིན་འདུག རྒྱུན་ལས་གསར་པ་རེད་རྐྱང་རྐྱང་རེད། འཆར་གཞི་གསར་པ་དང་བསམ་བློ་གསར་པ། སྐད་ཆ་བཤད་སྟངས་གསར་པ་བསམ་བློ་གཏོང་སྟངས་གསར་པ་དགོས་པ་རེད།
    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་བོད་ནང་ཕེབས་རྒྱུ་དེ་ཧ་ཅང་གཏམ་བཟང་ཞིག་རེད། ཡིན་ནའང་པེ་ཅིན་དང་ལྷ་སར་སྐོར་བ་ཞིག་བརྒྱབ་ནས་ཕྱིར་ལོག་ན་དོན་དག་གང་ཡང་ཡོད་མ་རེད། བོད་རང་སྐྱོང་ལྗོངས་འོག་གི་ནག་ཆུ་སོག་རྫོང་དང་། ཁམས་རྟའུ་དཀར་མཛེས། ཡུལ་ཤུལ། མི་ཉག ཨ་མདོ་རྔ་པ་དང་བླ་བྲང་། རེབ་གོང་སོགས་ལ་ངེས་པར་དུ་ཕེབས་དགོས་པརེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese