མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༥ ལོའི་ཚོང་ལས་གཉེར་ས་ཡག་ཤོས་ ༡༠།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་དངུལ་ཁང་གིས་ཉིས་སྟོང་བཅོ་ལྔ་ལོའི་ཚོང་ལས་གཉེར་ས་ཡག་ཤོས་ཀྱི་རྒྱལ་ཁབ་ཁག་གི་མིང་གཞུང་ཕྱིར་བསྒྲགས་བྱས་པའི་ནང་རྒྱ་ནག་ཨང་རིམ་ ༩༠ པ་དེ་ཆགས་འདུག

ཉེ་སྔོན་འཛམ་གླིང་དངུལ་ཁང་གིས་ཉིས་སྟོང་བཅོ་ལྔ་ལོའི་༼འཛམ་གླིང་ཚོང་ལས་ཁོར་ཡུག༽ ཅེས་པའི་དཔྱད་ཞིབ་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེའི་ནང་འཛམ་གླིང་གི་རྒྱལ་ཁབ་ ༡༨༩ ཡི་གྲོང་ཁྱེར་ཁག་གི་ནང་ཁེ་ལས་གསར་འཛུགས་དང་བཟོ་སྐྲུན་ཆོག་མཆན། ས་ཁང་དང་དངུལ་དངོས་ཀྱི་བདག་དབང་ཐོ་འགོད། ཚོང་ལས་ཀྱི་གན་རྒྱ་ལག་བསྟར་བྱེད་ཕྱོགས་སོགས་ཚོང་ལས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའི་སྒྲིག་ཁྲིམས་ ༡༠ ཡི་ཐོག་དཔྱད་ཞིབ་བྱས་ཏེ། ཉིས་སྟོང་བཅོ་ལྔ་ལོའི་འཛམ་གླིང་ཐོག་གི་ཚོང་ལས་གཉེར་ས་ཆེས་ཡག་ཤོས་ཀྱི་རྒྱལ་ཁབ་ ༡༠ ཡི་མིང་ཐོ་ཕྱིར་བསྒྲགས་བྱས་འདུག

སྙན་ཐོའི་ནང་ཉིས་སྟོང་བཅོ་ལྔ་ལོའི་ཚོང་ལས་གཉེར་ས་ཡག་ཤོས་ཀྱི་རྒྱལ་ཁབ་ ༡༠ ནི་སིང་གྷ་པོར་དང་ནེའུ་ཛི་ལན་ཌི། ཧོང་ཀོང་། འབར་མ། ལྷོ་ཀོ་རི་ཡ། ནོར་ཝེ། ཨ་རི། དབྱིན་ཇི། ཧྥེན་ལན་ཌི། ཨོ་སི་ཊོ་ལི་ཡ་བཅས་ཡིན་པ་དང་། རྒྱ་ནག་ཨང་རིམ་ ༩༠ པ་དེ་ཡིན་ལ། ན་ནིང་ལོའི་ཨང་རིམ་ ༩༣ པ་དང་བསྡུར་ན་ཅུང་ཡག་ཏུ་ཕྱིན་ཡོད་འདུག

འཆར་ལོའི་ཚོང་ལས་གཉེར་ས་ཡག་ཤོས་ཨང་དང་པོ་སིང་གྷ་པོར་ཡིན་པ་དང་། འདས་པའི་ལོ་ ༩ ནང་བསྟུན་མར་འཛམ་གླིང་ཐོག་ཚོང་ལས་གཉེར་ས་ཡག་ཤོས་ཨང་དང་པོ་ཆགས་ཡོད་པ་དང་། ད་སྐབས་ཧོང་ཀོང་ནང་རྒྱལ་སྤྱིའི་ཚོང་གཉེར་ཁང་ཁྲི་ ༢།༦ ཙམ་ཡོད་པ་མ་ཟད། འཛམ་གླིང་གི་ཚོང་གཉེར་ཁང་ཆེ་གྲས་མང་པོས་རྒྱལ་ཁབ་དེ་ཨེ་ཤ་ཡའི་ནང་གི་ཚོང་གཉེར་ལྟེ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག རྒྱལ་ཁབ་དེའི་ནང་ཁེ་ལས་འཛུགས་པར་ཁྱོན་ཉིན་ ༢ དང་ཕྱེད་ཀ་ལས་འགོར་གྱི་མེད་པ་དང་། ད་རེས་ཀྱི་རྒྱལ་ཁབ་ ༡༨༩ ཡི་དཔྱད་ཞིབ་མིང་ཐོའི་ཨང་རིམ་མཐའ་མ་དེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཨེ་རི་ཊི་(Eritrea)ནང་ཁེ་ལས་ཤིག་འཛུགས་པར་ཉིན་གྲངས་ ༨༤ དགོས་ཀྱི་ཡོད་འདུག

ཨང་རིམ་གཉིས་པ་ནེའུ་ཛི་ལན་ཌིའི་ནང་རྒྱལ་ཕྱི་ནང་གི་ཁེ་ལས་བ་ཚང་མར་འདྲ་མཉམ་གྱི་ངོས་འཛིན་ལྟར། ཁྲལ་དང་དངུལ་བུན་སོགས་ཀྱི་ཐོག་དབྱེ་འབྱེད་མེད་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད། སྲིད་གཞུང་གིས་རྒྱལ་ནང་གི་ཚོང་ལས་སྒྲིག་གཞི་ལེགས་བཅོས་དང་ཚོད་འཛིན་རང་བཞིན་ཉུང་དུ་བཏང་སྟེ། བརྟན་བརླིང་ངང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་བཞིན་ཡོད་པ་དང་། དེ་དང་ཆབས་ཅིག་རྒྱལ་སྤྱིའི་ཐོག་ཚོང་འབྲེལ་འཛུགས་པ་དང་མ་རྐང་གཏོང་འཇོག་ཐད་ཡར་སྐུལ་བྱས་ཏེ། རྒྱལ་ནང་གི་ཁེ་ལས་བ་ཚོའི་ནུས་པ་མཐོར་འདེགས་སུ་གཏོང་བཞིན་ཡོད་འདུག

ཨང་རིམ་གསུམ་པ་ཧོང་ཀོང་ནང་ཁེ་ལས་འཛུགས་པར་དབུལ་ཕྱུག་གི་ཁྱད་པར་མེད་པར་ཁྲིམས་མཐུན་གྱི་འགྲོ་ལུགས་ཡོངས་རྫོགས་བསྒྲུབ་པར་ཉིན་ ༦ ཙམ་ལས་འགོར་གྱི་མེད་ལ། ཁེ་ལས་འཛུགས་པར་མ་རྩའི་ཚད་གཞི་དམའ་ཞིང་དཔྱ་ཁྲལ་ཆུང་བ་མ་ཟད། རྒྱལ་ཕྱི་ནང་དུ་ཁེ་ལས་གསར་འཛུགས་དང་མ་རྐང་གཏོང་འཇོག་བྱེད་པར་རང་དབང་ཆེན་པོ་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 1

  1. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    སྤྱིར་རྒྱ་ནག་ཨང་རིམ་༩༠ ལས་བརླ་འདུག་པ་དེ་དངོས་ཡོད་མེད་མོད། གནས་ཚུལ་འདི་ལྟ་བུ་རྒྱང་གིས་བཙན་བྱོལ་བོ་མི་རྣམས་དང་མཛད་གཙོ་རྣམ་པས་རྒྱ་ནག་ལ་དོ་སྣང་ཆུང་ངུ་འགྲོ་བ་དང་སྣང་མེད་བྱེད་པའི་བསམ་བློར་སྔར་བས་ཤུགས་རྐྱེན་ངན་པ་འགྲོ་རྒྱུ་དང་། དེ་དང་བསྟུན་ནས་བོད་ནང་གི་བོད་མིའི་བསམ་བློར་ཡང་རྒྱ་ནག་ལ་སྣང་ཆུང་དང་ལྟ་སྟངས་ཞན་པའི་ཤུགས་རྐྱེན་ཏན་ཏན་སྤྲད་དང་སྤྲོད་བཞིན་སྤྲད་པར་འགྱུར་ངེས་སྙམ། བོད་ཕྱི་ནང་གཉིས་ནས་བོད་མི་ཚོས་རྒྱ་ནག་པ་ཆབ་སྲིད་ཀྱི་ལྟ་སྟངས་ཤིག་བཟུང་ནས་མི་དགའ་བ་དང་དོ་སྣང་མེད་པ། བསམ་གཟས་ནས་སྣང་མེད་ངང་བསྐྱུར་བ་དེས་གྱོང་ཁ་བོད་མི་རང་ལ་སྤྲད་པར་སྙམ།
    བོད་མི་ཚོས་ད་དུང་འདི་ལྟར་བསམ་བློའི་ནང་དུ་རྒྱ་ནག་ནི་ཅང་མི་འཇོན་པ་དང་མི་བཟང་བ། འཛམ་གླིང་གི་རྒྱལ་ཁབ་གྲལ་རིམ་ནང་ཨང་ལོན་གི་མེད་པའི་གནས་ཚུལ་དག་བཙལ་འཚོལ་གྱིས་བརྒྱུད་སྒྲོག་བྱས་བསྡད་པ་བོད་མིས་རྒྱ་ནག་ལ་ལྟ་སྟངས་ཡང་དེ་མཚུངས་ཞན་པ་ནས་ནུས་མེད་དང་། མདོར་ན་རྒྱ་ནག་གི་སྐོར་ནས་ཅི་ཡང་མི་འཇོན་པ་དང་ཅི་ཡང་མེད་པ། ལྟ་སྲོལ་མེད་པ་ལྟ་བུ་ཞིག་ལས། རྒྱ་ནག་གི་ཡར་རྒྱས་དང་བོད་མི་རང་ཉིད་ནི་རྒུད་པ་ནས་རྒུད་པར་གྱུར་དང་འགྱུར་བཞིན་པའི་གནས་སྟངས་ལ་ཡར་རྒྱས་སྐུལ་འདེད་མེད་ཁར། བླུན་པ་ནས་བླུན་པོར་འགྱུར་རྒྱུར་ཅང་མི་འགོར་བར་སྙམ། ངས་བསམ་ན། ང་ཚོས་རྒྱ་ནག་གི་ཕྱོགས་ནས་ངན་ཕྱོགས་ཁོ་ན་འཚོལ་སྒྲུབ་ཀྱིས་བརྒྱུད་སྒྲོག་བྱེད་པ་ལས་རྒྱ་ནག་གི་ཡར་རྒྱས་དང་འབད་བརྩོན་སོགས་ལ་ཁ་ལྟ་མིག་དཔེར་ལེན་ཨེ་ཐུབ་ཀྱི་སློབ་གསོ་སྤྲོད་པ་དང་དེའི་ཕྱོགས་ནས་རང་ཉིད་ཡར་རྒྱས་གཏོང་ཐབས་ཤིག་འཚོལ་ཐབས་བྱས་ན་ལེགས་སྙམ།
    བསམ་ཚུལ་ལ་འཁྲུལ་གཞི་མང་པ་ཡོད་ན་བཟོད་པར་གསོལ་ལོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese