མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒན་རྒོན་གཉིས་ཀྱི་རེ་བ།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལར་གནས་སྡོད་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་ཀྱི་ཕ་མ་གཉིས་དང་གླེང་མོལ་བྱས།

ད་ལོའི་ཕྱི་ཟླ་ ༦ ཚེས་ ༥ ཉིན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་རྒྱའི་བཙོན་འོག་ནས་ལོ་དྲུག་གི་དུས་ཡུན་རྫོགས་ཏེ་ཕྱིར་རང་ཁྱིམ་དུ་ལོག་ཡོད་པ་དང་། ཟླ་སྔོན་མའི་ཚེས་ ༢༢ ཉིན་ཨ་རིའི་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐེབས་རྩ་ཁང་གིས་ ༢༠༡༤ ལོའི་རྣམ་དཔྱོད་ལྡན་པའི་གཟེངས་རྟགས་སྤྲོད་ཡུལ་གྲས་སུ་དོན་འགྲུབ་དབང་ཆེན་ལགས་བདམས་པ་དང་བསྟུན་ཏེ། དེ་རིང་འདི་གའི་གསར་འགོད་པ་ཆེད་དུ་དྷ་རམ་ས་ལར་གནས་བཞུགས་དོན་གྲུབ་དབང་ཆེན་གྱི་ཕ་མ་གཉིས་ཀྱི་སར་བཅར་ཏེ། ཁོང་གཉིས་དང་དོན་འགྲུབ་དབང་ཆེན་གྱི་གནས་སྟངས་གང་འདྲ་ཡིན་རྒྱུས་ལོན་བྱས་ཡོད།

དྷ་སྟེང་བོད་ཁྱིམ་ཉེ་འཁྲིས་སུ་རྒྱ་གར་ཁང་པ་གླས་ཏེ་སྡོད་མཁན་དོན་འགྲུབ་དབང་ཆེན་གྱི་ཨ་ཕ་རྡོ་རྗེ་ཚེ་རིང་ལགས་ད་ལྟ་རང་ལོ་ ༧༥ དང་། ཨ་མ་རྡོ་རྗེ་མཚོ་ལགས་ད་ལྟ་རང་ལོ་ ༧༤ ཡིན་ཞིང་། དོན་འགྲུབ་དབང་ཆེན་གྱི་བཟའ་ཟླ་ལྷ་མོ་མཚོ་དང་བྱིས་པ་བཞི་ད་ལྟ་ཨ་རིར་བསྡད་ཡོད་འདུག ཨ་ཕ་རྡོ་རྗེ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། དོན་འགྲུབ་དབང་ཆེན་གྱི་ཕ་མ་གཉིས་དང་བཟའ་ཟླ་བུ་ཕྲུག་སོགས་ཕྱི་ལོགས་སུ་ཡོད་སྟབས། ད་ལྟ་ཁོང་ཚང་གི་ཕ་ཡུལ་མཚོ་སྔོན་བ་ཡན་ཁོ་ཚེ་སྡེ་བའི་རང་ཁྱིམ་དུ་སུ་གང་ཡང་མེད་པར། སྡོད་ཁང་གཞིས་ཀ་སོགས་ཀྱང་ཧ་ལམ་མེད་པ་ཆགས་ཡོད་སྟབས། དོན་འགྲུབ་དབང་ཆེན་ད་ལྟ་ཁོ་རང་གི་གཅེན་པོ་དང་གཅེན་མོ་གཉིས་ཀྱི་བདག་སྐྱོང་འོག ཁྱིམ་ཚང་དེ་གཉིས་ནང་ཕར་འགྲོ་ཚུར་འགྲོ་བྱས་ཏེ་བསྡད་ཡོད་སྐོར་བརྗོད་བྱུང་།

དོན་འགྲུབ་དབང་ཆེན་བཙོན་གྲོལ་ཐོབ་པར་ཕ་མ་གཉིས་ལ་སེམས་ཚོར་གང་འདྲ་བྱུང་སོང་ཞེས་དྲིས་པར། ཨ་ཕ་རྡོ་རྗེས་ཚེ་རིང་ལགས་ཀྱིས། སྔོན་མ་ཡིན་ན་རྒྱ་ཡི་ཁྲིམས་བཙན་པོ་ཡིན་སྟབས། ཀློད་གྲོལ་གཏོང་གི་མ་རེད་བསམ་སོང་། སེམས་ཁྲལ་ཞེ་དྲགས་བྱུང་སོང་། རྗེས་མ་ཡིན་ན་འཛམ་གླིང་གི་ཕྱོགས་གང་སར་ཁོ་རང་བདག་པོ་བརྒྱབ་སྟེ་ཁོ་རང་ཀློད་གྲོལ་བཏང་རྗེས་ངེད་གཉིས་ཧ་ཅང་དགའ་སོང་། ག་རེ་རེད་ཟེར་ན། ཁོ་རང་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་དང་ལས་རྒྱུ་འབྲས་ཀྱི་ལས་ཀ་བྱས་པ་རེད། མཚམས་རེར་བསམ་བློ་བཏང་ན་ང་རང་ལ་སྤོབས་པ་སྐྱེ་ཡི་འདུག ཅེས་བརྗོད་བྱུང་།

ཁོང་ལ་དོན་འགྲུབ་དབང་ཆེན་བཙོན་གྲོལ་ཐོབ་རྗེས་འབྲེལ་བ་བྱུང་ཡོད་མེད་དང་། ཁོང་གི་གཟུགས་པོའི་གནས་སྟངས་ག་འདྲ་ཡིན་དྲིས་པར། ཕ་ཡུལ་ལ་ཁ་པར་བཏང་སྟེ་བུ་དང་འབྲེལ་བ་ཐེངས་གསུམ་བཞི་ཞིག་ལ་བྱུང་སོང་། ཁོ་རང་ལ་ན་ཚ་འདྲ་ཡོད་མེད་དྲིས་པ་ལས་སྐད་ཆ་གཞན་བཤད་ཐུབ་མ་སོང་། གང་ཡིན་ཟེར་ན་ཁོ་རང་རྒྱ་ནག་གཞུང་གི་འོག་ན་བསྡད་ཡོད་སྟབས་རང་དབང་གང་ཡང་ཡོད་པ་མ་རེད། ཁོ་རང་གིས་ཕ་མ་གཉིས་ཀྱིས་སེམས་སྡུག་བྱེད་རྒྱུ་རེད་བསམ་པ་ཡིན་རྒྱུ་རེད། ཁ་པར་ནང་ནས་གཟུགས་པོ་བདེ་བོ་ཡིན་ལབ་སོང་། ཡིན་ནའང་ཕ་ཡུལ་གྱི་མི་གཞན་པས་བཤད་པ་ལྟར་ན། དོན་འགྲུབ་དབང་ཆེན་ནད་པ་ཆགས་འདུག་ཟེར་གྱིན་འདུག དེ་ཡིན་དང་ཡིན། སྔོན་མ་རྒྱའི་བཙོན་ཁང་དུ་གཅར་རྡུང་མནར་གཅོད་ག་ཚོད་མྱངས་ཡོད་མེད་ང་ཚོ་ཚང་མས་ཤེས་ཀྱི་ཡོད་པ་རེད། ང་ཚོས་རེ་བ་ཆེ་ཤོས་དེ་ཁོ་རང་ཕྱི་རྒྱལ་རང་དབང་ལུང་པ་ཞིག་ལ་བླངས་ཏེ། ཁོ་རང་གི་ན་ཚ་ལ་སྨན་བཅོས་དང་བཟའ་ཚང་ལྷན་འཛོམས་ཤིག་ཡོང་རྒྱུ་དེ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པས་གལ་སྲིད་རྒྱ་ནག་གིས་དོན་འགྲུབ་དབང་ཆེན་ཕྱི་ལོགས་སུ་མ་བཏང་ན། ཕ་མ་གཉིས་བོད་དུ་ཁོང་ལ་ལྟ་རུ་འགྲོ་འདོད་ཡོད་མེད་དྲིས་པར་ཁོང་གིས། དོན་འགྲུབ་དབང་ཆེན་ཕྱི་ལོགས་ལ་སྨན་བཅོས་བྱེད་པར་གཏོང་གི་རེད་བསམ་གྱི་ཡོད། ང་ཚོས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན་ཁོ་རང་གིས་རྒྱ་ནག་གི་ཁྲིམས་བརྩིས་ཏེ་ལོ་ ༦ ཙམ་རིང་བཙོན་ནས་བསྡད་པ་རེད། གལ་སྲིད་ཁོ་རང་ཕྱི་ལོགས་ལ་མ་བཏང་བ་ཡིན་ན། ངེད་རྒན་རྒོན་གཉིས་བོད་ནང་ཁོ་ལ་ལྟ་རུ་མི་འགྲོ་རྒྱུ་ཡིན། ཡིན་ནའང་གནས་ཚུལ་མང་པོ་ཞིག་ལ་བལྟས་ཡོང་ན། ངེད་གཉིས་ཕར་འགྲོ་མ་དགོས་པར་ཁོ་ཕྱི་ལོགས་ཤིག་ལ་བཏང་ཨེ་ཡོང་བསམ་ནས་རེ་བ་རྒྱག་གི་ཡོད། ཅེས་བརྗོད་བྱུང་།

ཟླ་སྔོན་མའི་ནང་དོན་འགྲུབ་དབང་ཆེན་ལ་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་གཟེངས་རྟགས་ཤིག་སྤྲད་པ་དེ་གོ་ཡོད་མེད་དྲིས་པར། ཕ་རྡོ་རྗེ་ཚེ་རིང་ལགས་ཀྱིས། གོ་སོང་། ལམ་སང་གོ་སོང་། ཕྱི་རྒྱལ་བ་ཚོ་རྒྱ་མི་འདྲ་བོ་མིན་པར་དྲང་བདེན་ལ་རྒྱབ་སྐྱོར་དང་ལས་རྒྱུ་འབྲས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དོན་འགྲུབ་དབང་ཆེན་གྱིས་སྙིང་སྟོབས་ཆེན་པོའི་ཐོག་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ར་སྤྲོད་བྱས་པ་དེ་དྲང་བདེན་ཡིན་པར་ཁས་ལེན་བྱས་པ་ཞིག་རེད། ཁོ་རང་ལ་གཟེངས་རྟགས་སྤྲད་པ་དེར་ངེད་གཉིས་ཧ་ཅང་དགའ་བོ་བྱུང་སོང་། ཚོགས་པ་དེ་ཐུགས་རྗེ་ཆེ། ཞེས་བརྗོད་བྱུང་།

མཇུག་ཏུ་གསར་འགོད་པས་ཁོང་རྒན་རྒོན་གཉིས་ཀྱི་འཚོ་བའི་ཐད་དཀའ་ངལ་ཡོད་མེད་དྲིས་པར། ཨ་ཕ་རྡོ་རྗེ་ཚེ་རིང་ལགས་ཀྱིས། གཞུང་གིས་ང་རང་ཆབ་སྲིད་བཙོན་པའི་ནང་བཞག་ནས་ཟླ་རེར་ཧིན་སྒོར་ ༦༠༠༠ གནང་གི་འདུག སྔོན་མ་ཡིན་ན་བག་ལེབ་བཙོང་སྟེ་སོ་སོས་ཀྱང་དངུལ་ཕྲན་བུ་རེ་བཙལ་ཐུབ་ཀྱང་། རྗེས་སུ་རྒྱ་གར་ཁང་བདག་གིས་རྙོག་གྲ་ཡང་ཡང་བཤད་ནས་སྡོད་བཅུག་མ་སོང་། ང་ཚོ་ཁང་པ་འདིར་སྤོས་རྗེས་ཡར་མར་ལམ་ཐག་རིང་པོ་ཡིན་སྟབས་བག་ལེབ་འཚོང་ཐུབ་ཀྱི་མི་འདུག ད་ལྟ་ཁང་གླ་ཟླ་རེར་ཧིན་སྒོར་ ༢༥༠༠ རེ་སྤྲད་ནས་བསྡད་ཡོད་ཀྱང་། གཞུང་གི་ཐུགས་རྗེ་བཀའ་དྲིན་འོག་དཀའ་ངལ་ཆེན་པོ་མི་འདུག ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་ལ་རེ་བ་འདྲ་ཞུ་རྒྱུ་ཡོད་མེད་དྲིས་པར། དོན་འགྲུབ་དབང་ཆེན་ཕྱི་ལོགས་ཤིག་ལ་གཏོང་རྒྱུ་དེ་བཟའ་མི་ཡོངས་རྫོགས་ཀྱི་རེ་བ་ཆེ་ཤོས་དེ་ཡིན། འདི་འགྲོ་བ་མིའི་ཐོབ་ཐང་ཞིག་ཀྱང་ཡིན་པ་མ་ཟད། རྒྱ་ནག་གཞུང་ཁོ་རང་ཚོའི་ཁྲིམས་ཀྱི་ནང་དུའང་བཟའ་ཚང་ཁ་བྲལ་མི་གཏོང་རྒྱུ་དེ་འཁོད་ཡོད་པ་རེད། འཛམ་གླིང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཁོ་ལ་རོགས་རམ་རྒྱབ་སྐྱོར་ཞིག་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། དེ་ནས་ལྷ་མོ་མཚོ་དང་བྱིས་པ་ཚོ་ད་ལྟ་ཨ་རིར་བསྡད་ཡོད་པ་རེད། མ་འོངས་པར་ཁོ་རང་ཚོ་བཟའ་ཚང་ཁ་ཁ་མི་ཆགས་རྒྱུ་དེ་ངེད་རྒན་རྒོན་གཉིས་ཀྱི་རེ་བ་ཆེ་ཤོས་ཡིན། གཞན་པ་བཤད་རྒྱུ་མེད། ཅེས་བརྗོད་བྱུང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༤ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༥ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༧ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༩ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་ ཀློད་གྲོལ་གཏོང་གི་མ་རེད་བསམ་སོང་། སེམས་འཁྲུལ་༼ཕྲལ༽ཞེ་དྲག་བྱུང་སོང་། རྗེས་མ་ཡིན་ན་འཛམ་གླིང་གི་ཕྱོགས་གང་སར་ཁོ་རང་བདག་པོ་བརྒྱབ་སྟེ་ཁོ་རང་ཀློད་གྲོལ་བཏང་རྗེས་ངེད་གཉིས་ཧ་ཅང་དགའ་སོང་། ག་རེ་རེད་ཟེར་ན། ཁོ་རང་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་དང་ལས་རྒྱུ་འབྲས་ཀྱི་ལས་ཀ་བྱས་པ་རེད། མཚམས་རེར་བསམ་བློ་བཏང་ན་ང་རང་ལ་སྤོབས་པ་སྐྱེ་ཡི་འདུག ཅེས་བརྗོད་བྱུང་།

    ཁོང་ལ་དོན་འགྲུབ་དབང་ཆེན་བཙོན་གྲོལ་ཐོབ་རྗེས་འབྲེལ་བ་བྱུང་ཡོད་མེད་དང་། ཁོང་གི་གཟིགས་༼གཟུགས་༽པོའི་གནས་སྟངས་ག་འདྲ་འདྲ་ཡིན་པ་དྲིས་པར། ་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese