མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་དང་རང་བཙན་གྱི་ངོས་འཛིན་སྟངས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དབུ་མའི་ལམ་དང་རང་བཙན་བར་གྱི་ངོས་འཛིན་ལ་ཚིག་སྐམ་སྟོང་བཤད་ལ་འགན་འཁུར་ནས་འབྲེལ་བཤད་རིང་ཙམ་འཐུང་ཙམ་རེ་རྒྱག་མཁན་གྱི་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་སོགས་མཁས་པ་མང་པོ་སྐྱེ་སྲིང་བྱེད་བཞིན་པ་ནི། བོད་མི་རིགས་ལ་བསམ་ན་དགའ་བསུ་ཞུ་འོས་པ་ལས་ནམ་ཡང་ངོ་རྒོལ་བྱ་མི་ཉན་པ་ནི་བོད་ཀྱི་རྩ་དོན་ལ་དེ་སྔ་དང་མི་འདྲ་བར་མི་མང་ནས་དོ་སྣང་དང་འགན་འཁུར་ཆེ་རུ་ལེན་བཞིན་པ་ནི་སྤགས་ལ་དགོས་པ་སྤགས་ཁུ་དང་སྤགས་ཁུ་ལ་དགོས་རྒྱུ་དར་ར་ཟེར་བའི་དཔེ་ལྟར། སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་བསྒྲུབ་ཐབས་སུ་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མང་པོ་བརྒྱུད་དགོས་པ་ནི། མང་གཙོ་དང་རང་དབང་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་ནས་ངོ་འཕྲོད་ཐུབ་པ་དང་། ལྟ་གྲུབ་གཅིག་ལ་རེ་བ་བཅོལ་ནས་འགན་འཁུར་ནས་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་འགྲུབ་རྒྱུ་ནི་ཉིན་མོའི་སྐར་མ་ཙམ་ལས་མ་འདས།

ང་ཚོའི་རྩ་དོན་དེ་ང་ཚོའི་བསྒྲུབ་དགོས་པ་ལས་གཞན་ལ་རེ་བ་བཅོལ་ནས་ནམ་ཡང་འགྲུབ་མི་ཐུབ་ལ་དགྲ་ལ་ཞུ་བ་ཕུལ་ནས་དེ་བས་ཀྱང་འཐོབ་མི་སྲིད། ང་ཚོའི་རྩ་དོན་འགྲུབ་ཐུབ་ལ་ང་ཚོར་འགྱུར་ལྡོག་མེད་པའི་ཆོད་སེམས་དང་ལྷག་བསམ་གྱི་འགན་འཁུར་དམ་གཙང་གི་གཅིག་སྒྲིལ་བརྒྱུད་ནས་མགོ་མཇུག་ཡོད་པའི་སྒྲིག་འཛུགས་ཀྱི་ཐོག་ནས་ཁྲིམས་དང་སྒྲིག་གཞི་ལ་འགན་འཁུར་ནས་འགྲོ་དགོས་པ་ལས་ཕྱོགས་གཏོགས་དང་མགོ་འདྲེན་ལ་སྐྱབས་བཅོལ་ནས་མིང་དང་སྒོ་ས་གཞན་ཟེར་རྗེས་འབྲང་བྱས་ཏེ། འབྲེལ་བཤད་རིང་ཙམ་འཐུང་ཙམ་རྒྱག་ཐུབ་པ་ཙམ་གྱི་ང་ཚོའི་རྩ་དོན་ནམ་ཡང་འགྲུབ་མི་ཐུབ།

སངས་རྒྱས་ཀྱི་ཆོས་གསུངས་སྐབས་མདོ་བསྔགས་གཉིས་བཟུང་དུ་སྦྲེལ་ནས་གསུངས་ཡོད་ལ་ཕོ་མོ་གཉིས་འདུས་པ་ནས་བུ་ཕྲུག་བསྐྱེད་སྲིང་བྱེད་བཞིན་པ་དང་དྲོད་ཤེར་གཉིས་འཛོམས་ནས་ས་ལ་འབྲས་བུ་སྨིན་པ་དང་ལག་གཉིས་ཀྱི་ཕྱག་རྒྱ་བཅོས་དགོས་པ་ལྟར། མང་གཙོའི་སྲིད་གཞུང་ཞིག་ལ་ཆ་མཚོན་ནའང་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་གཉིས་ནས་གཞུང་འཛིན་དགོས་པ་དང་མི་འགྲོ་སའི་ལམ་ལ་ཆ་མཚོན་ན་ཡང་གཞུང་ལམ་དང་མགྱོགས་ལམ་བསྐོར་ལམ་སོགས་ཡོད་ལ་འཕྲུལ་ཆས་ལ་ཆ་མཚོན་ན་ཡང་གནམ་གྲུ་དང་སྣུམ་འཁོར་མེ་འཁོར་སོགས་ཡོད་པ་ལྟར་ཆོས་སྲིད་ཀྱི་བྱ་བ་ག་འདྲ་ཞིག་བསྒྲུབ་དགོས་ནའང་འདམ་ང་མེ་པར་ལྟ་གྲུབ་གཅིག་དང་ལམ་གཅིག་གི་བརྒྱུད་ནས་ནམ་ཡང་འགྲུབ་མི་ཐུབ་པ་དེ་ངེས་པར་དུ་མཁྱེན་པ་གནང་སྟེ། ང་ཚོ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རྩ་དོན་བསྒྲུབ་པ་ལ་དབུ་མའི་ལམ་དང་རང་བཙན་གཉིས་མགོ་དང་མཇིངས་པ་ལྟ་བུ་ནམ་ཡང་ཁ་བྲལ་ཐབས་མེད་པའི་བོད་ཀྱི་རྩ་དོན་འགྲུབ་པ་ལ་མེད་དུ་མི་རུང་བའི་ཆབ་སྲིད་ཀྱི་ཐབས་ལམ་ངོ་མ་དེ་གཉིས་ཡིན།

རྒྱལ་ཁབ་ཅིག་གསོན་པོར་གནས་དགོས་ན་རང་བཙན་ལས་གཞན་དུ་ཁ་ཕྱོགས་ས་མེད་པ་དང་། བོད་མི་རིགས་ལ་འཕྲད་པའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་བཟང་བཤོས་དེ་དབུ་མའི་ལམ་ཡིན་པ་༸གོང་ས་མཆོག་ནས་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་དགུ་པར་ཕེབས་པའི་གསུང་འཕྲིན་རིན་པོ་ཆེའི་ནང་འདི་ལྟར་(སི་ཏྲས་ལི་སྦག་གི་གྲོས་འཆར་ལ་རྒྱ་གཞུང་གིས་བསམ་ཞིབ་བསྡུར་བྱེད་ཐབས་མེད་པའི་ཚིག་ཐག་གཙང་གཅོད་བྱུང་བར་བརྟེན་རང་བཞིན་ནུས་མེད་དུ་གྱུར།

ཕྱི་ལོ་ ༢༠༠༢ ནས་འབྲེལ་མོལ་བསྐྱར་མཐུད་བྱས་པ་ནས་བཟུང་བོད་མི་རིགས་ཡོངས་ཀྱི་འབྱུང་འགྱུར་གྱི་གནས་བབ་ཁོ་ན་བརྗོད་གཞིར་བཟུང་སྟེ། གླེང་མོལ་བྱས་འབྲས་སུ་རྒྱ་གཞུང་གི་ལངས་ཕྱོགས་ལ་བསམ་ཞིབ་ཀྱིས་རང་ཕྱོགས་ནས་མཁྲེགས་བཟུང་མ་བྱས་པར་དངོས་དོན་དང་བསྟུན་ཏེ། གུ་བཤངས་གང་ཐུབ་བྱས་ཚུལ་ལོ་དུས་སོ་སོའི་གསུམ་དུས་གསུང་འཕྲིན་སོགས་སུ་གསལ་བཤད་བྱས་ཡོད་པ་བཞིན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོང་ཅིང་། དེ་ལ་རྒྱ་ཕྱོགས་ནས་འཁྱོག་བཤད་བྱས་པ་རྣམས་གསེད་བཀྲོལ་སླད་འདི་ལོ་འབྲེལ་མོལ་དགུ་པའི་སྐབས་འགྲེལ་བཤད་ཅིག་སྤྲད་པ་བཅས་ཡིག་ཆ་དེ་དག་ད་ཆ་མང་ཚོགས་ཀྱི་མིག་ལམ་དུ་གྱུར་ཟིན) ཅེས་གསལ་ཡོད།

མི་མང་གི་མགོ་འཁྲིད་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་ཟུར་གནས་མཁས་དབང་སོགས་ནས་དབུ་མའི་ལམ་དང་རང་བཙན་བར་འབྲེལ་བཤད་རིང་ཙམ་འཐུང་ཙམ་རྒྱབ་ནས་ཞི་བའི་མི་མང་མགོ་བརྙོག་ནང་དུས་ཚོད་བཏང་ནས་སྡོད་མ་དགོས་པའི་འབོད་བསྐུལ་འདི་བཞིན་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་དུ་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་དབུ་མའི་ལམ་དང་རང་བཙན་བར་གྱི་ངོས་འཛིན་གསལ་པོ་ཐུབ་སྟེ་བོད་ཀྱི་རྩ་དོན་ངོ་མ་ངོ་འཕྲོད་ཐུབ་པའི་བསྔོ་བ་མང་ཙམ་བགྱིས་ཆོག

ཀོ་ལི་གྷལ། གཞུང་པ་ཚེ་དབང་བསོད་ནམས། ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༥ ལ།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༣ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 2

  1. གནས་ཚང་། says:
    ལོ་ 12 སྔོན།

    ཕྱི་ལོ༢༠༠༨ལོའི་ཡར་སྔོན་གྱི་དབུ་མའི་ལམ་ལ་མང་ཆེ་བར་བསམ་ཚུལ་ཡོད་པ་མ་རེད། དེའི་རྗེས་ནས་དབུ་མའི་ལམ་རྒྱ་ནག་གི་རྩ་ཁྲིམས་འོག་ལ་འགྲོ་གཏན་འཁེལ་བ་རེད་ལ། དགག་པ་རྒྱག་མཁན་རིམ་པས་བྱུང་ཡོད་པར་མ་ཟད། རྒྱ་གཞུང་མཁྲེགས་པོ་ནས་མཁྲེགས་པོ་ཆགས་ནས་མེར་བསྲེག་ངོ་རྒོལ་ལའང་ཡ་ལན་གནང་ཡོག་མ་རེད་ལ། བོད་ནང་རྒྱ་མིའི་རྩ་ཁྲིམས་འོག་འདུག་འདུན་མེད་པའང་གསལ་བོ་མཚོན་ཡོད།

    Reply
  2. བདེན་སྐྱོང་། says:
    ལོ་ 12 སྔོན།

    རྒྱ་གར་ལྷོ་ཕྱོགས་དང་ལྷག་པར་ཀོ་ལི་གྷལ་ལ་ཆབ་སྲིད་ཀྱི་གོ་རྟོགས་ལྡན་པའི་མི་ཞིག་ཡོད་ས་མ་རེད་བསམ་ཀྱང་དེ་རིང་ཀོ་ལི་གྷལ་རང་ནས་ཆབ་སྲིད་ཀྱི་གོ་རྟོག་ལྡན་ལ་རང་རིགས་ནང་ཁུལ་གྱི་མཐུན་ལམ་དང་ཆིག་སྒྲིལ་ལ་ལྷག་བསམ་ཡོད་པའི་མི་གཅིག་ཡོད་པ་ཤེས་དུས་དགའ་པོ་ཞེ་དྲག་བྱུང། ཁྱེད་ཀྱིས་དངོས་གནས་དྲང་ཚུགས་ལྡན་པའི་བཀའ་མོལ་གསུངས་འདུག་པར་གུས་འདུད་ཞུ། ཀོ་ལི་གྷལ་དང་ལྷོ་ཕྱོགས་ཀྱི་བོད་མི་དེ་ཚོས་ཁོང་ལ་སློབ་སྦྱོང་གནང་དགོས་རྒྱུ་གལ་ཆེན་རེད་འདུག གཞན་མ་གཏོགས་ང་ཚོའི་ཆིག་སྒྲིལ་དང་ང་ཚོའི་འཐབ་རྩོད་དེ་མི་དགོས་ས་ཤིག་ལ་བསླེབས་རྒྱུའི་ཉེན་ཁ་འདུག་པས་སྐབས་དེ་དུས་ཕྱིས་དྲག་ཀྱང་འགྱོད་པ་སྐྱེ་རྒྱུ་ལས་གཞན་མེད། ལྷོ་ཕྱོགས་ཀྱི་མི་དེ་ཚོས་ད་ལྟ་བསམ་བློ་བཏང་ཀྱང་ཕྱི་དྲག་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese