མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདོད་ཆུང་ཆོག་ཤེས་ལྷག་བསམ་རྣམ་དག་ངང་གཉན་འཕྲང་དུས་སུ་བྱས་རྗེས་ཆེན་པོ་བཞག

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཝཱར་ཎ་མཐོ་སློབ་ཏུ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་བའི་ཐོག་༧གོང་ས་མཆོག་གིས་གསུང་འཕྲིན་ཕེབས་པའི་ནང་། རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་ཆབ་སྲིད་སྤྱི་ཚོགས་གང་ཐད་དུ་སྐུ་ངལ་མང་པོ་བསྐྱོད་ཡོད་པ་དང་། མི་ལོ་ལྔ་བཅུ་བརྒལ་བའི་རིང་འདོད་ཆུང་ཆོག་ཤེས་ལྷག་བསམ་རྣམ་དག་ངང་གཉན་འཕྲང་གི་དུས་སྐབས་འདིར་བྱས་རྗེས་ཆེན་པོ་བྱུང་ཡོད་ཅེས་སོགས་འཁོད་འདུག

འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཁ་སང་ཚེས་ ༥ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ། སློབ་གཉེར་ཁང་གི་སློབ་ཟུར་བ་ཡོངས་ཀྱི་གོ་སྒྲིག་འོག སློབ་གྲྭ་དེ་ཉིད་ཀྱི་སློབ་སྤྱི་ཟུར་བ་བཀའ་བློན་ཁྲི་ཟུར་བ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་འཁྲུངས་སྐར་སྲུང་གཙི་གནང་ཡོད་ཅིང་། ཞོགས་པར་སློབ་གྲྭའི་དུས་འཁོར་ཐང་ཆེན་དུ་བསང་གསོལ་བཏང་རྗེས། ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་སློབ་ཟུར་རྣམས་དང་། དགེ་ལས་སློབ་ཕྲུག་སེར་སྐྱ་མི་མང་ ༡༠༠༠ ལྷག་ལ་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་གནང་ཡོད་འདུག

ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་སློབ་གྲྭའི་ཨ་ཏི་ཤཱ་ཚོམས་ཆེན་དུ་མཛད་སྒོ་དངོས་གཞི་ཚོགས་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་འོག ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་། རིན་པོ་ཆེ་མཆོག་དང་ཡུན་རིང་ཐུགས་འདྲིས་ཆེ་བའི་གྲོགས་པོ་རྒྱ་གར་གྱི་གྲགས་ཅན་མཁས་དབང་ཀིར་ཞི་ན་མི་ཏི(Kirashnanath)གཙོས་རྒྱ་གར་གྱི་མཁས་དབང་གཞན་ལྔ། བཀའ་ཟུར་དང་བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་དང་ཚོགས་ཟུར་པདྨ་འབྱུང་གནས་རྣམ་གཉིས་གཙོ་བྱས་ཏེ། སློབ་ཟུར་རྣམས་དང་དགེ་ལས་སློབ་ཕྲུག་ཡོངས། ཟབ་སྦྱོང་དུ་ཕེབས་ཡོད་པའི་བྷན་ཐར་དགེ་འོས་སློབ་གྲྭའི་དགེ་ལས་སློབ་མ། དྷ་ས་ནས་འཁྲུངས་སྐར་ལ་ཆེད་བཅར་ཞུས་པའི་རྒྱུད་སྟོད་གྲྭ་ཚང་གི་སྐུ་ཚབ་དང་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་དང་མི་མང་བཅས་ཁྱོན་མི་ ༢༠༠༠ ལྷག་འཛོམས་ཡོད་འདུག

མཛད་སྒོའི་ཐོག་མར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་སེལ་མར་མེ་ཞལ་འབྱེད་གྲུབ་མཚམས། བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་༸གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་འཁོད་དོན། འབྲས་བློ་གླིང་མཁས་དབང་ཟམ་གདོང་རིན་པོ་ཆེ་དགུང་གྲངས་དོན་ལྔར་སོན་པའི་སྐྱེས་སྐར་ལ་ཝཱ་ར་ཎ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཐོན་པ་ཡོངས་ནས་དཀའ་དྲིན་རྗེས་དྲན་ཆེད་མངོན་བསྟོད་ཀྱི་དུས་དྲན་སྲུང་བརྩི་དང་འབྲེལ། གཙུག་ལག་སློབ་གཉེར་ཁང་གི་བྱུང་རིམ་ལོ་རྒྱུས་འཁོད་པའི་དྲན་རྟེན་གླེགས་བམ་ཞིག་འདོན་སྤེལ་བགྱིས་པར་ཡི་རང་བསྔགས་བརྗོད་དང་བཀྲ་ཤིས་བདེ་ལེགས་ཡོད།

རང་རེ་བཙན་བྱོལ་དུ་འབྱོར་རྗེས་ན་གཞོན་རྣམས་ལ་ཤེས་ཡོན་སློབ་སྦྱོང་དགོས་གལ་ཛ་དྲག་ཏུ་མཐོང་སྟེ། འདི་ནས་བཀོད་མངགས་བགྱིས་པ་ལྟར། རིན་པོ་ཆེ་ཉིད་ཤེས་ཡོན་སློབ་སྦྱོང་སྡེ་ཚན་ཁག་ཏུ་ལྷག་བསམ་སྙིང་སྟོབས་ཆེན་པོས་རྐང་འགན་བཞེས་པའི་མཛད་རྗེས་ཝཱ་ཎ་ཡི་ལོ་རྒྱུས་གླེགས་བམ་ནང་འཁོད་ཡོད་པ་ལྟར་དང་། དེ་བཞིན་མང་གཙོའི་ལམ་སྲོལ་དུས་བསྟུན་འཕེལ་རྒྱས་ཆེད་ལམ་དུ་བཀྲི་ཕྱིར་ངོས་ནས་ཐད་བསྐོས་སྤྱི་འཐུས་བསྐོ་བཞག་བགྱིས་པ་དང་ལེན་གྱིས་སྤྱི་འཐུས་སྐབས་བཅུ་གཅིག་པ་ནས་བཟུང་། སྐབས་གཉིས་ཀྱི་ཚོགས་གཙོ་ཡི་འགན་འཁུར་རིང་ཁྲིམས་སྒྲིག་ཡིག་ཆ་མང་པོ་གཏན་འབེབས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་ཚད་ལྡན་དང་། དེ་རྗེས་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་པ་བཙན་བྱོལ་བོད་མིའི་མང་ཚོགས་ནས་ཐད་ཀར་འོས་འདེམས་ཀྱིས་མང་མོས་ཐོབ་སྟེ། དེ་ནས་སྐབས་གཉིས་རིང་ཆབ་སྲིད་ཀྱི་འགན་དབང་གང་ཅིར་འཐུས་ཤོར་མེད་པར་མདུན་བསྐྱོད་བྱེད་ཐུབ་པ་བྱུང་ཞིང་། མི་ལོ་ལྔ་བཅུ་བརྒལ་བའི་རིང་འདོད་ཆུང་ཆོག་ཤེས་ལྷག་བསམ་རྣམ་དག་ངང་གཉན་འཕྲང་གི་དུས་སྐབས་འདིར་བྱས་རྗེས་ཆེན་པོ་བྱུང་ཡོད། ཅེས་སོགས་འཁོད་འདུག

དེའི་རྗེས་སྐུ་མགྲོན་གཙོ་བོ་ (Kirashnanath) མཆོག་གཙོས་སྐུ་མགྲོན་རྒྱ་གར་གྱི་མཁས་དབང་རྣམ་པས་རིན་པོ་ཆེ་མཆོག་གི་འགྲན་ཟླ་བྲལ་བའི་མཁྱེན་དཔྱོད་དང་། འདོད་ཆུང་ཆོག་ཤེས། ཚུལ་ཁྲིམས་ཀྱི་བསླབ་པ་མིག་འབྲས་བཞིན་སྲུང་བའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ནང་པ་ཡོངས་ཀྱི་གཙུག་ནོར། བོད་མི་རིགས་ཀྱི་སྤོབས་པ་དང་ངོམས་སོ་བྱེད་འོས་པའི་མཁས་དབང་བཅས་ཡིན་ཚུལ་སོགས་ཀྱི་བསྔགས་བརྗོད་མཛད་ཅིང་། ཟམ་གདོང་རིན་པོ་ཆེ་མཆོག་གིས་ཝཱར་ཎའི་སློབ་ཟུར་ཡོངས་ནས་༼དྲན་རྟེན་གླེགས་བམ་༽ཞེས་པ་ཚོན་ལྡན་བརྙན་དེབ་དབུ་འབྱེད་གནང་ཡོད་འདུག དེའི་རྗེས་ཚོགས་ཟུར་པདྨ་འབྱུང་གནས་ལགས་དང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤེན་པ་རྡོ་རྗེ་ལགས་གཉིས་ཀྱིས་སློབ་ཟུར་རྣམས་ཀྱིས་ཕུལ་བའི་མངོན་བསྟོད་ཡི་གེ་དང་། བོད་ཕྱི་ནང་གི་མཁས་དབང་དང་རྩོམ་པ་པོ་མང་པོས་ཤིས་ཚིག་བསྐུར་བ་རྣམས་སྒྲོགས་སྦྱང་གནང་། དེའི་རྗེས་རྒྱུད་སྟོད་གྲྭ་ཚང་དང་ཕ་སྐད་གཙང་མའི་ཚོགས་པ་བཅས་ཀྱིས་ཚེ་ལྷ་རྣམ་གསུམ་གྱི་ཞལ་ཐང་སོགས་རྟེན་གསུམ་འབུལ་འདེགས་འབུལ་ཞུས་སོང་།

དགོང་མོའི་ཆུ་ཚོད་ ༦།༣༠ ཝཱར་ཎ་སློབ་གཉེར་ཁང་གི་ཉེ་བའི་རིག་བདག་དགེ་བཤེས་བྱམས་པ་བསམ་གཏན་མཆོག་གིས་དཔེ་དེབ་དང་། ཟམ་གདོང་རིན་པོ་ཆེའི་བཀའ་རྩོམ་དང་གཏམ་བཤད་སོགས་སྡེ་ཚན་སྣ་མང་འདུ་བའི་དྲ་རྒྱ་ www.samdhongrinpoche.com ཨིན་བོད་གཉིས་ལྡན་ཅན་ཞིག་དབུ་འབྱེད་གནང་།

སྐབས་དེར་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ལགས་ཀྱིས་མངོན་བསྟོད་གླེགས་བམ་དང་དྲ་རྒྱ་གསར་བཟོའི་རྒྱུ་མཚན་སོགས་ངོ་སྤྲོད་གནང་གྲུབ་མཚམས། བོད་དང་འབྲུག ལ་དྭགས། བལ་ཡུལ། རྒྱ་གར་བཅས་ཀྱི་གཞས་སྣ་འཁྲབ་སྟོན་གནང་སོང་།

ཐེངས་འདིར་དབུ་འབྱེད་བྱས་པའི་༼ དྲན་རྟེན་གླེགས་བམ།༽ཞེས་པའི་དཔེ་དེབ་དེར་ལེའུ་གསུམ་དང་ཤོག་ངོས་ ༦༤ འདུག་ཅིང་། དེའི་ནང་སྐྱེས་ཆེན་ཁག་གིས་མཛད་པའི་ཟམ་གདོང་རིན་པོ་ཆེ་མཆོག་གི་ཞབས་བརྟན་གསོལ་འདེབས་དང་། རིན་པོ་ཆེ་མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་ཡར་རྒྱས་ཀྱི་ལམ་དུ་འཁྲིད་གནང་མཛད་པའི་བྱུང་རིམ་པར་རིས་དང་འགྲེལ་བཤད་སྦྲགས་མ། སློབ་གཉེར་ཁང་ནས་ཐོན་པའི་སློབ་ཟུར་ཁག་གིས་བོད་ཀྱི་ཆོས་རིག་སྲི་ཞུ་ཇི་ལྟར་སྒྲུབ་ཡོད་མེད་པར་རིས་དང་ལོ་རྒྱུས་སྙིང་བསྡུས་བཅས་འཁོད་ཡོད་པ་བཅས་ཀྱི་གནས་ཚུལ་སྐོར་ས་གནས་ནས་བློ་བཟང་ཆོས་འབྱོར་ལགས་ནས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese