མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་བོད་སྐད་ཡིག་གི་ཉེན་ཁ་གཉིས་ངོས་ཟིན་པ་བྱོས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཤེས་རབ་དགའ་ཚལ་སློབ་གླིང་གི་ཐ་སྙད་གསར་པའི་འགྲན་ཚོགས་མཇུག་བསྡོམས་ཐོག ཤེས་རིག་དྲུང་ཆེ་ལགས་ཀྱིས་ད་ལྟའི་བོད་སྐད་ཡིག་གི་ཕྱི་ནང་ཉེན་ཁ་གཉིས་ངོས་ཟིན་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་ཤེས་རབ་དགའ་ཚལ་སློབ་གླིང་གི་ཐ་སྙད་གསར་པའི་འགྲན་ཚོགས་ཀྱི་ཉིན་གཉིས་པར། བོད་མིའི་སློབ་གྲྭ་དང་དགོན་སྡེ་ཁག་ནས་ཡོང་བའི་འགྲན་ཞུགས་རུ་ཁག་ ༡༦ བར་ནམ་རྒྱུན་འཚོ་བའི་ཁྲོད་བཀོལ་སྤྱོད་ཆེ་བའི་ཅ་དངོས་གསར་པའི་བརྡ་ཆད་ངོས་འཛིན་དང་ནོར་བཅོས་སོགས་ཀྱི་འགྲན་སྡུར་གནང་སོང་བ་དང་། དེ་དང་ལྷན་དུ་སློབ་གྲྭའི་གཞས་པ་གཞས་མ་ཁག་ཅིག་གིས་གཞས་དང་རྡུང་ལེན་བྱས་སོང་། སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་སློབ་བུ་ཚུལ་ཁྲིམས་འབྱུང་གནས་ཀྱིས་བརྩམས་པའི་སྙན་དེབ་༼འབར༽ཞེས་པ་ཞིག་དབུ་འབྱེད་བཅས་གནང་སོང་།

ཉིན་རྒྱབ་ཏུ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས། ཐེངས་གཉིས་པའི་ཐ་སྙད་གསར་པའི་འགྲན་ཚོགས་ཐོག ཨང་དང་པོ་ཐོབ་མཁན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་རུ་ཁག་ལ་ཧིན་སྒོར་ ༣༠༠༠༠ དང་། ཨང་གཉིས་པ་སྨན་རྩིས་ཁང་མཐོ་སློབ་ལ་སྒོར་ ༢༠༠༠༠། ཨང་གསུམ་པ་སཱ་ར་མཐོ་སློབ་ལ་ཧིན་སྒོར་ ༡༢༠༠༠། ཨང་བཞི་པ་སྤོན་ཊ་སཾ་བྷི་ཊ་གཏན་སློབ་ལ་སྒོར་ ༨༠༠༠ བཅས་གནང་སོང་བ་དང་། དེ་རྗེས་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་འགྲན་ཞུགས་པ་ཡོངས་ལ་སྒོར་ ༣༠༠༠ དང་བོད་ཀྱི་བརྡ་ཆད་གསར་པའི་དཔེ་དེབ་གཉིས་རེའི་བྱ་དགའ་གནང་སོང་། དེ་ནས་དགེ་ཆེ་ཟླ་བ་ཚེ་རིང་ལགས་ཀྱིས་འགྲན་ཞུགས་པ་ཚོར་སློབ་སྟོན་གནང་མཁན་གྱི་ཆེད་བཅར་དགེ་རྒན་རྣམས་ལ་ལེགས་སྐྱེས་བཅས་གནང་སོང་།

མཇུག་བསྡོམས་ཐོག་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས། འགྲན་སྡུར་ནང་ཞུགས་མཁན་ཚང་མས་ཐ་སྙད་གསར་པའི་ཐོག་ལ་དོ་སྣང་ཞེ་དྲགས་གནང་འདུག་པས་ཚོར་བ་ཆེན་པོ་བྱུང་ལ། ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ཡིན་ནའང་། ཐ་སྙད་དེ་ཚོ་འགྲན་སྡུར་སྐབས་ཞེ་དྲགས་སྦྱངས་ཏེ་སྐབས་དེར་སྐྱོར་རྒྱུ་ཡོད་པ་ཙམ་མ་གཏོགས་དུས་རྒྱུན་བེད་སྤྱོད་མ་བྱས་པ་ཡིན་ན། ང་ཚོས་དགོས་པ་དང་དགེ་མཚན་ཞེ་དྲགས་ཤིག་བསྒྲུབས་ཐུབ་ཡོད་པ་མ་རེད་བསམ་གྱི་འདུག དེའི་ཕྱིར་དེ་རིང་འདིར་ཐུགས་སྣང་གནང་སྟེ་འགྲན་སྡུར་ལ་ཕེབས་པ་ལྟར་རྒྱུན་དུ་ང་ཚོའི་ཐ་སྙད་དེ་ཚོ་བེད་སྤྱོད་བྱེད་དགོས་པ་དེ་ཞེ་དྲགས་གནད་འགག་ཆེན་པོ་རེད་འདུག ཅེས་གསུངས་སོང་།

ད་ལྟའི་བོད་སྐད་ཡིག་གི་ཉེན་ཁའི་སྐོར་ལ་ཁོང་གིས། ང་རང་གི་ངོས་ནས་བོད་སྐད་ཡིག་ཐོག་ཉེན་ཁ་ཕྱོགས་གཉིས་ནས་མཐོང་གི་འདུག གཅིག་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་གཅིག་ནང་གི་ཉེན་ཁ་རེད། ཉེན་ཁ་འདི་གཉིས་ང་ཚོ་ཚང་མས་ངོས་ཟིན་དགོས་ཀྱི་འདུག ཕྱི་ཕྱོགས་ཀྱི་ཉེན་ཁ་ནི་དཔེར་ན་བོད་ནང་ལ་ཆ་བཞག་ན། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་བེད་སྤྱོད་དང་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་སྲིད་བྱུས་ག་འདྲ་ཞིག་འཛིན་གྱི་ཡོད་པ་རེད། དེ་ཚོ་ལ་ང་ཚོས་དགོངས་པ་གཅིག་བཞེས་དགོས་ཀྱི་འདུག དེ་བཞིན་ང་ཚོ་བཙན་བྱོལ་བོད་མི་ཉུང་ཉུང་དེ་རྒྱ་གར་དང་ཕྱི་རྒྱལ་ཁག་གི་སྤྱི་ཚོགས་ཆེན་པོ་ཞིག་གི་ནང་བསྡད་ཡོད་སྟབས། ང་ཚོ་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་པར་རང་བཞིན་གྱིས་ཉེན་ཁ་ཞིག་སླེབ་ཀྱི་ཡོད་པ་རེད། ནང་ལོགས་ནས་ང་ཚོར་ཉེན་ཁ་ག་རེ་ཡོད་པ་རེད་ཟེར་ན། ང་ཚོ་སོ་སོའི་སྐད་ཡིག་ཐོག་དོ་སྣང་ཆུང་དྲགས་པ་དང་མི་འབོར་ཉུང་ཉུང་ཡིན་པ་དེ་ཡིན་པས། ང་ཚོས་གཟབ་གཟབ་བྱས་ཏེ་བོད་རིགས་ནང་ཁུལ་དུ་སོ་སོའི་སྐད་ཡིག་ར་འཕྲོད་པ་དང་ངོ་ཤེས་དགོས་པ་རེད། ཅེས་དང་། བཙན་བྱོལ་དུ་ཡོད་པའི་ཕ་མ་ཚོས་བོད་སྐད་ཤེས་བཞིན་དུ་སྣང་ཆུང་གིས་བོད་སྐད་ནང་གཞན་སྐད་མང་པོ་བསྲེས་ལྷད་བྱས་རྐྱེན། ཕྲུ་གུ་ཚོ་ལའང་གོམས་གཤིས་དེ་རྒྱུན་འཇགས་སུ་འགྲོ་བཞིན་ཡོད་སྟབས། ཕ་མ་ཚོས་སྣེ་ཁྲིད་དེ་ཁྱིམ་ཚང་ནང་བོད་སྐད་བེད་སྤྱོད་གཏོང་རྒྱུ་དང་། བོད་མིའི་ཡ་རབས་གུས་ལུགས་སོགས་རྒྱུན་འཛིན་བྱེད་པར་དོ་འཁུར་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese