མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སེམས་ཁྲལ་གསར་ཤོས།

བོད་ཀྱི་དུས་བབ།
༢༠༡༤/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༤༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་རྒྱ་ནག་པེ་ཅིན་དུ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་གླེང་སྟེགས་ཚོགས་འདུ་བསྡུས་པ་དང་བསྟུན་ཏེ། ཨ་རིའི་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ནང་ཉིན་གསུམ་རིང་གཟིགས་སྐོར་བྱས་ཤིང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་གྲོས་མོལ་བྱས་ཏེ། རྒྱ་ནག་གི་ཚོང་པ་དང་ཡུལ་སྐོར་སྤྲོ་འཆམ་པར་ཐོངས་མཆན་ལོ་བཅུ་དང་། སློབ་ཕྲུག་ཚོར་ལོ་ལྔ་བར་སྤྲོད་རྒྱུའི་ཐག་གཅོད་བྱས་མ་ཐག རྒྱ་ནག་ནང་གི་ཤེས་ཡོན་པ་དང་ཆབ་སྲིད་པའི་ཁྲོད་གླེང་ཕྱོགས་གསར་པ་ཞིག་བྱུང་ཡོད།

ད་ལོའི་རྒྱ་ནག་སློབ་གསོ་སྡེ་ཁག་གི་ཞིབ་འཇུག་སྙན་ཐོའི་ནང་། ༢༠༡༣ ལོར་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་ ༤༡༣༩༠༠ ལྷག་ཡོད་པའི་ཁྲོད། ཨ་རིར་སློབ་མ་ ༢༣༥༥༩༧ ཙམ་ཡོད་པ་དང་། དེས་རྒྱ་ནག་གི་ཕྱི་སྐྱོད་སློབ་མ་ཡོངས་ཀྱི་བརྒྱ་ཆ་ ༥༧ ཙམ་ཟིན་ཡོད་ལ། དེ་དག་ཁྲོད་མཐོ་འབྲིང་སློབ་མ་ཁྲི་ ༣ ཙམ་ཡོད་འདུག རྒྱལ་ཁབ་ཅིག་གི་ཤེས་ཡོན་སློབ་གསོ་དང་ཆབ་སྲིད་ལམ་ལུགས་གཉིས་ཁ་འབྲལ་ཐབས་མེད་སྟབས། གྲངས་ཀ་དེ་ནི་རྒྱ་རིགས་ལྟ་བ་མཁྲེགས་པོ་ཅན་ཚོར་རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞི་དང་སློབ་གསོའི་ཁ་ཕྱོགས་ལ་ཤུཊ་རྐྱེན་ཐེབས་སྲིད་པའི་སེམས་ཁྲལ་གསར་ཤོས་དེ་ཆགས་ཡོད།

རྒྱ་ནག་གི་སློབ་མ་ཕྱི་སྐྱོད་སྲིད་བྱུས་ཐད་སྐྱོན་གནས་གསུམ་ངོས་འཛིན་བྱེད་ཀྱིན་ཡོད་པ་ནི། གཞོན་སྐྱེས་ཕོན་ཆེན་པོས་ཕྱི་རྒྱལ་ནས་སློབ་སྦྱོང་བྱས་ཏེ་ཕྱིར་ལོག་ཚེ། རྒྱ་ནག་གི་ཤེས་ཡོན་ལམ་ལུགས་ལ་གཞན་དབང་འོག་བཅོས་བསྒྱུར་ཐེབས་སྲིད་པ་དང་། རྒྱ་ནག་གི་སློབ་ཕྲུག་དྲག་ཤོས་ཡོངས་རྫོགས་ཕྱི་རྒྱལ་དུ་ཕྱིན་ན་རྒྱ་ནག་གི་སློབ་གྲྭ་མང་པོར་ད་ལྟ་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པའི་ཁར་སློབ་གྲྭ་དག་གི་སྤུས་ཚད་ཀྱང་ཇེ་ཞན་དུ་འགྲོ་རྒྱུ་ཡིན་པ། རྒྱ་ནག་གི་ཕྱི་སྐྱོད་སློབ་མ་གཅིག་གི་ལོ་རེའི་འགྲོ་སོང་རྒྱ་སྒོར་ཁྲི་ ༢༥ ཡིན་པ་དང་ཕྱི་སྐྱོད་སློབ་མ་ཡོངས་ཀྱི་ལོ་གཅིག་གི་འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་ ༨༠༠ ལྷག་ཆགས་ཏེ་མ་དངུལ་ཕོན་ཆེན་པོ་ཕྱི་རྒྱལ་དུ་ཤོར་གྱིན་ཡོད་པ་སོཊ་རེད།

རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་སྟངས་ནི་དེ་ལས་གཞན་ཞིག་རེད། རྒྱ་ནག་གི་ཕྱི་སྐྱོད་སློབ་མ་དེ་རྣམས་རིགས་གསུམ་དུ་གཏོགས་ཤིང་། གཅིག རྒྱ་ནག་གི་མཐོ་རིམ་དབང་འཛིན་པ་དང་འབྱོར་ལྡན་ཁེ་ལས་པའི་བུ་ཕྲུག་དང་གཉེན་ཚན་ཡིན་པ་དང་། གཉིས་པ། རྒྱ་ནག་གི་སློབ་གྲྭ་ཁག་ནང་སློབ་སྦྱོང་གྲུབ་འབྲས་ཡག་ཤོས་དག་ཡིན་པ། གསུམ་པ། རྒྱ་ནག་ནང་རྒྱུགས་མ་འཕྲོད་པའི་བྱིས་པ་ལང་ཤོར་རིག་རྟུལ་དག་ཡིན་སྟབས། རིགས་དང་པོ་གཉིས་པར་འཕྲལ་ཕུགས་ཀྱི་བདེ་འཇགས་ཆེད་ཐོག་མ་ནས་ཕྱིར་ལོག་རྩིས་མེད་པ་དང་། རྒྱུཊ་མ་འཕྲོད་མཁན་ཚོ་ནི་འབྱོར་འབྲིང་བྱིས་པ་ཚོ་ཡིན་སྟབས་ཁོ་ཚོས་དཔལ་འབྱོར་འཚོལ་སྒྲུབ་ལས་རྒྱལ་ཁབ་ཀྱི་ཤེས་ཡོན་ལ་ཐེ་གཏོགས་མི་བྱེད་ཟེར།

རྒྱ་ནག་གི་ཕྱི་སྐྱོད་སློབ་མ་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་ཡོད་པ་དེས་རྒྱ་ནག་མི་མང་གི་བསམ་སྤྱོད་གུ་ཡངས་རང་དབང་དང་། དམངས་གཙོའི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་པ་ནི་འགོག་ཐབས་མེད་པ་ཞིག་ཡིན། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་དེ་ཡང་། ལོ་རབས་བརྒྱད་ཅུའི་ནང་ལུག་ཞོ་པའོ་སོགས་མཐོ་རིམ་སློབ་མ་མང་པོས་ནུབ་ཕྱོགས་ཀྱི་སློབ་གསོ་མྱངས་ཏེ་ཕྱིར་རྒྱལ་ནང་དུ་ལོག་སྐབས། གཞི་ནས་རྒྱ་ནག་གི་མུན་ནག་དང་། མུན་ནག་ནང་གི་གཡའ་དྲི་ཚོར་ནས་དམངས་གཙོའི་ལས་འགུལ་དེ་བསླངས་པ་རེད། རྒྱ་ནག་གཞུང་གིས་ཀྱང་གནད་དོན་འདི་ཤེས་ཏེ། ཆེད་དུ་སྤྱི་ཚོགས་ནང་གླེང་ཕྱོགས་གསར་པ་བཟོས་ཏེ་ཆུ་མ་ཡོང་གོང་གི་རགས་སམ། ཡང་ན་བསམ་བློ་གཉིས་པ་གཏོང་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད།

རྒྱ་ནག་གི་ཤེས་ཡོན་པ་དང་མཐོ་རིམ་སློབ་ཕྲུག སློབ་མའི་ནང་མི་སོགས་མ་གཏོགས་ཆབ་སྲིད་དབང་འཛིན་པ་དང་འབྱོར་ལྡན་པའི་ཁྲོད། རྒྱལ་ཁབ་ཀྱི་ཁེ་ཕན་དང་སློབ་གསོའི་ཇུས་ཆེན་ལ་བསམ་བློ་གཏོང་མཁན་ཉུང་ཉུང་ཡིན། རྒྱལ་ཁབ་ལ་ཤ་ཚའི་གཏམ་སྤྱོད་སྤེལ་མཁན་རེ་འགའ་ཡོད་པའང་མཐར་དེད་ན་སྒེར་གྱི་ཁེ་ཕན་ཞིག་ལ་སྙེག་གི་ཡོད་སྟབས། རྒྱ་ནག་གི་སློབ་གསོའི་བྱ་བཞག་དེ་གནས་སྐབས་ཀྱི་ཆབ་སྲིད་མངོན་འདོད་སྒྲུབ་བྱེད་དུ་གྱུར་ཏེ་གཞུང་དམངས་བར་ན་སྐྱ་ཟད་སྔོ་གཏུགས་ཆགས་ཡོད་སྟབས། ཕྱི་སྐྱོད་སློབ་མའི་ཕྱོགས་ཀྱི་ཉེན་ཁ་ཆེ་ཤོས་དེ་རྒྱ་ནག་གི་ཤེས་ཡོན་སློབ་གསོ་ལས་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲོམ་གཞིའི་ཐོག་བསླེབ་སྲིད།

རྒྱ་ནག་གཞུང་གིས་ད་དུང་ཕྱིའི་ཤུགས་རྐྱེན་ཙམ་ལ་ཁ་གཡར་ཏེ། ནང་གི་ཆབ་སྲིད་སྒྲོམ་གཞི་དང་ཤེས་ཡོན་སློབ་གསོར་དུས་དང་བསྟུན་པའི་བཅོས་བསྒྱུར་ཞིག་མ་བཏང་ཚེ། རྒྱ་ནག་གི་ཕྱི་སྐྱོད་སློབ་མའི་ལམ་ཁ་འགོག་ཐབས་མེད་པ་མ་ཟད། ཕྱི་སྐྱོད་སློབ་མ་ཚོའི་རང་དབང་དམངས་གཙོའི་འདོད་འདུན་དེ་བས་ཀྱང་འགོག་ཐབས་མེད་སྟབས། རྒྱ་ནག་གི་སློབ་གསོའི་གནས་ཚད་ཉམས་རྒུད་དང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སློབ་གྲྭར་མཚན་མཐོང་མེད་པ་ཆགས་ཏེ། རིམ་གྱིས་རྒྱ་ནག་གི་ན་གཞོན་ཚོར་རང་དབང་རང་རྟོག་གི་བསམ་བློ་དང་། སློབ་ཕྲུག་གི་ནང་མི་ཚོར་རང་དོན་རང་གཅེས་ཀྱི་འདུན་པ་སྐྱེས་ཏེ། རྒྱ་ནག་ནང་སློབ་གསོའི་གསར་བརྗེ་ལས་འགུལ་ཆེན་པོ་ཞིག་འབྱུང་སྲིད་ལ། འདི་དང་བསྟུན་ཏེ་རྒྱ་ནག་གི་ཆབ་སྲིད་ལམ་ཕྱོགས་དེའི་ཚེ་སྲོག་ཀྱང་མཐའ་ལ་ཐུག་སྲིད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese