མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔགས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་གསུམ་གནང་གལ་ཆེ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་བོད་མི་མང་གིས་བདམས་པའི་སྲིད་སྐྱོང་ལ་སྐུ་དབང་རྩིས་སྤྲོད་གནང་རྗེས། ད་ལྟ་རི་བོ་དགེ་ལྡན་པ་སྤྱི་དང་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གྱི་ཐུགས་འགན་བཞེས་ནས་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན་ཞེས་གསུངས།

རྒྱུད་སྟོད་གྲྭ་ཚང་དུ་ཚོགས་བཞིན་པའི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གིས་འགྲེལ་པ་བཞི་སྦྲགས་བརྩམས་ཏེ་ལོ་ ༦༠༠ འཁོར་བའི་རྗེས་དྲན་དང་སྔགས་ཀྱི་བགྲོ་གླེང་དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༠༠ སྟེང་མཇུག་བསྒྲིལ་བའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། ཚོགས་མགོན་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། རི་བོ་དགེ་ལུགས་པའི་གྲྭ་ཚང་ཁག་གི་མཁན་པོ་ལས་ཟུར་རྣམ་པ་གཙོས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་གྱི་དགེ་བཤེས་རྣམ་པ། རྒྱུད་སྟོད་ཀྱི་གྲྭ་མང་བཅས་ཁྱོན་མི་ ༧༠༠ འདུ་འཛོམས་གནང་སོང་།

སྐབས་དེར་དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་མཆོག་ནས་བགྲོ་གླེང་གི་འཆར་སྣང་སྐོར་གསུངས་དོན། ལོ་འགའི་གོང་རྒྱ་ནག་གཞུང་གི་གོ་སྒྲིག་འོག་བོད་ཀྱི་དགའ་ལྡན་དགོན་པ་ཕྱག་བཏབ་ཏེ་ལོ་ ༦༠༠ འཁོར་བའི་དུས་དྲན་ཞིག་ཚོགས་ཡོད་ཀྱང་། ང་ཚོས་དུས་དྲན་དེ་སྲུང་གཙི་ཞུ་ཐུབ་མེད་སྟབས། དེ་མཚུངས་ག་རེ་བྱེད་དགོས་མིན་སྐོར་ལ་བསམ་བློ་གཏོང་སྐབས་རྗེ་རིན་པོ་ཆེ་མཆོག་གིས་ལམ་རིམ་ཆེན་མོ་ལྗགས་རྩོམ་མཛད་ནས་ལོ་ ༦༠༠ འཁོར་བའི་དུས་དྲན་དེ་འདས་ཟིན་ཡང་། དགའ་ལྡན་ཕྱག་བཏབ་རྗེས་དགའ་ལྡན་ལ་ལམ་རིན་ཆེན་མོའི་བཀའ་ཆོས་བསྩལ་ནས་ལོ་ ༦༠༠ འཁོར་བའི་དུས་སྟོན་དང་འབྲེལ་དགའ་ལྡན་ལ་ལམ་རིམ་ཆེན་མོའི་བགྲོ་གླེང་ཞིག་ཚོགས་ཏེ། རྗེ་རིན་པོ་ཆེའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་། ད་དུང་དེ་མཚུངས་མ་འོངས་པར་བཀའ་དྲིན་རྗེས་དྲན་ག་རེ་ཞུ་དགོས་མིན་ཐད་བཀའ་བསྡུར་གནང་སྐབས། རྗེ་རིན་པོ་ཆེ་མཆོག་གིས་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་མཛད་ནས་ལོ་ ༦༠༠ འཁོར་བའི་དུས་དྲན་ལོ་འདིར་འཁེལ་གྱི་ཡོད་སྟབས། རྗེས་དྲན་གྱི་འགྲོ་གྲོན་ཐད་ང་ཚོས་ནང་ཁུལ་གྲོས་བསྡུར་བྱེད་སྐབས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་འགན་འཁུར་བླངས་ཏེ། ད་རེབ་བགྲོ་གླེང་འདི་སྤུས་དག་པོ་ཞེ་དྲག་བྱུང་ཡོད་པ་མ་ཟད། ༧ གོང་ས་མཆོག་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྟེ་དབུ་འབྱེད་མཛད་སྒོར་ཕེབས་ཏེ་ཐུགས་སྨོན་དང་བཀའ་སློབ་ཟབ་མོ་ཕེབས་པ་དེ་རྫོགས་ལྡན་གསར་པའི་བསྐལ་བཟང་ཞིག་ཀྱང་ཆགས་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་མ་འོངས་རྗེས་དྲན་ཞུ་ཕྱོགས་ཐད་གསུངས་དོན། ང་ཚོས་རྗེ་རིན་པོ་ཆེ་མཆོག་ལ་ད་དུང་རྗེས་དྲན་ཞུ་རྒྱུ་མང་པོ་ཞིག་ལྷག་ཡོད། དེ་ཡང་ ༢༠༡༩ ལོར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་དགའ་ལྡན་ལྔ་མཆོད་མགོ་བཙུགས་ཏེ་ལོ་ ༦༠༠ འཁོར་གྱི་ཡོད་སྟབས། དགེ་ལུགས་སྤྱི་ཐོག་ནས་ལས་འགུལ་ཞིག་སྤེལ་རྒྱུའི་གྲོས་ཆོད་བཞག་ནས་བསམ་བློ་གཏོང་གི་ཡོད་ཀྱང་། དགེ་ལུགས་སྤྱི་ཐོག་ནས་ལས་འགུལ་སྤེལ་ཐུབ་ན་རབ་ཡིན་ཡང་། གལ་ཏེ་དེ་མ་འབྱུང་ཚེ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་མཁན་གྱི་གདན་ས་དང་གྲྭ་ཚང་མང་པོ་ཡོད་སྟབས། གྲྭ་ཚང་སོ་སོས་ལས་འགུལ་གནང་ན་ཏན་ཏན་ཚགས་ཚུད་ཞིག་དང་གྲུབ་ཐུབ་རྒྱུ་ཡོད་པ་ཞིག་ཆགས་ཀྱི་ཡོད་པར་བརྟེན། དགེ་འདུན་བསྡུས་མང་གི་ཐུགས་ལ་བཅང་ན་ཐུགས་མཐུན་པའི་ཐོག་ནས་ཕྱག་ལས་བསྒྲུབ་རྒྱུ་ཡོང་གི་རེད་བསམ་གྱི་འདུག ཅེས་སོགས་གསུངས་སོང་།

དེའི་རྗེས་གདན་ས་དང་གྲྭ་ཚང་ཁག་གི་མཁན་ཟུར་ ༩ ཡིས་ད་རེབ་ཀྱི་བགྲོ་གླེང་ཐོག་གི་འཆར་སྣང་གསུངས་རྗེས། རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་བྱ་རྡོ་རིན་པོ་ཆེ་མཆོག་གིས་གསུངས་དོན། རྒྱུད་པའི་དགེ་འདུན་རྣམ་པས་བགྲོ་གླེང་གནང་ཡུལ་དེ་རྩ་རྒྱུད་གཙོར་འདོན་བྱས་ཏེ་གསུངས་བ་དེ་གང་ནས་བྱུང་ངམ་ཞེ་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་རྡོ་རྗེ་འཆང་གི་སྐུའི་ཞལ་རྣམ་པར་བསྟན་ནས་མར་གསུངས་པ་ཞིག་ཡིན་པ་མ་ཟད། བཤད་རྒྱུད་ཆེན་པོ་དྲུག་བསྩལ་ཡོད་པ་རེད། དེ་འདྲའི་རྒྱན་ཉེར་བརྒྱད་ཀྱིས་མཚོན་པའི་བཤད་རྒྱུད་ཆེན་པོ་གོ་ཁག་པོ་ཡོད་པ་དེ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་གཞུང་ལུགས་གཏན་འབེབས་གནང་བའི་སྒོ་ནས་འགྲེལ་བ་སྒྲོན་གསལ་མཚོན་པའི་ཟབ་ཅིང་རྒྱ་ཆེ་བ་འདི་འདྲ་ཞིག་སྤྲད་གནང་ཡོད་སྟབས། བོད་ཀྱི་ལོ་ཙྭ་བ་ཚོས་བསྒྱུར་གནང་བ་མ་ཟད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོ་མཆོག་གིས་དངོས་གནས་དྲང་གནས་དག་ཐེར་ལེགས་པར་མཛད་ནས་གཏན་ལ་ཕབ་པ་དེ། དེང་རབས་ཀྱི་འཛམ་གླིང་ནང་ཡོད་པའི་སྙན་གྲགས་ཅན་གྱི་མཁས་པ་ཚོའི་རྩོམ་རིགས་ཀྱི་རྩོམ་སྒྱུར་དང་རྩོམ་རྩལ་ཐོག་ནས་བཤད་ན། དེང་དུས་ཀྱི་མཁས་པ་ཚོས་ཡིད་འཕྲོག་ཡུལ་གྱི་ལོ་ ༦༠༠ སྔོན་དུ་བོད་ལ་མཁས་པ་དེ་འདྲ་ཞིག་བྱུང་བ་དེ་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག་ཆགས་ཡོད། ད་རེབ་བགྲོ་གླེང་འདི་ལྟ་བུ་ཞིག་ཚོགས་ཐུབ་པ་དེ་རྒྱུ་མེད་རྐྱེན་མེད་ཅིག་མིན་པར་སྔོན་བྱོན་དང་ད་ལྟ་བཞུགས་ཡོད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་བཀའ་དྲིན་དང་། སྒོས་སུ་མི་ཡུལ་གྱི་ལུང་པ་འདི་འདྲ་ཞིག་ལ་གནམ་དང་ས་མ་གཏོགས་གྲོགས་པོ་མེད་མཁན་གྱི་ས་ཆར་འདིར། ད་རེབ་འདི་འདྲ་ཞིག་གནང་ཐུབ་པ་དེ་ནི་༧གོང་ས་མཆོག་གིས་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ཞེས་སོགས་གསུངས་སོང་།

བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་གིས་གསུངས་དོན། སྔ་མོ་ཡིན་ན་གསང་བ་འདུས་པ་སོགས་ཀྱི་བསྟན་ཆོས་དག་སོ་སོས་སྦྱང་དགོས་པ་ཙམ་མ་གཏོགས་གཞན་གྱིས་སློབ་ཁྲིད་བྱེད་མཁན་ཉུང་ཉུང་ཡིན། ད་ལྟ་སྔ་མོ་དང་མི་འདྲ་བར་དཔེ་ཆ་ཁྲིད་མཁན་སོགས་ཕྱོགས་གང་ཅིའི་ཐད་ནས་གྲྭ་ཚང་གིས་མཐུན་རྐྱེན་སྦྱོར་གྱི་ཡོད་སྟབས། རྒྱུད་ཀྱི་གཞུང་ལ་འཆད་ཉན་བྱས་པའི་འབྲས་རྟགས་འདྲ་པོ་བགྲོ་གླེང་སྐབས་དྲི་བ་སྐུལ་སྟངས་དང་ལན་རྒྱག་སྟངས་སོགས་ཧ་ལས་པ་ཡག་པོ་ཞེ་དྲག་འདུག དེ་ནི་ང་ཚོས་སློབ་གཉེར་བྱེད་དགོས་དོན་ཡང་དེ་རང་ཆགས་ཡོད་སྟབས། ཚང་མས་དཔེ་མི་སྲིད་པའི་ཡག་པོ་གནང་འདུག མ་འོངས་པར་ད་དུང་སྔགས་ཀྱི་ས་ལམ་ལྟ་དགོས་པ་མ་ཟད། གཙོ་བོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གི་གསུང་རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་རྟེན་གཙོ་སོགས་སྔགས་ཀྱི་གཞུང་ཆེན་མོ་དེ་ཚོར་ཐོས་བསམ་སྒོམ་གསུམ་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་བཞིན་རྗེ་ཙོང་པ་ཆེན་པོ་མཆོག་ལ་གངས་ཅན་ཤིང་རྟའི་སྲོལ་བྱེད་ཙོང་ཁ་པ་ཞེས་མཚན་ཐོགས་དོན་ཡང་སྔགས་ཀྱི་རིམ་གཉིས་གནས་མཆོག་གཡོ་ལྷད་མེད་པར་གསལ་བར་བྱེད་པ་དང་། རྣམ་རིག་གི་ལྟ་བ་དེ་གཞན་དང་མི་འདྲ་བ་ཞིག་ཡོད་སྟབས་མཚན་དེ་ལྟར་ཐོབ་ཡོད། ཅེས་སོགས་གསུངས་སོང་།

ཤར་རྩེ་ཆོས་རྗེ་མཆོག་གིས་གསུངས་དོན། སངས་རྒྱས་ཀྱི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་དགོས་སྟབས། ཚད་མའི་གཞུང་དེ་དག་ལ་ཉིན་གཅིག་གཉིས་མིན་པར་དགེ་བའི་བཤེས་གཉེན་ལ་གཏུགས་དགོས་པ་མ་ཟད། ལོ་དང་ལོ་བསྟུད་ནས་རྩོད་པ་རྩོད་ནས་དགག་བཞག་སྤོང་གསུམ་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ཆོ་ག་ཕྱག་ལེན་དག་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། གསང་བ་འདུས་པའི་ཆོ་ག་ཕྱག་ལེན་གཙོས་ལྷ་ ༣༢ དེ་དག་གི་ཞལ་ངོ་ཆོད་པ་ཡིན་ན། སྔགས་ཀྱི་ཉམས་ལེན་ལ་ཕན་ཐོགས་ཡོད་སྟབས། གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ལ་སོགས་པར་ཐོས་བསམ་སྒོམ་གསུམ་གནང་ནས་སྐྱེས་ཆེན་དམ་པ་ཚོའི་བཀའ་དྲིན་རྗེས་དྲན་ཞུ་ཐུབ་པ་བྱ་དགོས་པ་མ་ཟད། ང་ཚོས་༧རྒྱལ་དབང་སྐུ་ཕྲེང་ཡོངས་རྫོགས་ལ་རྗེས་དྲན་ཞུ་མ་ཐུབ་པ་ཡིན་ཡང་། དུས་དང་རྣམ་པ་ཀུན་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ ༡༤ པ་ཆེན་མོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་སོང་།

མཇུག་ཏུ་དགའ་ལྡན་ཁྲི་ཆེན་ཐུབ་བསྟན་ཉི་མ་རིན་པོ་ཆེ་མཆོག་གིས་གསུངས་དོན། ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས། བོད་བསྟན་སྲིད་མི་རིགས་ཆེད་སྐུ་ངལ་རབ་དང་རིམ་པ་མང་པོ་ཞིག་བསྐྱོན་ནས་མཐར། ༢༠༡༡ ལོར་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་བོད་མི་མང་གིས་བདམས་པའི་སྲིད་སྐྱོང་ལ་རྩིས་སྤྲོད་གནང་རྗེས། ད་ལྟ་རི་བོ་དགེ་ལྡན་པ་སྤྱི་དང་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གྱི་ཐུགས་འགན་བཞེས་ནས་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ཡིན། དེ་སྔོན་༧གོང་ས་མཆོག་གིས་དགུང་ལོ་ ༩༣ བར་བསྟན་པ་སྤྱི་དང་བོད་མི་རིགས་ཆེད་སྐུ་ངལ་བསྐྱོན་རྒྱུའི་ཞལ་བཞེས་དང་དེའི་རྗེས་དགུང་ལོ་བགྲེས་པོ་ཆགས་ནས་ཕྱག་ལས་གནང་ཐུབ་རྒྱུ་དཀའ་ལས་ཁག་པོ་ཡོད་པའི་བཀའ་སློབ་ཟབ་མོ་ཡང་ཡང་ཕེབས་ཡོད་སྟབས། ༧གོང་ས་མཆོག་གིས་དགུང་ལོ་ ༩༣ བར་གྱི་མཛད་འཕྲིན་དེ་དག་བསྒྲུབ་རྒྱུ་ཉག་ཅིག་ཡིན་པར་བརྟེན། གཅིག་ནས་ང་ཚོར་བསོད་ནམས་ཡག་པོ་ཞིག་དགོས་པ་དང་། གཉིས་ནས་གདུལ་བྱ་ཚོས་བཀའ་སྲུང་ཅི་སྒྲུབ་ཞུས་ཚེ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་རྒྱུ་རེད། ཅེས་སོགས་གསུངས་རྗེས། རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་མཆོག་གིས་ཐུགས་རྗེ་ཆེའི་གསུང་བཤད་གནང་བ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་གཙོས། བགྲོ་གླེང་བ་རྣམས་ལ་སངས་རྒྱས་ཀྱི་སྐུ་འདྲ་རེ་བསྩལ་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese