མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསང་བ་ཤོར་བར་སྔོན་འགོག་དགོས།

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་ནག་གཞུང་གིས་སྲིད་གཞུང་གི་དྲ་བའི་ཆ་འཕྲིན་སྒྲིག་ཡིག་དོན་ཚན་ ༡༠ ཅན་ཞིག་བསྒྲཊ་ཏེ། གནས་ཚུལ་མ་སྤེལ་གོང་དུ་ཞིབ་བཤེར་ལས་དོན་ལེགས་པོ་སྒྲུབ་སྟེ་གསང་བ་ཤོར་བར་སྔོན་འགོག་དགོས་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་༼རྒྱལ་སྲིད་སྤྱི་ཁྱབ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་སྲིད་གཞུང་གི་དྲ་བའི་ཆ་འཕྲིན་ནང་དོན་འདོན་སྤེལ་སྐོར་གྱི་བསམ་འཆར༽ཞེས་པའི་སྒྲིག་ཡིག་ཅིག་ཕྱིར་བསྒྲགས་བྱས་ཏེ། ས་གནས་སུ་དོན་རྐྱེན་ཆེན་པོ་བྱུང་ཚེ་ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ། སྲིད་གཞུང་གི་ལངས་ཕྱོགས་གསལ་བསྒྲགས་བྱེད་དགོས་པ་དང་། གནས་ཚུལ་ཁྱབ་བསྒྲགས་བྱེད་པར་ཐོག་མར་དཔྱད་ཞིབ་དང་ཡར་ཞུ་སོགས་གསང་རྒྱའི་ཞིབ་བཤེར་ལས་དོན་ལེགས་པོ་སྒྲུབ་དགོས་ལ། དྲ་བའི་ནང་དོན་གསར་བསྒྱུར་ལ་ཁག་ཐེག་བྱེད་མི་ཐུབ་པའི་ལེ་ཚན་དག་དུས་ཐོག་ཏུ་གཅིག་སྡུད་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུ་བའམ་སྒོ་གཏན་རྒྱུ་དང་། ཚད་ལྡན་མིན་པའི་དྲ་བ་རིགས་ལ་དུས་ཐོག་བསྒྱུར་བཅོས་དང་། འབྲེལ་ཡོད་འགན་ཁུར་པ་དང་ལས་བྱེད་མི་སྣར་འགན་འཁྲི་རྩད་གཅོད་གཏོང་རྒྱུ་ཡིན་སྐོར་གྱི་དོན་ཚན་ ༡༠ གཏན་འབེབས་བྱས་འདུག

སྒྲིག་ཡིག་དེའི་ནང་དུ་དོན་རྐྱེན་ཆེན་པོ་བྱུང་བའི་གནས་ཚུལ་རིགས་སྤེལ་སྟངས་ཐད། ས་གནས་རང་དང་སྡེ་ཚན་རང་དུ་གཏོགས་པའི་གློ་བུར་བའི་དོན་རྐྱེན་དང་། མྱུར་བར་ཐག་གཅོད་དགོས་པའི་དོན་རྐྱེན་བྱུང་ཚེ། ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་དུས་ཐོག་ཏུ་སྲིད་གཞུང་དྲ་བ་བརྒྱུད་ནས་ཆ་འཕྲིན་གསལ་བསྒྲགས་དགོས་ཤིང་། ནང་དོན་བསྒྲགས་པ་དྲང་བདེན་དོན་དངོས་ཡིན་དགོས་པ་མ་ཟད། དོན་དག་འཕེལ་རིམ་དང་ལས་ཀའི་མྱུར་ཚད་དང་བསྟུན་དུས་ཐོག་ཏུ་ལས་རིམ་ཆ་འཕྲིན་དང་། སྲིད་གཞུང་གི་ལངས་ཕྱོགས་གསལ་བསྒྲགས་གནང་དགོས། ཞེས་དང་།

ཡང་ནང་དོན་ལ་ཚོད་འཛིན་དང་གསང་བ་ཤོར་བར་སྔོན་འགོག་དགོས་པའི་སྐོར་ལ། བྱེད་ནུས་སྡེ་ཚན་གྱིས་ནང་དོན་དང་ངོ་བོ་མི་འདྲ་བར་དམིགས་ནས་རིམ་པ་དང་རིགས་དགར་ནས་ཐག་གཅོད་དགོས་པ་དང་། ཆ་འཕྲིན་ཕྱིར་སྒྲོག་བྱེད་ཐབས་གདམ་ནས་ཆ་འཕྲིན་གྱི་ནང་དོན་ལ་ཚོད་འཛིན་བྱས་པ་བརྒྱུད་གཙོ་གནད་འབུར་དུ་ཐོན་པར་བྱ་དགོས་པ། ཆ་འཕྲིན་གྱི་ནང་དོན་མཁོ་སྤྲོད་ཀྱི་འགན་ཁུར་གསལ་བོ་བྱེད་པ། ནན་ཏན་སྒོས་འཚོལ་སྡུད་དང་དཔྱད་ཞིབ། ཡར་ཞུ། བསྐྱར་བཅོས། བརྒྱུད་སྒྲོག་བཅས་ཀྱི་གོ་རིམ་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཆ་འཕྲིན་སྤྱི་སྒྲོག་སྔོན་གྱི་གསང་རྒྱའི་ཞིབ་བཤེར་ལས་དོན་ལེགས་པོ་སྒྲུབ་ནས་གསང་བ་ཕྱི་ལ་ཤོར་བར་སྔོན་འགོག་བྱེད་དགོས། ཞེས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨོ་གླིང་གྲོས་ཚོགས་ཀྱིས་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༥ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese