མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་ཆོས་བཙོན་འོག་ནས་མནར་གཅོད་བཏང་སྟེ་རྐྱེན་ལམ་དུ་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༤/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་དེ། ལྷ་སའི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་བོད་མི་བསྟན་འཛིན་ཆོས་གྲགས་ལགས་སུ་ལོ་ ༦ ལྷག་རིང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་མཐར། བཙོན་འོག་འདས་གྲོངས་ཕྱིན་པའི་ནག་ཉེས་ལས་གཡོལ་ཐབས་སུ། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཕྱིར་ནང་ལ་རྩིས་སྤྲོད་བྱས་ཡོད་ཀྱང་། ཕྱི་ཚེས་ ༥ ཉིན་གྱི་བོད་ནང་ཆུ་ཚོད་ ༡ ཙམ་འདས་གྲོངས་ཕྱིན་ཡོད་འདུག

དྷ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ༢༠༠༨ ལོའི་ཕྱི་ཟླ་ ༣ ཚེས་ ༡༤ གྱི་ལྷ་སའི་ངོ་རྒོལ་ཁྲོད་མཉམ་ཞུགས་གནང་མཁན་གཙོ་བོ་ཡིན་པའི་ཉེས་མིང་འོག་ལོ་ ༡༥ དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་རང་ལོ་ ༣༣ ཡིན་པའི་ཆབ་སྲིད་བཙོན་པ་བསྟན་འཛིན་ཆོས་གྲགས་ལགས་སུ། བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་ཏེ། ཉེ་བའི་ཟླ་གཅིག་གི་སྔོན་ཙམ་ལ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ནང་བསྐྱལ་ཡོད་འདུག

སྐབས་དེ་དུས་བསྟན་འཛིན་ཆོས་ལགས་ཀྱི་གཟུགས་པོ་སྐམ་རིད་དུ་གྱུར་ཏེ་ཤ་མདོགས་ནག་པོ་ཆགས་པ་དང་། ཡར་མར་འགྲོ་བསྐྱོད་མི་ཐུབ་པར་གཅུན་སྐྱག་ཡང་མལ་ཁྲིའི་སྟེང་འདོར་དགོས་ཆགས་ཡོད་པ་མ་ཟད། ཁ་ནས་ཁྲག་ནག་པོ་སྐྱུག་པ་དང་དྲན་ཤེས་ཉམས་ཏེ་མི་ངོ་མི་ཟིན་པར་གྱུར་ཡོད་ནའང་། སྨན་བཅོས་སྐབས་ཀྱང་ཁོང་ལ་སྔར་བཞིན་རྐང་ལྕགས་བརྒྱབ་ཡོད་པ་མ་ཟད། བཙོན་སྲུང་བ་མི་བཞིས་སྐོར་སྲུང་ལྟ་རྟོགས་འོག་ཡོད་འདུག

སྨན་པས་བརྟག་དཔྱད་བརྒྱུད་ཁོང་རང་གསོན་ཐབས་མེད་པ་རྗེས། རྒྱ་གཞུང་འབྲེལ་ཡོད་མི་སྣས་ཁོང་གི་ནང་མི་སྐད་བཏང་ཡོད་འདུག སྐབས་དེར་ནང་མིའི་ངོས་ནས་བསྟན་འཛིན་ཆོས་གྲགས་ལགས་དེ་སྔོན་འཇུ་བཟུང་སྐབས་གཟུགས་པོ་ཐང་པོ་ཡིན་པ་དང་། ད་ལྟ་བཙོན་འོག་ནས་གཟུགས་པོའི་གནས་སྟངས་འདི་འདྲ་ཆགས་པའི་སྐོར་རྩོད་པ་བྱས་པར་བརྟེན་སྨན་ཁང་གཞན་ཞིག་ཏུ་སྤོར་ཡོད་ཀྱང་། དེ་གའི་སྨན་པས་ཀྱང་ཁོང་ཉིད་གསོན་རེ་མེད་པའི་ངོས་འཛིན་བྱས་ཡོད་འདུག

ཁོང་གི་ནང་མིས་བསྟན་འཛིན་ཆོས་གྲགས་ལགས་ཕྱིར་ནང་མིར་རྩིས་སྤྲོད་ཡོང་བའི་རེ་འདུན་བཏོན་ཡང་། བཙོན་སྲུང་ཉེན་རྟོག་པས་ཁོ་ཚོར་དེའི་དབང་ཆ་མེད་པས། འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་འབུལ་དགོས་སྐོར་བརྗོད་པ་ལྟར། སྡེ་བའི་གྲོང་སྡེ་ལྷན་ཁང་གིས་རྒྱབ་སྐྱོར་ཁག་ལེན་འོ་ནང་མིས་ངོས་ནས་སྙན་ཞུ་རེ་སྐུལ་བྱས་མཐར། ཕྱི་ཟླ་ ༡༢ ཚེས་ ༢ ཉིན་ནང་མིར་རྩིས་སྤྲོད་རྗེས། ནང་མིས་སྨན་ཁང་གཞན་ལ་བསྟེན་གཏུགས་བྱས་ཀྱང་། ཕན་ནུས་མ་ཐོན་པར་གྲོངས་ཡོད་འདུག

བསྟན་འཛིན་ཆོས་གྲགས་མ་གྲོངས་སྔོན་ལ་གཟུགས་པོར་གཅོང་ནད་དང་ཀླད་པར་སྐྱོན་ཤོར་ཡོད་འདུག ལོ་སྔོན་མའི་ཕྱི་ཟླ་ ༧ པའི་ནང་གཅར་རྡུང་འོག་ཁོང་གི་མིག་ལ་སྐྱོན་ཞུགས་ཏེ་མི་མཐོང་པ་ཆགས་པར་རྟེན། སྨན་ཁང་ཞིག་ནང་མིག་གཤགས་བཅོས་བྱེད་དགོས་བྱུང་འདུག

བསྟན་འཛིན་ཆོས་གྲགས་ལགས་ལགས་ ༢༠༠༨ ཟླ་ ༣ ཚེས་ ༡༤ ཉིན་གྱི་ལྷ་སའི་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་གཙོ་བོའི་གྲས་སུ་ངོས་འཛིན་གྱིས་ལོ་དེའི་ཕྱི་ཟླ་ ༤ པའི་ནང་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། གཅར་རྡུང་འདྲི་གཅོད་ཚ་ནན་བྱས་མཐར། ལོ་དེའི་ཕྱི་ཟླ་ ༩ པའི་ནང་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་ ༡༥ གི་ཁྲིམས་ཐག་དང་རྒྱ་སྒོར་ ༡༠༠༠༠ གི་ཆད་པ་བཅད་དེ་ལྷ་ས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

བསྟན་འཛིན་ཆོས་གྲགས་སམ་བསྟན་བཅོས་ལགས་ནི། ༡༩༨༡ ཟླ་ ༡༠ པའི་ནང་ལྷ་ས་གྲོང་ཁྱེར་བྱང་ཕྱོགས་གྲོང་ལྷན་རྒྱ་འབུམ་སྒང་ཁོངས་སུ་སྐྱེས་པ་དང་། ཕའི་མིང་མཁས་གྲུབ་དང་མའི་མིང་པ་སངས་ཞུ་བ་དང་། ཁོང་ཕྱི་ལོ་ ༡༩༩༠ ལོར་རྒྱ་གར་དུ་འབྱོར་ཏེ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཁོངས་སུ་འཛིན་རིམ་བཅུ་པ་བར་སློབ་གཉེར་བྱས་ཡོད་པ་དང་། ༢༠༠༥ ལོར་བོད་དུ་ཕྱིར་ལོག་གིས་ཡུ་རོབ་ཁུལ་འབྲེལ་བ་ཡོད་པའི་རྒྱ་གྲམ་དམར་པོའི་ཚོགས་པ་ཞིག་གི་ནང་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱས་ཡོད་འདུག ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ཞི་བའི་ངོལ་རྒོལ་བྱུང་རྗེས། བསྟན་འཛིན་ཆོས་གྲགས་ལགས་ལྷ་སའི་ཞི་རྒོལ་ནང་གཙོ་བོ་སྣེ་ཁྲིད་བྱ་མཁན་གྱི་གྲས་སུ་བརྩིས་ཏེ་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད།

བསྟན་ཆོས་ལགས་ཀྱི་ཕ་མཁས་འགྲུབ་ལགས་ཀྱང་། རྒྱ་གཞུང་གིས་ཆབ་སྲིད་ཉེས་མིང་འོག་ལྟ་རྟོགས་སུན་གཙེར་སྣ་ཚོགས་བཟོས་པར་བརྟེན་ནས། བོད་ནང་གནས་མ་ཐུབ་པར་ལོ་ངོ་ ༢༠ ཡར་སྔོན་ཙམ་ནས་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད་ཅིང་། བསྟན་འཛིན་ཆོས་གྲགས་འཇུ་བཟུང་སྐབས་སུའང་ཁོང་གི་ཕ་ལགས་དང་འབྲེལ་བ་ཡོད་མེད་ཚ་འདྲི་བྱས་ཡོད་འདུག དེ་བཞིན། ལྷ་སའི་ཞི་རྒོལ་སྐབས་སུ་བསྟན་འཛིན་ཆོས་གྲགས་ལགས་ཀྱི་སྲི་མོ་བསོད་ནམས་ཀྱི་མཇིང་པར་རྒྱ་དམག་གིས་མེ་མདས་བརྒྱབ་སྟེ་རྨས་སྐྱོན་བཟོས་པ་མ་ཟད། རྗེས་སུ་འཇུ་བཟུང་བཀག་བསྐྱིལ་འོག་གཅར་རྡུང་འདྲི་གཅོད་བྱས་ཡོད་པ་དང་། ཁོང་མོའི་བུ་མོ་ཡང་དེ་དུས་འཇུ་བཟུང་གིས་གཅར་རྡུང་དྲག་པོ་བཏང་མཐར་གློད་ཡོད་འདུག

ལྟེ་གནས་ཁང་གི་གནས་ཚུལ་ནང་འཁོད་དོན། རྒྱ་གཞུང་གིས་བོད་ནང་བཙོན་འོག་སྡུག་སྦྱོང་མནར་གཅོད་འོག བོད་མི་བཙོན་པ་མང་པོ་འདས་གྲོངས་གཏོང་བཞིན་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཐད། འདི་ག་ལྟེ་གནས་ཁང་གི་ངོས་ནས་སྐྱོན་བརྗོད་དྲག་པོ་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་གཞུང་གིས་བཙོན་འོག་འདས་གྲོངས་ཕྱི་པའི་བོད་མི་བཙོན་པའི་དག་གི་ཐད་ལ་ཞིབ་འཇུག་དགོས་པའི་རེ་སྐུལ་བྱེད་བཞིན་ཡོད།

རྒྱ་གཞུང་གིས་ ༡༩༨༦ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙོན་འོག་མནར་གཅོད་བཀག་སྡོམ་ཐད་ཀྱི་ཁྲིམས་གཞིར་མིར་རྟགས་བཀོད་ཡོད་པ་དང་། ༡༩༨༨ ལོར་དངོས་སུ་ངོས་འཛིན་ལག་བསྟར་ཁས་ལེན་བྱས་ཡོད། ཁྲིམས་གཞི་དེའི་ནང་ལ་འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་བཙོན་འོག་མནར་གཅོད་མཚམས་འཇོག་དགོས་པ་གཏན་འབེབས་བྱས་ཡོད། བསྟན་འཛིན་ཆོགས་གྲགས་ལགས་ནི་རྒྱའི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་བཏང་སྟེ་འདས་གྲོངས་ཕྱིན་པ་དང་པོ་མིན། དེ་སྔོན་སྒོ་ཤུལ་བློ་བཟང་ལགས་ལའང་སྡུག་སྦྱོར་མནར་དང་། དུག་ཁབ་སོགས་བརྒྱབ་སྟེ་རྐྱེན་ལམ་དུ་བཏང་ཡོད། དེ་དག་གིས་མཚོན་པའི་རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་མནར་གཅོད་བཏང་སྟེ་བཙོན་ཁང་ནང་འདས་གྲོངས་དང་། ཡང་ན་གསོན་ཐབས་མེད་པ་བཟོས་རྗེས་ནག་ཉེས་ལ་གཡོལ་ཐབས་སུ་ནང་མིར་རྩིས་སྤྲོད་རྗེས་འདས་གྲོངས་འགྲོ་བཞིན་ཡོད།

རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་བཙོན་འོག་མནར་གཅོད་བཀག་སྡོམ་ཁྲིམས་གཞིར་མིང་རྟགས་ཡོད་ནའང་། བཙོན་འོག་མནར་གཅོད་བཀག་སྡོམ་ཚོགས་ཆུང་ངོས་ལེན་བྱེད་ཀྱི་མེད། དེའི་རྒྱུ་མཚན་ནི། བཙོན་འོག་མནར་གཅོད་བཀག་སྡོམ་ཁྲིམས་གཞི་དོན་ཚན་ ༢༠ པའི་ནང་། ཚོགས་ཆུང་དེར་བཙོན་འོག་མནར་གཅོད་གཏོང་བཞིན་པའི་ཐད་ཞིབ་འཇུག་བརྩད་གཅོད་ཀྱི་དབང་ཆ་ཡོད་པ་གསལ་བོར་བཀོད་ཡོད་པ་ལྟར། ཚོགས་ཆུང་དེའི་ལས་འགན་གཙོ་བོ་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་བཙོན་འོག་མནར་གཅོད་བཀག་སྡོམ་གྱི་ལས་གཞི་ལག་བསྟར་བྱས་ཡོད་མེད་ཐད་ཞིབ་འཇུག་བྱ་རྒྱུ་དེ་ཆགས་ཡོད། དེར་བརྟེན། ཕྱི་ལོ་ ༢༠༡༤ ལོར་བྷར་རྫིད་རྒྱལ་ཁབ་ནང་རྒྱལ་ཚོགས་ཀྱིས་བཙོན་འཇུག་མནར་གཅོད་འོག་འདས་གྲོངས་ཕྱིན་པའི་བཙོན་པའི་གནས་སྟངས་སྐོར་ལ་ཚོགས་འདུ་འཚོགས་འཆར་གྱིས། བཙོན་འོག་དང་བཙོན་གྲོལ་རྗེས་འདས་གྲོངས་ཕྱིན་པའི་བཙོན་པ་རྣམས་ཀྱི་ཐད་ཞིབ་འཇུག་ཀྱི་གྲོས་འཆར་ཞིག་བཏོན་འཆར་བྱས་པའི་ཐད། རྒྱ་གཞུང་གིས་གྲོས་འཆར་དེར་ངོ་རྒོལ་བྱས་ཡོད། གནས་ཚུལ་འདི་དག་ལས་རྒྱ་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་ཐབས་ཙམ་ལས། དོན་དངོས་ཐོག་བཙོན་འོག་མནར་གཅོད་མཚམས་འཇོག་བྱེད་ཀྱིན་མེད་པ་གསལ་འདོན་བྱས་ཡོད། ཞེས་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༦ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 3

  1. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 11 སྔོན།

    རྒྱ་གཞུང་གིས་ད་བར་བོད་མི་རིགས་ལ་འདི་འདྲ་ཐེངས་མང་བྱས་དང་བྱེད་བཞིན་ཡོད། རྒྱ་ནག་གི་བཙོན་ཁང་ནང་ཡུན་རིང་མནར་གཅོད་བཏང་རྗེས་འཆི་གྲབས་ཡོད་པའི་སྐབས་མཚན་མོའི་དུས་སུ་ལྷ་སའི་བར་སྐོར་ནང་གཡུགས་བཞག་པ་དེ་འདྲ་བྱུང་ཡོད། གང་ལྟར་རྒྱ་གུང་ཁྲན་བོད་ལ་ཡོང་ནས་བོད་མི་རིགས་ལ་སྔོན་དང་མ་འདྲ་བའི་བདེ་སྐྱིད་བསྐྲུན་ཡོད། ཅེས་རྒྱ་དམར་སྲིད་གཞུང་གིས་ཁྱབ་བསྒྲགས་བྱེད་བཞིན་པ་དེ་ལ་བདེན་པ་ཡོད་མེད་འདི་འདྲ་ཞིག་རེད།

    Reply
  2. ཀླུ་ཕྲུག says:
    ལོ་ 11 སྔོན།

    ང་རང་གིས་བྱས་ན་ད་དུང་ཁོ་དང་ཁོ་ལྟ་བུ་ཆབ་སྲིད་བཙོན་པ་མང་པོ་ཞིག་གིས་རྒྱ་ནག་གི་བཙོན་འོག་ན་མནར་གཅོད་མྱངས་དང་མྱོང་གི་ཡོད་པ་རེད་བསམ་གྱིན་འདུག ང་ཚོས་ཞིབ་འཇུག་ཡག་པོ་བྱས་ཏེ་ཁོང་ཚོ་འདི་ལྟར་ངན་གསོད་བྱེད་མ་བཅུག་པར་བསྐྱོབ་ཐུབ་བྱེད་དགོས་ཀྱིན་འདུག

    Reply
  3. རྣམ་རྒྱལ། says:
    ལོ་ 11 སྔོན།

    བོད་ཁྱིམ་སློབ་ཁྱབ་ཁྱོངས་ཀྱི་སློབ་ཕྲུག་ཡོངས་རྫོགས་དང་། སློབ་ཟུར་ཡོང་རྫོགས་མཉམ་རུབ་ཐོག གང་མགྱོགས་རྒྱ་ནག་གཞུང་ལ་སྙན་ཞུ་ཞིག་འབུལ་དགོས་པ་དང་། དེའི་ངོས་བཤུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་སྲིད་བློན་དང་སྲིད་འཛིན། གཞུང་ཚབ་ཁང་ཁག་ལ་གཏོང་རྒྱུའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese