མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ཙཱ་བ་བཀྲ་ཤིས་ཚེ་རིང་ལགས་སྐུ་གཤེཊ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཚེས་ ༥ ཉིན་བོད་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བ་ཆེན་མོ་རྒན་བཀྲ་ཤིས་ཚེ་རིང་ལགས་དགུང་གྲངས་ ༨༥ སྟེང་ལྷ་སར་སྐུ་གཤེགས་ཡོད་འདུག

བོད་ཀྱི་ཤེས་ཡོན་སློབ་གསོའི་ལས་དོན་ཐོག་ཕྱག་རྗེས་རླབས་ཆེན་འཇོག་གནང་མཁན། བོད་མི་ཡིག་ངོ་ཆོད་མཁན་ཡོངས་ཀྱི་སེམས་ནང་བག་ཆགས་ཟབ་པའི་<<དབྱིན་བོད་རྒྱ་གསུམ་ཚིག་མཛོད།>>རྩོམ་མཁན་ལོ་ཙཱ་བ། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་དབུས་གཙང་ཁུལ་དུ་དབྱིན་ཡིག་ཁྱབ་བརྡལ་གཏོང་མཁན་དང་བོད་པའི་རུམ་གདན་དང་ཁེ་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་གསར་བརྗེ་བ་རྒན་བཀྲ་ཤིས་ཚེ་རིང་ལགས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༥ ཉིན་གྱི་ཞོགས་པར་ལྷ་སར་སྐུ་ཚེའི་ཕན་པ་རྫོགས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་དྲ་གནས་སུ་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་མི་ཚེའི་ལོ་རྒྱུས་མདོར་ཙམ་འཁོད་པའི་ནང་། བཀྲ་ ཤིས་ཚེ་རིང་ལགས་ནི་ ༡༩༢༩ ལོར་གཙང་རྣམ་གླིང་རྫོང་གི་དབུལ་པོའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་པ་དང་དགུང་ལོ་ ༡༠ པའི་ཐོག་ཁྲལ་པའི་ལས་དབང་དང་བསྡེབས་ནས་ལྷ་སར་བཀའ་ཤག་སྲིད་གཞུང་གི་ནང་མའི་འཁྲབ་སྟོན་པར་བཀུག་པ་དང་གར་པ་མཚོ་ཆེན་ཟློས་གར་ཚོགས་པའི་སློབ་མ་ཞིག་ཏུ་གྱུར་ པ་རེད། དགུང་ལོ་ ༡༣ ལོར་ཕ་ཡུལ་དུ་ལོག་ནས་དེ་གའི་སྒེར་བཙུགས་སློབ་གྲྭ་ཞིག་ཏུ་རང་ཅག་བོད་ཀྱི་སྐད་ ཡིག་ལ་སྦྱང་པ་གནང་བ་དང་ཕྱིར་ལྷ་སར་སླེབས་རྗེས་བཀའ་ཤག་སྲིད་གཞུང་གི་གཉེར་ གཡོག་རྒྱུགས་ཀྱིན་བསྡད། ༡༩༥༧ ལོར་སྟེས་དབང་གི་གོ་སྐབས་ཤིག་གིས་རྒྱ་གར་དུ་ཚོང་རྒྱག་པར་འགྲོ་ཐུབ་པ་བྱུང་ཞིང་སྐབས་དེ་ནས་བཟུང་དབྱིན་ཡིག་གཙོས་ནུབ་གླིང་གི་རིག་གནས་སྤྱི་དང་བྱེ་བྲག་ལ་སྦྱང་བརྩོན་བྱེད་མགོ་བརྩམས།

ཕྱིས་སུ་ཨ་རིར་ཕེབས་ཡོད་ཀྱང་ ༡༩༦༤ ཁོང་གིས་ཕ་ཡུལ་བོད་ཀྱི་གནས་བབ་ལ་རྒྱང་གཟིགས་དང་དེའི་རྗེས་ལུས་ཀྱི་རྣམ་པར་ འགྱུར་བ་གཏོང་སླད་རང་དབང་དང་། ཡར་རྒྱས། དཔལ་ཡོན་གྱི་ཕུགས་འདུན་ཞིག་ལ་སྙེག་ཕྱིར་ཨ་རིར་ཡོད་པའི་གྲོགས་པོ་ཚོའི་ཁ་ཏར་མ་ཉན་པར་ཕྱིར་རང་ཡུལ་དུ་ལོག་ཕེབས་ཤིང་བོད་ལྗོངས་མི་རིགས་སློབ་གླིང་གི་སྒོ་ ཐེམ་འཛུལ་ནས་དེ་གར་སློབ་གསོའི་ཕྱག་ལས་གཉེར། སྐབས་དེར་ཀྲུང་གོའི་དུས་བབ་ཟང་ཟིང་དང་ཆབ་སྲིད་ཀྱི་མཁའ་དབུགས་སྟུག་པོའི་ ཁྲོད་དུ་ཁོང་ཉིད་ལོ་ངོ་ ༦ རིང་བཙོན་དུ་ཚུད་པ་དང་སྤྱི་ལོ་ ༡༩༧༣ ལོར་ད་གཟོད་གློད་གྲོལ་ཐོབ།

༡༩༨༢ ལོར་བོད་ལྗོངས་སུ་ལས་གནས་སྤར་བ་དང་སྔར་བཞིན་སློབ་གསོའི་ལས་དོན་ལ་ནུས་པ་གང་ཡོད་འདོན་གྱིན་བཞུགས་པ་རེད། ༡༩༨༥ ལོར་ཁོང་གིས་ལྷ་སར་ལས་ཞོར་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭ་ཞིག་བཙུགས་པ་དང་ བོད་ལྗོངས་སུ་དབྱིན་སྐད་ཀྱི་ཡུལ་སྐོར་སྣེ་ཤན་པ་དང་མགྲོན་ཁང་གི་ཞབས་ཞུ་བ་ སྐོར་ཞིག་གསོ་སྐྱོང་མཛད། སྐབས་དེར་རང་ཉིད་ཕྱིན་ཆད་ཀྱི་དགེ་སྒྲུབ་ལས་འགུལ་སྤེལ་རྒྱུར་མཁོ་བའི་མ་དངུལ་ ཡང་མི་ཉུང་བ་གསོག་འཇོག་གནང་ཡོད།

དུས་རབས་ ༢༠ པའི་ལོ་རབས་ ༨༠ པའི་ནང་ཕ་ཡུལ་གྱི་སློབ་གྲྭ་ཁག་ལ་གོད་ཆག་ཚབས་ཆེན་བྱུང་བའི་རྐྱེན་གྱིས་ས་དེ་གའི་སློབ་མ ༡༠༠ ལྷག་ལ་སློབ་གཉེར་བྱེད་སའི་མཐུན་རྐྱེན་མེད་པར་གཟིགས་ནས་ཁོང་ཉིད་ཀྱིས་མ་དངུལ་ ཡོད་ཚད་བཏོན་གནང་སྟེ་ས་དེ་གར་སློབ་གྲྭ་འཛུགས་རྒྱུའི་དགོངས་བཞེས་རྙེད། ༡༩༩༠ ལོའི་ཟླ་ ༧ པའི་ཚེས་ ༡༡ ཉིན་སློབ་གྲྭ་གསར་འཛུགས་ཀྱི་ལས་འགོ་ཚུགས་པ་དང་སློབ་མ་བརྒྱ་ལྷག་གི་ཟས་གོས་ དང་སློབ་སྦྱོང་གི་མཐུན་རྐྱེན་སྦྱར་ཞིང་སློབ་མ་ཕལ་ཆེ་བ་བདེ་བླག་ངང་རྫོང་ སློབ་ཆུང་གི་ལོ་རིམ་ལྔ་པར་འཕར་ཐུབ་པ་བྱུང་བ་དང་དེ་དག་ལས་ཤི་ལོག་ཚེ་རིང་སོགས་སློབ་མ་འགའ་ཕུལ་བྱུང་གི་སྦྱང་འབྲས་ལ་བརྟེན་ནས་ནང་སའི་སློབ་གྲྭ་ཁག་ཏུ་ ཚུད་ཡོད།

རྒྱུ་བཟང་པོར་འབྲས་བུ་བཟང་པོ་འབྱུང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་ཡང་དག་ པའི་བྱ་གཞག་དེར་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་བ་ཚོར་ནས་ཁོང་ཉིད་ཀྱི་དགེ་ སྒྲུབ་སྤྱི་ཕན་གྱི་བྱ་གཞག་ལ་སྔར་བས་སྒུལ་ཤུགས་བྱིན་པ་དང་སྤྱི་ལོ་ ༡༩༩༢ ལོར་སྒོར་ ༣༠༠༠༠ གྱི་མ་དངུལ་བཏང་ནས་རང་ཉིད་ཀྱི་ཕ་ཡུལ་དུ་སླར་ཡང་སློབ་གྲྭ་གསར་རྒྱག་གི་བྱ་ གཞག་རླབས་པོ་ཆེར་ཞུགས་གནང་ཞིང་ ༡༩༩༧ ལོ་བར་ཕ་ཡུལ་གྱི་ཡུལ་ལུང་གང་སར་སློབ་གྲྭ་ཁྱོན་ ༣༠ གསར་འཛུགས་གནང་བ་རེད། ཁོང་ཉིད་ཀྱི་མི་ཚེ་གང་པོ་བོད་ཀྱི་སློབ་གསོའི་བྱ་གཞག་དོན་དུ་ལེགས་སྐྱེས་ཕུལ་ཡོད། ཅེས་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 4

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཁོང་སྐུ་གཤེགས་པ་ཡིད་སྐྱོ་དང་བཅས་སླར་ཡང་
    ཁོང་གངས་ལྗོངས་སུ་སྔོན་མ་ལས་ཤེས་འཇོན་
    ཆེ་པའི་བོད་མི་རིགས་ཀྱི་སྐྱེས་བུ་རླབས་ཆེན་ཞིག་
    སྐྱེ་པའི་རེ་སྨོན་ཞུ།།

    Reply
  2. བཟང་པོ། says:
    ལོ་ 12 སྔོན།

    རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་གི་ཉི་མ་ནུབ་རིར་བཞུད་པར་སྐྱོ་གདུང་གི་མིག་ཆུ་བཞུར་བཞིན་མ་ཎི་བགྲང་གི་ཡོད། ཨོྃ་མ་ཎི་པདྨེ་ཧུྃ། ཨོྃ་མ་ཎི་པདྨེ་ཧུྃ། ཨོྃ་མ་ཎི་པདྨེ་ཧུྃ།

    Reply
  3. འཇིགས་མེད་སེངྒེ། says:
    ལོ་ 12 སྔོན།

    ཚེ་རིང་བཀྲ་ཤིས་མ་རེད། བཀྲ་ཤིས་ཚེ་རིང་ལགས་རེད།
    ཁོང་སྐུ་གཤེགས་པར་རྗེས་དྲན་ཞུ།

    Reply
  4. འཇིགས་མེད་སེངྒེ། says:
    ལོ་ 12 སྔོན།

    ཚེ་རིང་བཀྲ་ཤིས་མ་རེད། བཀྲ་ཤིས་ཚེ་རིང་ལགས་རེད།
    ཁོང་སྐུ་གཤེགས་པར་མྱ་ངན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese