མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྡེ་དཔོན་ལྷག་བསམ་ཅན་ཞིག་རྒྱ་གཞུང་གིས་དམར་གསོད་བཏང་སོང་།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ནས་གནས་ཚུལ་འབྱོར་བ་ལྟར་ན་ཟླ་སྔོན་མའི་ཟླ་མཇུག་ཙམ་ལ་འབྲི་རུ་རྫོང་ཁོངས་རྒྱ་ཤོད་གཡང་ཤོད་ཤང་འོག་གི་དབུ་གཞུང་གྲོང་སྡེའི་མགོ་ཁྲིད་འབའ་ཆེན་རྒྱལ་ཞུ་བ་ཁོང་རྒྱ་གཞུང་གིས་དམར་གསོད་བཏང་ཡོད་པ་མ་ཟད། གཞན་ས་གནས་ཀྱི་ཉེས་མེད་མི་མང་པོ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་འདུག

བོད་ནས་མིང་བརྗོད་འདོད་མེད་མཁན་ཞིག་གིས་ཕྱི་ཕྱོགས་སུ་ཡིག་ངག་གཉིས་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༡ ཉིན། འབྲི་རུ་རྫོང་ཁོངས་རྒྱ་ཤོད་གཡང་ཤོད་ཤང་ངམ་(སེན་ཚ་ཤང་)ཁོངས་དབུ་གཞུང་གྲོང་སྡེའི་མགོ་ཁྲིད་འབའ་ཆེན་རྒྱལ་བའམ་ངག་དབང་སྨོན་ལམ་ཞུ་བ་རང་ལོ་ ༥༠ ཡས་མས་ཡིན་པ་ཁོང་རྒྱ་གཞུང་གིས་སེན་ཚ་ཤང་དུ་དམར་གསོད་བཏང་ཡོད་འདུག་པ་མ་ཟད། གྲོང་ཚོ་དེའི་མི་མང་ ༥༠ ཙམ་འཛིན་བཟུང་བྱས་ཏེ། གཡང་ཤོད་ཤང་དུ་བཀག་ཉར་བྱས་མཐར་འབྲི་རུ་རྫོང་དུ་ཁྲིད་དེ་བཙོན་འཇུག་བྱས་ཡོད་འདུག༼མིང་ཤེས་པ་ཁག་ཅིག་ནི་དཔའ་དགའ་དང་ནད་མེད། དྲོ་རིལ། བཀྲ་ཤིས་བཅས་རེད་འདུག ༽

དོན་རྐྱེན་དེའི་འབྱུང་རྐྱེན་ད་སྔ་ཁ་གསལ་བོ་ཞིག་རག་ཐུབ་མེད་ཀྱང་། དབུ་གཞུང་གྲོང་ཚོའི་མགོ་ཁྲིད་འབའ་ཆེན་རྒྱལ་བ་ལགས་རྒྱ་ཤོད་པད་དཀར་དགོན་པའི་གྲྭ་ཟུར་ཞིག་ཡིན་པ་དང་། ཁོང་ནི་བོད་མི་རིགས་ལ་ལ་རྒྱ་ཆེ་ཞིང་། སྙིང་སྟོབས་ལྡན་པའི་གཤིས་བཟང་གཞུང་དྲང་ཞིག་ཡིན་པ་དང་། ལོ་མང་རིང་དབུ་གཞུང་གྲོང་ཚོའི་མགོ་ཁྲིད་གནང་སྟེ། མང་ཚོགས་ཀྱིས་ཁོང་ལ་གུས་བཀུར་གདེང་འཇོག་ཆེན་པོ་བྱེད་ཀྱིན་ཡོད་སྟབས། རྒྱ་གཞུང་གིས་ཁོང་ལ་དུས་རྒྱུན་ལྟ་སྟངས་ཡག་པོ་མེད་པ་དང་། ཉེ་ཆར་རྒྱ་གཞུང་གིས་འབའ་ཆེན་རྒྱལ་བ་གྲོང་ཚོའི་མགོ་ཁྲིད་དུ་བཞག་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། རྒྱ་ཡིས་མགོ་ཁྲིད་གསར་པ་ཞིག་ཀྱང་གྲོང་སྡེའི་མགོ་ཁྲིད་ལ་བསྐོ་རྒྱུ་བྱས་འདུག་སོགས་ལ་བརྟེན་ཏེ། ཁོང་ལ་ཉེས་མེད་ཉེས་འཛུགས་ཀྱིས་དམར་གསོད་བཏང་བ་ཡིན་པར་ས་གནས་མི་མང་ཚོས་ཚོད་དཔག་བྱེད་ཀྱིན་ཡོད་འདུག

སེན་ཚ་ཤང་དུ་དམར་གསོད་དང་འཇུ་བཟུང་དོན་རྐྱེན་དེ་དག་བྱུང་མ་ཐག རྒྱ་གཞུང་གིས་མི་མང་ལ་གནས་ཚུལ་ཕྱི་གྱར་མི་ཆོག་པའི་སྡིགས་ར་སྐུལ་བ་དང་། ས་གཞན་ལ་འགྲོ་སྐྱོད་མི་ཆོག་པའི་དམ་དྲག་བྱས་པ། ཡུལ་མི་རྣམས་ཀྱིས་གནས་ཚུལ་ཕྱི་ལ་མི་སྒྲག་རྒྱུའི་ས་རྟགས་དང་མཛུབ་ཐེལ་རྒྱག་འཇུག་གི་ཡོད་འདུག

སྡེ་དཔོན་འབའ་ཆེན་རྒྱལ་ལགས་ཀྱིས་བོད་པའི་ཆོས་དང་རིགས་གཞུང་དར་སྤེལ་དང་། གཞོན་སྐྱེས་ཚོའི་ཤེས་ཡོན་ཡར་རྒྱས། ནང་ཁུལ་མཐུན་སྒྲིལ་བཅས་ཀྱི་ཐོག་ལས་འགུལ་སྣ་ཚོགས་སྤེལ་བར་གྲུབ་ཆེན་པོ་ཐོན་ཡོད་ཅིང་། ཁོང་གིས་གྲོང་ཚོའི་ནང་སྤྱི་ཁང་རྒྱ་ཆེན་པོ་ཞིག་བརྒྱབ་ཡོད་པ་དེར། བླ་མ་དགེ་བཤེས་ཚོའི་བཀའ་ཆོས་གོ་སྒྲིག་ཞུ་ས་དང་། ལོ་ལྟར་མང་ཚོགས་ཀྱིས་སྒྲོལ་མ་དང་མ་ཎི་དུང་སྒྲུབ། མང་ཚོགས་ཀྱིས་གླུ་གར་ཞབས་བྲོ་སྦྱང་ས་དང་སྤྲོ་སྐྱིད་བཏང་ས་བྱེད་ཀྱིན་ཡོད་པ་དང་། ཡིག་རྨོངས་སེལ་ཕྱིར་ཁོང་གིས་གྲོང་ཚོའི་སློབ་གྲྭ་ཞིག་བརྒྱབ་ཡོད་པའི་ནང་ཡིག་རྨོངས་བ་རྒན་གཞོན་དར་གསུམ་ལ་གྲོང་སྡེའི་ནང་གི་ཤེས་ཡོན་ཅན་དང་སློབ་གྲྭར་འགྲོ་མྱོང་མཁན་ཚོས་སློབ་ཁྲིད་གནང་སྟེ་གཅིག་ཕན་གཅིག་གྲོགས་ཀྱི་ལམ་ལུགས་བཟོས་ཡོད་འདུག གྲོང་ཚོ་ནས་བོད་ཀྱི་ཟློས་གར་རུ་ཁག་ཆེ་འབྲང་ཆུང་གསུམ་བཙུགས་པ་སྐབས་མཚམས་དབུ་གཞུང་གྲོད་སྡེ་དང་པད་དཀར་དགོན་པའི་དབྱར་སྐྱིད་སྐབས་བོད་ཀྱི་རིགས་གཞུང་ཁྲབ་སྟོན་གནང་གི་ཡོད་འདུག དེ་བཞིན། གྲོང་སྡེའི་སྨན་ཁང་དང་ཚོང་ཁང་། སྣུམ་འཁོར་རྒྱ་ལམ་བཅས་འཛུགས་སྐྲུན་བྱས་ཡོད་འདུག

ཁོང་གིས་བོད་མི་ནང་ཁུལ་ནང་དམེ་སྤང་དུ་བཅུག་པ་དང་། གྲོང་ཚོའི་ཕོ་གཞོན་ཚོའི་རྒྱན་རྩེད་རིགས་དང་། ཆང་རག་དང་དུ་བ་སོགས་སྤང་དུ་བཅུག་པ། རྐུན་ཇག་སྤང་དུ་བཅུག་པ་སོགས་ཀྱི་ལས་དོན་ལ་མི་དམངས་གིས་བཀའ་གསུང་ཅི་སྒྲུབ་ཞུས་ཏེ། གྲོང་སྡེའི་གཞོན་སྐྱེས་ཚོའི་འགྲོ་འདུག་སྤྱོད་གསུམ་ཐོག་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་འདུག

གཞན། རྒྱ་ཤོད་པད་དཀར་དགོན་ནས་གྲྭ་བ་ ༤༠ ལྷག་ཙམ་ཕྱིར་ཕུད་བཏང་བ་དང་། རྒྱ་ཤོད་ཡ་ང་བྱ་མདའ་བཙུན་དགོན་བྱ་མདའ་དགོན་ནས་བཙུན་མ་བརྒྱ་ལྷག་ཙམ་ཕྱིར་ཕུད་བཏང་ཡོད་འདུག༼དེ་སྔོན་བཙུན་མ་གྲངས་ ༢༦ ཙམ་ཕྱིར་ཕུད་བཏང་བའི་གནས་ཚུལ་སྤེལ་ཟིན།༽ད་དུང་མདོ་སྟོད་སྨད་ཁུལ་དུ་རྒྱ་ཤོད་ཀྱི་གྲྭ་བཙུན་མང་པོ་སློབ་གཉེར་དུ་སྐྱོད་ཡོད་པ་ཚང་མ་ཕྱིར་རང་ཡུལ་ལ་འཕྲལ་དུ་ལོག་དགོས་ཚུལ་ནང་མི་དང་དགོན་པའི་འགན་འཛིན་སོགས་ལ་བཙན་བཀའ་བཏང་བ་དང་། གལ་སྲིད་དུས་ལྟར་མ་ལོག་ཚེ་ཕ་ཡུལ་ནས་གཏན་འཕུད་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་ཀྱང་བྱས་ཡོད་འདུག དེར་བརྟེན། ས་ཕྱོགས་གཞན་དུ་ཡོད་པའི་གྲྭ་བཙུན་མང་པོ་ཞིག་གིས་མི་འདོད་བཞིན་དུ་སློབ་གཉེར་བློས་བཏང་བྱས་ཏེ་ཕྱིར་ལོག་དགོས་བྱུང་བ་དང་། ད་ཆར་ཉིན་ལྟར་དགོན་པ་དེ་དག་ནང་བསམ་བློའི་སློབ་གསོ་སྤེལ་ཏེ་སུན་འཚེར་བཟོ་བཞིན་ཡོད་འདུག

གནས་ཚུལ་གཞན་ཞིག་ནི། དེང་སྐབས་འབྲི་རུ་རྫོང་གི་མགོ་ཁྲིད་དྲེང་འགང་ཧྲུའུ་ཅི་ཟེར་དེས་དོན་ཚན་ ༥༩ ཅན་གྱི་སྒྲིག་ཁྲིམས་ཞིག་རྫོང་འོག་གི་ས་ཁུལ་ཁག་དུ་ལག་བསྟར་བྱས་ཏེ། མི་མང་ལ་དོན་མེད་ཉེས་འཇུགས་ཀྱིས་སྡུག་སྦྱོངས་མནར་གཅོད་གཏོང་གི་ཡོད་པ་དང་། ཉེ་ལམ་མི་མང་ ༣༠༠ ལྷག་འབྲི་རུ་རྩམ་མདོ་མ་ཟེར་བའི་ས་ཚུགས་དེར་རྒྱ་དམག་གིས་རྡུང་རྡེག་ཚད་མེད་བཏང་པ་དང་། མི་དེ་དག་ས་དོང་ཆེན་པོ་ཞིག་གི་ཁ་ནས་མཆོང་དུ་བཅུག་ཅིང་། ལོ་རྒས་པ་རྣམས་མཆོང་མ་ཐུབ་པར་རྡུང་རྡེག་མནར་གཅོད་བཏང་ཡོད་འདུག བོད་མི་དེ་ཚོས་ངག་ནས་མ་འོངས་པར་མི་ང་ཚོའི་མྱོང་བ་ནང་བཞིན་བོད་མི་གཞན་ཚོས་མི་མྱོང་བར་ཤོག་ཟེར་ནས་སྨོན་ལམ་བཏབ་པ་དང་། ང་ཚོ་མི་ལུས་མ་རེད་ཟེར་ནས་སྡུག་སྐད་ཀྱང་ཤོར་དགོས་བྱུང་ཡོད་འདུག

གནས་ཚུལ་བརྗོད་མཁན་གྱིས་འབྲི་རུ་རྫོང་གི་མགོ་ཁྲིད་དྲེང་འགང་ཧྲུའུ་ཅིའི་ལས་འགུལ་དེ་མཚམས་འཇོག་ཡོང་ཐབས་ལ། རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་དང་ཐབས་ཤེས་འདྲ་གཏོང་རྒྱུ་ཡོད་ན་མགྱོགས་མྱུར་གཏོང་དགོས་པ་ལས། མི་མང་ཚོས་མ་ཤི་མྱལ་བའི་སྡུག་བསྔལ་མྱོང་བཞིན་འདུག ཅེས་ཚོར་བ་རྐྱེན་པོའི་འབོད་སྐུལ་ཞུ་བཞིན་ཡོད་འདུག

གནས་ཚུལ་ནང་འཁོད་པར། བོད་ལྗོང་ཤར་ཕྱོགས་ཤན་ཁག་གསུམ་དང་༼སྦར་ཆེན་རྫོང་དང་། སོག་རྫོང།་ འབྲི་རུ་རྫོང་བཅས་གསུམ་ཡིན།༽འབྲི་རུ་རྫོང་ཁུལ་དང་སྒོས་སུ་རྒྱ་ཤོད་ཁུལ་ནི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེས་དམ་དྲག་ཆེ་ས་དང་། གསང་རྒྱ་དམ་སའི་དམིག་བཀར་ས་ཁུལ་ཞིག་ཡིན་སྟབས། ལོ་ཤས་གོང་ནས་ཆབ་སྲིད་ཀྱི་གནས་ཚུལ་བསྟུད་མུར་བྱུང་སྟབས། སྐབས་ཤིག་རིང་ཁ་པར་བཀག་པ་དང་། དྲ་ལམ་རྩ་བཀག་བཏང་བས་ཕྱི་ཕྱོགས་ནས་ཕ་མ་སྤུན་མཆེད་ལའང་འབྲེལ་བ་བྱེད་ཐབས་མེད་པ་ཆགས་ཡོད་འདུག

རྒྱ་ཤོད་བསྟན་འཛིན་རབ་བརྟན་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༤ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese