མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུན་གསལ་མེ་ལོང་མཉེན་ཆས་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༤/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཀུན་གསལ་མེ་ལོང་ཞེས་པའི་གསུང་རབ་མཉེན་ཆས་ཤིག་དབུ་འབྱེད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་ཉེ་འཁྲིས་སུ་ཡོད་པའི་གཏེར་སྒར་དགོན་གྱི་བླ་གྲྭ་མང་པོ་འདུ་འཛོམས་ཐོག དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དམ་ཆོས་བང་མཛོད་ལས་འཆར་ཚོགས་པས་བཟོས་བའི་ཀུན་གསལ་མེ་ལོང་(Adarsha)ཞེས་པའི་མཉེན་ཆས་ཤིག་ཚོད་ལྟའི་ཚུལ་དུ་དབུ་འབྱེད་གནང་བ་དང་འབྲེལ། དམ་ཆོས་བང་མཛོད་ཅེས་པའི་ལས་འཆར་གྱི་དགོས་དམིགས་དང་བརྙན་རས་བརྒྱུད་ཀུན་གསལ་མེ་ལོང་མཉེན་ཆས་བེད་སྤྱོད་གཏོང་ཕྱོགས་སྐོར་ངོ་སྤྲོད་གནང་འདུག

མཉེན་ཆས་དབུ་འབྱེད་ཐོག་རྒྱལ་བ་ཀརྨ་པ་མཆོག་གིས་དམ་ཆོས་བང་མཛོད་ཅེས་པའི་ལས་འཆར་གྱི་དགོས་དམིགས་སྐོར་གསུངས་དོན། དུས་རབས་ཉེར་གཅིག་པ་འདིར་ཆ་འཕྲིན་གྱི་དུས་རབས་ཟེར་གྱི་ཡོད་པ་དང་། ཆ་འཕྲིན་དུས་རབས་འདིར་དྲ་རྒྱ་དང་སྤྱི་ཚོགས་འབྲེལ་ལམ་ངོ་དེབ་སོགས་འདྲ་མིན་སྣ་ཚོགས་ཤིག་ཡོད་སྟབས། དེ་ཚོ་བརྒྱུད་ནས་གནས་ཚུལ་མང་པོ་ཞིག་ཕན་ཚུན་གཏོང་སྤེལ་བྱེད་པའི་དུས་ཚོད་ཅིག་ཏུ་སླེབ་བསྡད་ཡོད་པ་རེད། སྔོན་མ་ཡིན་ན་བཀའ་བསྟན་བཅོས་ཀྱི་གསུང་རབ་དེ་ཚོ་གོས་ཆེན་གྱིས་དཀྲིས་ཏེ་མཆོད་བཤམས་ནང་བཞག་ཡོད་ཀྱང་། དེང་སང་གསུང་རབ་ལྟ་ཀློག་བྱེད་པར་ངེས་པར་དུ་དཔེ་མཛོད་ཁང་དུ་འགྲོ་མི་དགོས་པར་སོ་སོའི་ལག་ཐོགས་ཁ་པར་དང་གློག་ཀླད་སོགས་ཀྱི་ནང་ནས་ལྟ་ཀློག་ཐུབ་པ་ཞིག་བཟོ་དགོས་པ་དེ། དེང་སང་གི་འགྲོ་སྟངས་འདྲ་བོ་ཆགས་བསྡད་ཡོད་པ་རེད། ཡིན་ནའང་། བོད་བརྒྱུད་ནང་པ་སངས་རྒྱས་པའི་ངོས་ནས་དེ་ཚོའི་ཕྱོགས་ལ་ཏོག་ཙམ་རྗེས་ལུས་འདྲ་བོ་ཐེབས་བསྡད་ཡོད་པ་རེད། ང་ཚོའི་བོད་ཡིག་གི་དྲ་རྒྱ་དེ་ཚོ་ཡིན་ནའང་གཞན་དག་ལ་བལྟས་པ་ཡིན་ན་རྒྱ་ཆུང་ཆུང་དང་གྲངས་འབོར་ཉུང་ཉུང་རེད། དེའི་ནང་ནས་བཀའ་བསྟན་འགྱུར་དང་གསུང་རབ་སྐོར་ནས་དེ་བས་ཀྱང་ཉུང་ཉུང་ཆགས་ཡོད། དུས་རབས་ཀྱི་རྗེས་ཟིན་པ་བྱས་ནས་འགྲོ་མ་ཐུབ་ན་དེང་དུས་ཀྱི་མིའི་དགོས་མཁོ་དང་འདོད་བློ་སྐོང་མ་ཐུབ་པ་ཆགས་ཡོད་དུས། དེང་དུས་ཀྱི་མི་ཚོས་ང་ཚོའི་སྲོལ་རྒྱུན་གྱི་གསུང་རབ་ལ་དབྱིངས་ཞེ་དྲག་མེད་པར་གསུང་རབ་རིན་ཐང་བྲལ་བ་དེ་ཚོ་རིམ་གྱིས་ལྟ་ཀློག་དང་སློབ་སྦྱོང་བྱེད་མཁན། དེ་ལ་ཞིབ་འཇུག་བྱེད་མཁན་ཉུང་དུ་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་སྟབས། ང་ཚོས་༼དམ་ཆོས་བང་མཛོད༽ཅེས་པའི་ལས་འཆར་དེའི་ཐོག་ནས་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གཙོ་བོར་གྱུར་བའི་བོད་བརྒྱུད་ནང་པ་སངས་རྒྱས་པའི་གསུང་རབ་ཆ་ཚང་བ་ཞིག་དང་། དེ་ཙམ་མ་ཟད་ཆོས་དང་མ་འབྲེལ་བའི་བོད་ཀྱི་རིག་གཞུང་སྐད་ཡིག་དང་འབྲེལ་བའི་ཡིག་ཆ་དེ་ཚོའང་། དེང་དུས་ཀྱི་ཐབས་ལམ་གསར་པའི་ཐོག་ནས་འཛམ་གླིང་སྤྱི་ཡོངས་ཀྱིས་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་སྟབས་བདེ་པོ་དང་ལས་སླ་པོ། བེད་སྤྱོད་ཆེན་པོ་ཡོང་སླད་དུ་ལས་འཆར་འདི་སྤེལ་བ་ཡིན་ལ། དེ་རིང་གི་ལས་འཆར་འདི་ཚོད་ལྟའི་དཔེ་མཚོན་ཙམ་དུ་དབུ་འབྱེད་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་འདུག

ཡང་ཁོང་གིས། དེ་རིང་དབུ་འབྱེད་བྱས་པའི་ལྡེ་མིག་འདྲ་བོ་(མཐེབ་སྡེར)འདིའི་ནང་དུ་ག་རེ་ཡོད་པ་རེད་ཟེར་ན། འཇང་བཀའ་འགྱུར་གྱི་འདུལ་བ་ནས་མདོ་སྡེ་བར་གྱི་པོ་ཏི་ ༧༡ ལ་ལྟ་ཀློག་དང་འཚོལ་ཞིབ་བྱེད་རྒྱུ་ཡོད་པ་རེད། མཉེན་ཆས་འདི་ཀུ་ཤུ་རྟགས་ཅན་དང་སྐར་ཁུང་རྟགས་ཅན་གྱི་གློག་ཀླད་ནང་དུ་ལྟ་ཀློག་བྱེད་ཐུབ་ལ། མཉེན་ཆས་འདིའི་མིང་ཨ་ཏར་ཤ་ཟེར་དུས་བོད་སྐད་ཐོག་༼མེ་ལོང༽ཟེར་གྱི་ཡོད་པ་རེད། མེ་ལོང་ཞེས་བཏགས་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་མ་འོངས་པར་བསྟན་འགྱུར་སོགས་མཁས་པ་རྣམ་པའི་གསུང་རབ་ག་ཚོད་ཐུབ་ཐུབ་ཅིག་འདིའི་ནང་དུ་བཅུག་རྒྱུ་ཡིན་པས། གསུང་རབ་ཐམས་ཅད་མེ་ལོང་ནང་གཟུགས་བརྙན་ཤར་བ་ནང་བཞིན་འདིའི་ནང་ནས་འཆར་ཐུབ་ཀྱི་ཡོད་པས་ཀུན་གསལ་མེ་ལོང་ཞེས་བཏགས་པ་རེད་ཅེས་དང་། ལས་འཆར་འདི་ལས་སླ་བོ་དང་སྟབས་པོ་ཞིག་གཏན་ནས་མིན་པར་དཀའ་ལས་ཞེ་དྲག་རྒྱག་དགོས་པ་དང་། ཞུ་དག་གཏོང་རྒྱུ་གཅིག་པུར་དམིགས་བསལ་གྱི་མཉེན་ཆས་བཟོས་ཏེ། ན་ནིང་ནས་མགོ་འཛུགས་ཀྱིས་ལོ་ངོ་ ༢ རིང་བྱས་པ་དང་། ད་ལྟའི་ཆར་མི་ ༢༡ གིས་ཉིན་གང་བོར་གློག་ཀླད་དུ་བལྟས་ནས་ཞུ་དག་བྱེད་ཀྱི་ཡོད་པ་དང་། དེ་བཞིན་མ་དཔེ་འཚོལ་སྡུད་དང་དཔེ་བསྡུར་སོགས་ལས་འཆར་འདིར་དཀའ་ལས་ཚད་མེད་པ་ཞིག་ཡོད་སྐོར་དང་། མ་འོངས་པར་བོད་ནང་ནས་ལྟ་ཀློག་བྱེད་པར་སྟབས་བདེ་ཡོང་སླད། ལས་འཆར་ཚོགས་པ་གཙོ་བོ་དེ་ཐའེ་ཝན་དུ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་ཀུན་གསལ་མེ་ལོང་མཉེན་ཆས་དྲ་རྒྱའི་ནང་བཅུག་སྟེ་དངོས་སུ་འཛམ་གླིང་ཤར་ནུབ་ཀྱི་སྐྱེས་བོ་ཚང་མས་ལྟ་ཀློག་ཐུབ་པ་གནང་རྒྱུ་དང་། དེ་བཞིན་མ་འོངས་པར་འཇང་བཀའ་འགྱུར་ལ་མ་དཔེ་ཆེ་ཆུང་ག་ཚོད་ཡོད་པ་དེ་བསྐྱར་དུ་པར་སྐྲུན་བྱས་ཏེ། ཆོས་སྡེ་ཁག་དང་བླ་ཆེན་རྣམ་པར་རིན་མེད་ཀྱིས་ཕུལ་ཐུབ་པའི་རེ་བ་གནང་བཞིན་ཡོད་སྐོར་སོགས་གསུངས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༤ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese