མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༤༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཟླ་འདིའི་ཚེས་མགོར་རྒྱ་ནག་ནན་ཅིན་གྲོང་འཁྱེར་དུ་ལོ་ངོ་བརྒྱད་ཅུར་ཉེ་བའི་ཡར་སྔོན་གྱི་དོན་རྐྱེན་ཞིག་ལ་དྲན་གསོ་བྱས་ཡོད། དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་། སྲིད་བློན་གཞོན་པའི་གྲས་རྒྱ་ནག་དམངས་ཆེན་གྱི་མགོ་གཙོ་ཀྲང་ཏིག་ཅང་སོགས་ཀྱིས་སྣེ་འཁྲིད་དེ། དམག་མི་དང་ཉེན་རྟོག་པ། ནན་ཅིན་གཡུལ་འཁྲུག་ནང་ཞུགས་མྱོང་མཁན་རྒན་འཁོགས། རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་སྐུ་ཚབ་བཅས་མི་ཁྲི་ལྷག་འཛོམས་ཏེ། འཛམ་གླིང་ཞི་བདེའི་མིང་ཐོག་ནས་འདས་མཆོད་བསྒྲུབས་ཏེ་གཏམ་བཤད་སྤེལ་ཡོད།

སྔར་ལོ་ཉི་ཧོང་གི་སྲིད་འཛིན་ཤིང་ཛོ་ཨ་བྷེ་ཡིས་ཉི་ཧོང་རྒྱལ་སར་ཡོད་པའི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འདས་གྲོངས་སུ་སོང་བའི་ཉི་ཧོང་གི་དམག་མིའི་དྲན་རྟེན་ལྷ་ཁང་ལ་མཆོད་འབུལ་དུ་བསྐྱོད་པར། རྒྱ་ནག་གཙོ་བྱས་ཏེ་ཀོ་རི་ཡ་དང་ཐེ་ཝན་སོགས་ཀྱིས་སྐྱོན་བརྗོད་བྱས་ཏེ། ཉི་ཧོང་གིས་དམག་ཆེན་གཉིས་པའི་བྱས་ཉེས་ལ་དགོངས་དག་ཞུ་རྒྱུའི་ཚབ་ཏུ་མི་མང་གི་སེམས་ཀྱི་རྨ་ཁ་རྙིང་པར་ཟུག་གཟེར་གསར་པ་སློང་གི་ཡོད་ཚུལ་བརྗོད།

ཉི་ཧོང་ལ་འཁོན་ལན་སློག་ཆེད། ད་ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ལྷན་འཛོམས་སྟེང་། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་ནི་ནན་ཅིན་དམར་གསོད་ཆེན་མོར་རྒྱལ་ཁབ་ཐུན་མོང་གིས་འདས་མཆོད་སྒྲུབ་པའི་ཉིན་མོར་གཏན་འབེབས་བྱས་ཤིང་། ད་རེས་འདས་མཆོད་དང་བསྟུན་ཏེ་ཞི་ཅིན་ཕིན་གྱིས་ཉི་ཧོང་དམག་མིས་རྒྱ་ནག་གི་མི་འབུམ་གསུམ་ལྷག་བསད་ཡོད་སྐོར་བསྒྲགས། འོན་ཀྱང་དེར་ཉི་ཧོང་གིས་ངོས་ལེན་བྱས་མེད་པ་མ་ཟད། རྒྱ་ནག་གིས་མང་ཚོགས་ལ་ཞེན་འཁོན་བསླངས་ཏེ་དམག་ཆེན་གསུམ་པ་ཞིག་ལ་རེ་འབོད་བྱེད་ཀྱིན་ཡོད་པའི་སྐྱོན་བརྗོད་བྱས།

ལོ་གཅིག་གཉིས་གོང་ནས་བཟུང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་ཁག་ཅིག་གི་བདག་དབང་ཐོག རྒྱ་ནག་དང་ཉི་ཧོང་བར་རྩོད་གླེང་བྱུང་སྟེ། རྒྱལ་ཁབ་གཉིས་བར་དམག་འཁྲུག་གི་ཉེན་ཁར་ཐུག་པ་དང་བསྟུན་ཏེ། རྒྱ་ནག་གིས་མང་ཚོགས་སྐུལ་སློང་བྱས་ཏེ་རྒྱ་ནག་པེ་ཅིན་སོགས་སུ་ཡོད་པའི་ཉི་ཧོང་གི་རླངས་འཁོར་དང་བཟོ་གྲྭ་ཁག་ལ་གཏོར་བཅོམ་བཏང་། འདི་ནི་རྒྱ་ནག་གིས་སྲིད་གཞུང་ལ་མིང་འཆལ་མི་འབྱུང་ཆེད་དང་རྒྱལ་སྤྱིར་མངོན་གསལ་མེད་པའི་ཐོག་ནས་ཉི་ཧོང་གི་གཉའ་གཅོག་ཐབས་ཀྱི་ལྐོག་ཇུས་རེད།

དེང་སྐབས་འཛམ་གླིང་རྒྱ་ནག་ལ་ཆེས་ཞེད་སྣང་སྐྱེ་ས་དང་འཛེམ་ཟོན་བྱེད་ས་དེ། རྒྱ་ནག་གི་དམག་དཔུང་དང་མཚོན་ཆ་མིན་པར་རྒྱ་རིགས་མང་ཚོགས་ཀྱི་ཁ་དམག་ཡིན། དེ་ནི་རྒྱ་མི་རིགས་ཀྱིས་འཛམ་གླིང་སྤྱིའི་མི་འབོར་གྱི་བརྒྱ་ཆའི་བཅུ་ལྷག་ཟིན་ཡོད་པ་དང་གཅིག མའོ་ཡིས་ཀྲུང་གོར་མི་དུང་ཕྱུར་བཅུ་གསུམ་ཡོད་ལ་དམག་ཀྱང་དུང་ཕྱུར་བཅུ་གསུམ་ཡོད་ཅེས་པའི་སློབ་གསོ་དེས་སྐྱེད་པའི་རྒྱ་མི་རིགས་ཀྱི་ཞེན་ཁོག་དང་གཉིས། རྒྱ་ནག་དམར་གཞུང་ལ་མང་ཚོགས་བསླུ་འགུག་གི་གཡོ་སྒྱུ་ཆེ་བ་དང་གསུམ། རྒྱུ་མཚན་འདི་གསུམ་གྱིས་རྒྱ་མི་རིགས་ལ་ཕོག་ཐུག་བཟོས་ན། རྡུལ་ཕྲན་མཚོན་ཆའི་ཁ་གཏད་དུ་ལངས་པ་ལས་ཀྱང་ཉེན་ཚབས་ཆེ་བར་ངོས་འཛིན་བྱེད།

བོད་དང་ཡུ་གུར་སོག་པོ་བཅས་ཀྱི་སྟེང་ལའང་རྒྱ་ནག་གཞུང་གིས་ལག་ཆ་འདི་བེད་སྤྱོད་གཏོང་གི་ཡོད། ཏཱ་ལའི་བླ་མ་བདུད་རེད་ཟེར་བ་དང་། ཁོས་རྒྱ་ནག་ཆིག་སྒྲིལ་དང་མི་མང་བདེ་འཇགས་དཀྲུག་གི་ཡོད་ཟེར་བ་དེས། ༧གོང་ས་མཆོག་གི་ཕེབས་ལམ་དུ་སྐད་འབོད་བྱེད་མཁན་རེ་ཟུང་འབྱུང་གི་ཡོད་པ་དང་། ༢༠༠༨ ལོའི་བོད་བོད་མིའི་ཞི་རྒོལ་དང་ ༢༠༠༩ ལོའི་ཡུ་གུར་གྱེན་ལངས་རྗེས་རྒྱ་ནག་གྲོང་ཁྱེར་ཁག་ཏུ་མི་རིགས་དབྱེ་འབྱེད་ཆེན་པོ་བྱུང་བ་དེ་དག་གི་རྒྱབ་ཏུའང་རྒྱ་ནག་གཞུང་ཡིབ་ཡོད་མོད། འཛམ་གླིང་མི་མང་གིས་རྒྱ་མི་རིགས་ཚོས་རང་གི་ཚབ་རང་གིས་མཚོན་ཐུབ་པའི་ཉིན་མོ་ཞིག་ལ་རེ་སྒུག་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༦ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༢༠ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese