མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ་གནང་།

བོད་ཀྱི་དུས་བབ།
༢༠༡༤/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་ཐོན་པར་དེ་རིང་སྔ་དྲོར་བོད་ནང་གི་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་སྐལ་བཟང་ཡེ་ཤེས་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

ད་ལྟ་རང་འདི་ག་གསར་ཁང་གི་གློག་འཕྲིན་ནང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༡།༢༠ ཙམ་ལ་ཁམས་དཀར་མཛེས་རྟའུ་ཉ་མཚོ་དགོན་པའི་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

དེ་རི་ཕྱི་དྲོར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུའང་གོང་གསལ་གནས་ཚུལ་དང་པར་ཁག་ཅིག་བརྒྱུད་འགོད་བྱེད་བཞིན་འདུག་ཀྱང་། ད་སྔ་ཁོང་གི་ལོ་དང་ནང་མིའི་གནས་ཚུལ། རང་ལུས་མེར་བསྲེགས་རྗེས་གནས་ཚུལ་ཅི་བྱུང་སོགས་ཞིབ་ཕྲ་གང་ཡང་རག་ཐུབ་མ་སོང་བས་གནས་ཚུལ་ཐོན་རིམ་བཞིན་ཇེ་གསལ་དུ་གཏོང་ངེས་ཡིན།

གནས་ཚུལ་ཐོན་རིམ་གཉིས་པ། དེ་རིང་རང་ལུས་མེར་བསྲེགས་གནང་མཁན་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྟའུ་ཉ་མཚོ་དགོན་པའི་རྒྱ་གཞུང་གི་ལྟ་སྲུང་ཉེན་རྟོག་ལས་ཁུངས་སྒོ་འགྲམ་དུ། “༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་དབང་སྤྲོད་དགོས།” ཞེས་སྐད་འབོད་གནང་བཞིན་སྐུ་ལུས་མེར་བསྲེགས་གནང་ཡོད་འདུག

ཅུང་ཙམ་རྗེས་རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་ཁོང་གི་སྐུ་ཕུང་རྟའུ་རྫོང་ཉེན་རྟོག་ལས་ཁུངས་སུ་བཙན་འཁྱེར་བྱས་ཡོད་འདུག ས་གནས་མང་ཚོགས་ཕོན་ཆེན་པོ་འཛོམས་ཏེ། སྐལ་བཟང་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ཕྱིར་མང་ཚོགས་ལ་སྤྲོད་དགོས་པ་དང་། ཁོང་སྐུ་གྲོངས་ཟིན་ཡོད་སྟབས་བོད་ལུགས་དགོན་པའི་འགྲོ་སྟངས་ལྟར་འདས་པོར་ཆོས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

གྲྭ་སྐལ་བཟང་ཡེ་ཤེས་ལགས་སྔོན་ཆད་རྒྱ་གར་ནང་ཕེབས་ཏེ་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་ཡོད་པ་དང་། རྗེས་སུ་ཕྱིར་བོད་ནང་ལོག་རྗེས་དགོན་པའི་གྲྭ་བ་ཆུང་ཆུང་ཚོ་དང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་རིག་གནས་འཆད་སྤེལ་སོགས་ཀྱི་ཕྱག་ལས་གནང་བཞིན་ཡོད་འདུག ཁོང་གི་འཁྲུངས་ཡུལ་རྟའུ་ཐེ་ཝ་ཡུལ་ཚོའི་གྲོང་པ་ཡིན་པ་དང་། ཁོང་ད་ལྟ་རང་ལོ་ ༢༧ ཡིན་ཞིང་ཕ་མིང་ལ་བྱམས་པ་དང་མ་མིང་ལ་རྡོ་རྗེ་ཞུ་བཞིན་ཡོད་འདུག

གནས་ཚུལ་ཐོན་རིམ་གསུམ་པ། ཁ་སང་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་མ་ཐག རྒྱ་གཞུང་ཉེན་རྟོག་པ་མང་པོ་བསླེབས་ཏེ་ཁོང་གི་ལུས་ལ་མེ་འབར་བཞིན་དུ་རླངས་འཁོར་ནང་གཡུགས་ཏེ་འཁྱེར་ཡོད་པ་དང་། སྐབས་དེར་ས་གནས་བོད་མི་སྐྱ་སེར་མང་པོ་འཛོམ་ཡོང་སྐབས་ཉེན་རྟོག་པས་མེ་མདའ་བརྒྱབ་པ་དང་། རླངས་འཁོར་མང་པོས་ཉེན་བརྡའི་དུང་སྒྲ་བརྒྱབ་པ་སོགས་བྱས་ཏེ་མང་ཚོགས་ལ་འཇིགས་སྐུལ་བྱས་ཡོད་འདུག

གྲྭ་སྐལ་བཟང་ཡེ་ཤེས་ལགས་ད་ལྟ་རང་ལོ་ ༣༨ ཡས་མས་ཡིན་པ་དང་། ཁོང་སྔོན་མ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དུ་ལོ་བདུན་བརྒྱད་རིང་སློབ་གཉེར་གནང་ཡོད་ཅིང་། རྗེས་སུ་ཕྱིར་བོད་ནང་ལོག་རྗེས་ཉ་མཚོ་དགོན་པ་གཙོས་པའི་རྟའུ་དང་བྲག་མགོ དཀར་མཛེས་སོགས་སུ་མང་ཚོགས་ཀྱི་ཡིག་རྨོངས་སེལ་ཐུབ་ཐོག་ཕྱག་ལས་མང་པོ་གནང་ཡོད་པ་དང་། ས་གནས་དེ་ཁུལ་གྱི་མཁན་སྤྲུལ་ཚོར་མཉམ་འབྲེལ་བྱས་ཏེ་ཕྱག་ལས་གནང་ཡོད་པ་མ་ཟད། ཁོང་གི་ཕ་ཡུལ་རྟའུ་རུ་མི་ ༡༠༠ ལྷག་ཡོད་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཀྱང་བཙུགས་ཡོད་འདུག

གཞན། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན། རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་རང་ལོ་ ༢༩ ཡིན་པའི་ཚེ་དབང་ནོར་བུ་(ནོར་ཁོ།)ལགས་ཀྱིས་རྫོང་གི་ལས་ཁུངས་སྒོ་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ། “བོད་ལ་རང་དབང་དགོས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས།”ཞེས་སྐད་འབོད་སྒྲོག་བཞིན་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད།

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚོས་༧གོང་ས་མཆོག་དགུང་གྲངས་ ༧༨ བཞེས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་སྐབས། རྒྱ་གཞུང་ཉེན་རྟོག་པ་མང་པོ་འབྱོར་ཏེ་མང་ཚོགས་ཐོག་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། གཞན་སྐྱ་སེར་ཕ་མོ་ ༡༥ ཙམ་འཛིན་བཟུང་བྱས་ཡོད།

 

 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༧ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 7

  1. ཕུན་བཟང་། says:
    ལོ་ 12 སྔོན།

    ཉིན་དེར་མེར་བསྲེག་གནས་ཚུལ་བྱུང་མ་ཐག་བོད་མི་སྐུ་ཕུང་སྲུང་སྐྱོབ་མཁན་ལ་དམག་མིས་མེ་མདའ་བརྒྱབ་འདུག དགེ་མདུན་པ་གཉིས་ལ་མེ་མདའ་ཕོག་ཡོད་པ་དང་བོད་མི་གཞན་ཁག་ཅིག་ལ་ཉེས་རྡུང་ཚབས་ཆེན་བཏང་འདུག་ཟེར

    Reply
  2. ཤིང་ལོ། says:
    ལོ་ 12 སྔོན།

    ཁོང་སྔོན་མ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དུ་ལོ་བདུན་བརྒྱད་རིང་སློབ་གཉེར་གནང་ཡོད་ཅིང་། རྗེས་སུ་ཕྱིར་བོད་ནང་ལོག་རྗེས་ཉ་མཚོ་དགོན་པ་གཙོས་པའི་རྟའུ་དང་བྲག་མགོ དཀར་མཛེས་སོགས་སུ་མང་ཚོགས་ཀྱི་ཡིག་རྨོངས་སེལ་ཐུབ་ཐོག་ཕྱག་ལས་མང་པོ་གནང་ཡོད་པ་དང་། ས་གནས་དེ་ཁུལ་གྱི་མཁན་སྤྲུལ་ཚོར་མཉམ་འབྲེལ་བྱས་ཏེ་ཕྱག་ལས་གནང་ཡོད་པ་མ་ཟད། ཁོང་གི་ཕ་ཡུལ་རྟའུ་རུ་མི་ ༡༠༠ ལྷག་ཡོད་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཀྱང་བཙུགས་ཡོད་འདུག

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    མེར་སྲེག་གི་འོངས་དོན།།

    རྒྱ་གཞུང་ལ་སྙིང་ན།།
    བོད་རིགས་ལ་ཡ་ང་།།

    ཆབ་སྲིད་ལ་མགོ་འཐོམས།།
    བཙན་འོག་དེ་རྒྱུན་རིང་།།

    མི་རིགས་ཀྱི་དབྱེ་འབྱེད།།
    དཔལ་འབྱོར་གྱི་གྲལ་རིམ།།

    རང་ས་རུ་གྲངས་ཉུང་།།
    ཕྱི་མི་ཡིས་གདུག་རྩུབ།།

    མེར་སྲེག་ལས་ཅི་བྱེད།།
    རྒྱ་གཞུང་གི་ལས་བྱེད།།

    རྒྱ་རིགས་ཚོས་ཤེས་དགོས།། །།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    དེ་རིང་ནས་བཟུང་།

    རང་ལུས་མ་སྲེག
    གཞན་ལུས་མ་སྲེག
    རང་སེམས་མ་སྲེག
    གཞན་སེམས་མ་སྲེག

    རང་སྲོག་མ་དོར།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རང་ལུས་མེར་སྲེག་མ་གཏོང་།།
    གཞན་ལུས་གནོད་པ་མ་བསྐྱལ།།
    རང་ཉིད་འཚོ་བཞུགས་ཐོག་ནས།།
    གཞན་གྱི་དབང་ལས་རྒྱལ་དགོས།།

    བོད་པས་བོད་མིའི་སྲོག་སྐྱོབས་དགོས།།
    བོད་པས་རྒྱ་མིར་གནོད་མ་བསྐྱལ།།
    རང་ས་རང་གིས་བཟུང་བའི་ཐོག།
    རང་ཐག་རང་གཅོད་ལ་བརྩོན་དགོས།།

    Reply
  6. དགེ་ལེགས། says:
    ལོ་ 12 སྔོན།

    སྐྱབས་གནས་དགེ་འདུན་པ་ཞིག་གི་རིན་ཆེན་ཚེ་སྲོག་ཤོར་བ་དེའི་ཆེད་དུ་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
    ཁོང་གིས་རང་གི་མི་རིགས་འདིའི་ཆེད་དུ་ཕན་ཅུང་ཙམ་གསོ་ཐུབ་ན་དགོངས་ཏེ་སྐུ་ལུས་མེ་ལ་བསྒྲོན་པའི་སྙིང་སྟོབས་ལ། སྙིང་ཁུངས་རུས་པའི་སྟེང་ནས་ཡི་རངས་བསྟོད་སྔགས་ཞུ་རྒྱུ་ཡིན།
    འོན་ཀྱང་ཁ་སིང་དེ་རིང་བོད་མི་གཞོན་སྐྱེས་ལུས་ལང་ཚོ་དར་ལ་བ་པ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་མེད་བརླག་ཆགས་ཀྱིན་ཡོད་པ་འདིས། བོད་དང་བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཁེ་གྱོང་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་ངས་ཞུ་ཐུབ་མ་སོང་། ཀྱེ་མ་་་་་་ཀྱེ་ཧུད་་་་་་

    Reply
  7. མཁར་སྟོད། says:
    ལོ་ 12 སྔོན།

    རང་ལུས་མེར་བསྲེག་གི་ངོ་རྒོལ་དེ་ནི་གཞན་ལ་གནོད་འཚེ་མི་ཕོག་པའི་ཚད་མཐོ་བའི་ངོ་རྒོལ་བྱ་ཐབས་ཤིག་རེད། བྱ་ཐབས་དེའི་ཁ་གཏད་ནི་ལོ་ངོ་དྲུག་ཅུ་ལྷག་གི་རིང་རྒྱ་ནག་གི་བོད་ཐོག་འཛིན་པའི་དྲང་བདེན་མ་ཡིན་པའི་སྲིད་ཇུས་དེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese